དབུ་ཤོག>གསར་འགྱུར།
  • ཆབ་མདོས་ཞིང་འབྲོག་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལམ་སྲོལ་ཆེན་པོ་བཞི་གཏོད་རྒྱུ་ཡིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-07-10

    གསར་འགོད་པས་ཆབ་མདོ་ནས་ཤེས་རྟོགས་བྱས་པར་གཞིགས་ན། 2015ལོར་ཆབ་མདོས་ཞིང་འབྲོག་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལམ་སྲོལ་གང་མགྱོགས་བཙུགས་ནས་ཞིང་འབྲོག་ལས་ཁྱད་ལྡན་ཐོན་ལས་ཀྱི་དར་རྒྱས་གོང་འཕེལ་དང་ཞིང་འབྲོག་པའི་ཡོང་འབབ་འཕར་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།

    ཞིང་འབྲོག་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལམ་སྲོལ་ཤུགས་ཆེན་གཏོད་རྒྱུ་ཡིན་པ། འབྲུ་རིགས་ཀྱི་བདེ་འཇགས་འགན་ལེན་བྱེད་པ་དང་། འབྲུ་རིགས་ཀྱི་སྤུས་ཚད་མཐོ་རུ་གཏོང་བ། འབྲུ་རིགས་ཀྱི་གྲུབ་ཆ་ལེགས་སུ་གཏོང་བ། འབྲུ་རིགས་ཚོང་ཟོག་ཅན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་རྨང་གཞིའི་ཐོག་ཆབ་མདོས་ཞིང་འབྲོག་པར་ཡོང་འབབ་མང་དུ་གཏོང་བའི་གཙོ་གནད་མཐའ་འཁྱོངས་ཀྱིས་ཁྲོམ་རར་ཁ་ཕྱོགས་ནས་ཁང་གཙང་ས་མཐོའི་ལྗང་མདོག་དང་། ཁྱད་ལྡན། དྭངས་གཙང་བཅས་ཀྱི་གསོ་ཚགས་ལས་རིགས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། རོང་སའི་འབྲོག་ལས་དང་། གནོད་མེད་སྔོ་ཚལ་འདེབས་ལས། སྤྲོ་གསེང་ཞིང་འབྲོག་ལས་བཅས་འཕེལ་རྒྱས་ཤུགས་ཆེན་བཏང་ནས་འདེབས་ལས་ཆེད་ལས་ཅན་དང་། གཞི་ཁྱོན་ཅན། ཐོན་ལས་ཅན་བཅས་སུ་མངོན་འགྱུར་ཡོང་བ་བྱས་ནས་ཞིང་འབྲོག་ལས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་རྒྱུ་ཡིན་པ་རེད།

    ཆབ་མདོའི་ས་གནས་དེ་གའི་ཁྱད་ལྡན་ཞིང་འབྲོག་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་རྒྱུ་ཡིན་ལ། ས་གནས་དེ་གའི་ཐོན་ཁུངས་ཀྱི་ཆ་རྐྱེན་དང་ཐོན་ལས་ཀྱི་རྨང་གཞི་ནས་འགོ་འཛུགས་རྒྱུ་མཐའ་འཁྱོངས་ཀྱིས་ལེགས་ལྡན་ཐོན་ལས་གཏོད་པའི་ཁར། ཐོན་བབས་མཐོ་བ་དང་། སྤུས་ཀ་ལེགས་པ། ཕན་འབྲས་ཆེ་བ། སྣོད་བཅུད། བདེ་འཇགས་བཅས་ལྡན་པ་དང་། ཆབ་མདོའི་ས་མཐོའི་ཁྱད་ཆོས་ལྡན་པའི་ནས་དང་། རྒུན་འབྲུམ། དབྱར་རྩྭ་དགུན་འབུ་སོགས་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ནས་ཚན་རྩལ་གསར་སྤེལ་དང་། སོན་བཟང་ལེགས་བཅོས། གཞི་ཆེན་རྒྱ་སྐྱེད། ཆེ་འགུག་ལེགས་འདྲེན། སྣེ་འདྲེན་གྱིས་སྣེ་ཁྲིད་བྱེད་པ། རྟེན་གཞིར་སྐུལ་འདེད་གཏོང་བ་སོགས་ཀྱི་བྱ་ཐབས་བརྒྱུད་ད་ཡོད་ཀྱི་འཕེལ་རྒྱས་ཆུ་ཚད་མཐོ་རུ་གཏོང་བ་དང་། སྤུས་ཚད་ཀྱི་བདེ་འཇགས་ལ་ཤུགས་རྒྱག་པ། སྤུས་ཚད་མཐོ་རུ་གཏོང་རྒྱུར་ལས་དོན་མང་ཙམ་སྒྲུབ་པ་བཅས་བྱ་རྒྱུ་རེད།

    ཁྱད་ལྡན་ཞིང་འབྲོག་ལས་རྟེན་གཞི་འཛུགས་སྐྲུན་ཤུགས་ཆེན་བྱ་རྒྱུ་ཡིན་པ། གཙོ་གནད་ཤང(གྲོང་རྡལ)དང་། སློབ་གྲྭ དགོན་སྡེ་བཅས་ཀྱི་སྔོ་ཚལ་གླིང་འཛུགས་སྐྲུན་ཤུགས་ཆེན་བྱ་རྒྱུ་དང་། གྲོང་ཁྱེར་དང་རྫོང(ཆུས)11གི་སྔོ་ཚལ་འགན་ལེན་རྟེན་གཞི་འཛུགས་སྐྲུན་འཐུས་ཚང་དུ་གཏོང་རྒྱུ་རེད། རི་བོ་ཆེའི་འབྲི་གཡག་སྡོམ་གསོས་དང་དེ་བཞིན་ལས་སྣོན་རྟེན་གཞི་འཛུགས་སྐྲུན་ལ་ཤུགས་བརྒྱབ་ནས་ལོར་འབྲི་གཡག་མགོ་གྲོང་ཁྲི་1.5་སྡོམ་གསོས་བྱ་རྒྱུ་དང་ཚགས་ཤ་སྤྱི་རྒྱ་ཁྲི་75ལས་སྣོན་བྱ་རྒྱུ་རེད། ཕྱུགས་རིགས་ཀྱི་རྒྱུད་པ་འདེམས་གསོ་དང་ཁྱབ་གདལ་མགྱོགས་སུ་གཏོང་བ་དང་། ཁྱད་ལྡན་འབྲོག་ལས་གསོ་ཚགས་ལས་རིགས་འཕེལ་རྒྱས་ཤུགས་ཆེན་གཏོང་བ། ཕྱུགས་རིགས་དང་ཁྱིམ་བྱ་ཚད་ལྡན་ཅན་གྱི་གསོ་ཚགས་དཔེ་སྟོན་གཏོད་པའི་བྱེད་སྒོ་སྤེལ་བ་བཅས་བྱས་ནས་ཚད་ལྡན་ཅན་དང་གཞི་ཁྱོན་ཅན་གྱི་གསོ་ཚགས་ར་བ་2ནས་3བར་འཕེལ་རྒྱས་གཏོང་རྒྱུ་དང་། རྩྭ་ར་དབྱེ་མཚམས་གཅོད་པའི་ལས་དོན་གཞི་རྩའི་ཆ་ནས་ལེགས་སྒྲུབ་དང་། རྩྭ་ཕྱུགས་དོ་སྙོམས་གཞི་རྩའི་ཆ་ནས་ཡོང་བ། རྒྱུད་བཟང་ཕྱུགས་རིགས་ཁྱབ་ཚད་20%ཡན་ཟིན་པ་བྱེད་པ། ལག་གསོས་དང་ཕྱེད་ལག་གསོས་བྱེད་ཚད་50%ཟིན་པ། ཤ་དང་འོ་མ་ཏུན་ཁྲི་8.6དང་ཏུན་8.3སོ་སོར་ཟིན་པ་བཅས་བྱ་རྒྱུ་རེད།

    སྣེ་འདྲེན་ཁེ་ལས་ལ་རོགས་སྐྱོར་ཤུགས་ཆེན་བྱ་རྒྱུ་ཡིན་ལ། རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་ཐོན་ལས་ཅན་གྱི་འཕེལ་རྒྱས་སྲིད་ཇུས་བདེ་སྤྱོད་ཡག་པོ་དང་། བེད་སྤྱོད་གནད་ལ་འཁེལ་བ། བེད་སྤྱོད་འདང་ངེས་བཅས་བྱས་ཏེ་ཞིང་འབྲོག་ལས་ཀྱི་ཐོན་ལས་སྣེ་འདྲེན་ཁེ་ལས་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བ་དང་། དངོས་ཤུགས་ཆེ་བ་དང་། ཕན་འབྲས་ལེགས་པ། མདུན་ལམ་ཡག་པ་བཅས་ཀྱི་ནང་སའི་ཁེ་ལས་ཆེ་གྲས་3ཡན་ཆབ་མདོར་ཁྱད་ལྡན་ཞིང་འབྲོག་ཐོན་རྫས་ལས་སྣོན་བྱེད་པར་བརྩོན་ལེན་ཧུར་ཐག་བྱས་ནས་ཐོན་ལས་ཀྱི་སྦྲེལ་ཐག་རིང་དུ་གཏོང་རྒྱུ་དང་། ཁྱད་ལྡན་ཞིང་འབྲོག་ཐོན་རྫས་ཀྱི་སྤུས་ཚད་རིམ་པ་དང་དཔལ་འབྱོར་གྱི་ཕན་འབྲས་ཆེ་རུ་གཏོང་བ་དང་། ལོ་འདིའི་ནང་རང་སྐྱོང་ལྗོངས་རིམ་པའི་སྣེ་འདྲེན་ཁེ་ལས་3ལ་ཆོག་མཆན་ཐོབ་པ་དང་གྲོང་ཁྱེར་རིམ་པའི་སྣེ་འདྲེན་ཁེ་ལས་5དང་རྫོང་རིམ་པའི་སྣེ་འདྲེན་ཁེ་ལས་11སྐྱིད་སྲིང་བྱས་ནས། ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་1.5མངོན་འགྱུར་ཡོང་བ་བྱས་ཏེ་ཞིང་འབྲོག་ལས་ཐོན་ལས་ཅན་གྱི་གཉེར་སྐྱོང་བྱེད་ཚད་40%ཡན་ཟིན་པ་བྱ་རྒྱུ་་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།