དབུ་ཤོག
  • བསམ་འདུན་ཆུང་ཡང་དྲོ་སྐྱིད་འཛད་མཐའ་བྲལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-07-10

    ཉེ་ཆར། ཁྲེང་ཀོན་ཆུས་དན་བག་སྡེ་ཁུལ་ཨུ་ཡོན་ལྷན་ཁང་གི་སྒོ་རའི་ནང“བསམ་འདུན་གྱང”ཞིག་བཙུགས་ཡོད་པ་དེ་ནི་སྡེ་ཁུལ་གྱི་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི“བསམ་འདུན་ཆུང་ངུ”སྒྲུབ་རོགས་བྱེད་ཆེད། ཏང་ཡོན་ལས་བྱེད་པ་དང་སྡེ་ཁུལ་མང་ཚོགས་དབར་བཙུགས་པའི་དམིགས་བསལ་གྱི་གྱང་ཞིག་རེད།

    དན་བག་སྡེ་ཁུལ་གྱི་ལས་དོན་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན། སྡེ་ཁུལ་གྱི་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་བསམ་འདུན་ཆུང་ངུ་མངོན་འགྱུར་ཡོང་བ་དང་ཞི་མཐུན་སྡེ་ཁུལ་མཉམ་དུ་གཏོད་ཆེད། ཡུལ་མི་ཨུ་ཡོན་ལྷན་ཁང་གི་སྡེ་ཚན་ཁག་གི་འགན་འཁུར་བས་སྔ་རྗེས་སུ་དུད་ཚང་ཁག་ལ་བརྟག་དཔྱད་བྱས་པ་དང་ཡུལ་མི་དབུལ་པོའི་དགོས་མཁོ་ཤེས་རྟོགས་བྱས་རྗེས། སྡེ་ཁུལ་དུ“བསམ་འདུན་ཆུང་ཆུང་མངོན་དུ་འགྱུར། ཞི་མཐུན་སྡེ་ཁུལ་མཉམ་དུ་གཏོད”ཅེས་པའི་བྱེད་སྒོ་སྤེལ་རྒྱུའི་ཐག་གཅོད་བྱས་པས། བྱེད་སྒོའི་ནང“བསམ་འདུན་ཆུང་ངུ”20བསྡུ་ཐུབ་པ་བྱུང་ཡོད། སྡེ་ཁུལ་གྱིས་བྱེད་སྒོ་འདི་སྤེལ་བ་བརྒྱུད། དཀའ་ངལ་ཡོད་པའི་མང་ཚོགས་ལ་བརྩེ་སེམས་མཚོན་པ་དང་རོགས་སྐྱོར་བྱས་ནས་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི“བསམ་འདུན་ཆུང་ངུ”མངོན་འགྱུར་བྱེད་རོགས་བྱེད་ཀྱི་ཡོད་པ་རེད།

    “བསམ་འདུན་གྱང”བཟོས་རྗེས། རང་སྐྱོང་ལྗོངས་འགྲིམ་འགྲུལ་ཕྱོགས་བསྡུས་ཁྲིམས་འཛིན་སྤྱི་ཁྱབ་རུ་ཁག་དང་། ལྷ་ས་གྲོང་ཁྱེར་འཕྲོད་བསྟེན་ཅུས། བོད་ལྗོངས་མཐོ་གསར་འཛུགས་སྐྲུན་རྒྱུ་ཆ་ཚོགས་པ། ལྷ་ས་གྲོང་ཁྱེར་སློབ་འབྲིང་དྲུག་པ། བོད་ལྗོངས་ས་གཤིས་ཅུས་ཚོད་ལྟ་ལྟེ་གནས། བཅིངས་འགྲོལ་ནུབ་ལམ་ཁྲོམ་གཞུང་དོན་གཅོད་ཁྲུའུ་སོགས་འབྲེལ་ཡོད་ལས་ཁུངས་ཀྱི་འགོ་ཁྲིད་ཀྱིས“བསམ་འདུན་གྱང”ལ་བརྟེན་ནས་ཡུལ་མི་མང་ཚོགས་ཀྱི“བསམ་འདུན་ཆུང་ངུ”སྒྲུབ་རོགས་བྱས་པ་རེད།

    སྐལ་བཟང་སྒྲོལ་དཀར་ནི་དན་བག་སྡེ་ཁུལ་གྱི་དུད་ཚང་དབུལ་པོ་ཞིག་ཡིན་ཞིང་། ཁོང་གི་ཁྱིམ་དུ་ཕྲུ་གུ་གསུམ་ཡོད་པ་ལས་ཆུང་ཤོས་ལོ་ལྔ་ཡིན་པ་དང་རྒྱུན་དུ་གྲོང་མི་ཨུ་ཡོན་ལྷན་ཁང་གིས་ཁོང་ཚོའི་ནང་མིར་ལྟ་རྟོག་བྱེད་ཀྱི་ཡོད། ཁོང་ལ་དམིགས་བསལ་གྱི་བསམ་འདུན་མེད་པ་དང་ཁོང་གི“བསམ་འདུན་ཆུང་ངུ”ནི་ལོ་ལྔ་ལ་སླེབས་པའི་ཕྲུ་གུར་གྱོན་ཆས་གསར་པ་ཞིག་གཡོག་རྒྱུ་དེ་རེད། སོ་སོའི“བསམ་འདུན་ཆུང་ངུ”གཞན་གྱིས་ཁས་བླངས་རྗེས། བསམ་འདུན་མངོན་འགྱུར་ཐུབ་པ་བསམ་བློར་འཁོར་སྐབས་སེམས་སུ་ཧ་ཅང་དགའ་པོ་བྱུང་ཞེས་བཤད་བྱུང་།

    བརྩེ་བ་ཡོད་ཚེ་དྲོ་སྐྱིད་ལྡན། བརྩེ་བ་ཡོད་ཚེ་རེ་བ་ཆེ། བརྩེ་བ་ཡོད་ཚེ་སེམས་པ་སྒྲིལ། བརྩེ་བ་ཡོད་ཚེ་སྟོབས་ཤུགས་ལྡན། སྡེ་ཁུལ་གྱི་ལས་དོན་མི་སྣས་ལས་ཁུངས་ཁག་གི་ཏང་ཡོན་བློ་མཐུན་གྱིས་དན་བག་སྡེ་ཁུལ་གྱི་དཔལ་འབྱོར་ལ་དཀའ་ངལ་ཡོད་པའི་མང་ཚོགས་དང་རྒན་རྒོན་ཕོ་ཧྲེང་མོ་ཧྲེང་སོགས་ཉམས་ཞན་ཚོགས་སྤྱིར་རོགས་རམ་བྱས་པར་ཐུགས་རྗེ་ཆེ་ཞུས་ཤིང་། ཕྱིན་ཆད་ལོ་གསར་དང་དུས་ཆེན་གཏོང་སྐབས་ཁོང་ཚོས་མུ་མཐུད“བསམ་འདུན་ཆུང་ངུའི”བྱེད་སྒོ་སྤེལ་ནས་དཀའ་ངལ་ཡོད་པའི་མང་ཚོགས་ལ་སྡེ་ཁུལ་གྱི་ཁྱིམ་ཚང་ཆེ་མོའི་དྲོ་སྐྱིད་ཚོར་ཐུབ་པ་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།