དབུ་ཤོག>གསར་འགྱུར།
  • ​ བོད་ལྗོངས་སུ་ཁྲོམ་རའི་བྱེད་པོ་ཐོན་ཚད་ཉིན་རེར་ཆ་སྙོམས་མང་དུ་འགྲོ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-07-10

    སྡོད་གནས་ཐོ་འགོད་ཀྱི་འགྲོ་ལུགས་སྟབས་བདེ་རུ་དང་། སྲིད་འཛིན་ཞིབ་མཆན་མེད་པ་དང་ལེགས་སྒྲིག་བྱེད་པ་སོགས་ཚོང་དོན་ལམ་ལུགས་སྒྱུར་བཅོས་ཀྱི་སྲིད་ཇུས་གསར་པ་ཆ་ཚང་བཏོན་པ་དེས་ལྗོངས་ཡོངས་ཀྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་ཤུགས་ཆེན་ཕྱིན་ནས་དཔལ་འབྱོར་འཕར་ཤུགས་ཆེ་རུ་སོང་བ་རེད།

    རང་སྐྱོང་ལྗོངས་བཟོ་ཚོང་ཅུས་ཀྱི་འབྲེལ་ཡོད་འགན་ཁུར་བས་ངོ་སྤྲོད་བྱས་དོན། ལོ་སྟོད་དུ་རང་ལྗོངས་ཀྱིས་ཁྲོམ་རའི་བྱེད་པོ་སྣ་ཚོགས་18808གསར་དུ་ཐོ་འགོད་བྱས་པ་དེ་2014ལོ་དང་བསྡུར་ན་90.3%མང་དུ་སོང་བ་དང་། ཆ་སྙོམས་ཉིན་ལྟར་ཁྲོམ་རའི་བྱེད་པོ་104གསར་འཕར་བྱུང་བ་དེ་ན་ནིང་གི་དུས་མཚུངས་དང་བསྡུར་ན་92.59%འཕར་བ། ཐོ་འགོད་མ་རྩ་སྒོར་དུང་ཕྱུར་568.05ཟིན་པ་དེ་དུས་མཚུངས་དང་བསྡུར་ན་163.8%འཕར་ཡོད། མིག་སྔར་རང་ལྗོངས་ཀྱི་ཁྲོམ་རའི་བྱེད་པོ་སྤྱི་འབོར་ཁྲི་14.98ཟིན་པ་དང་ཁྲོམ་རའི་བྱེད་པོའི་ཆ་སྙོམས་ཐོ་འགོད་མ་དངུལ་སྒོར་ཁྲི་302.02ཟིན་པ་དེ་དུས་མཚུངས་དང་བསྡུར་ན་38.82%མང་དུ་ཕྱིན་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ན་ནིང་ཤར་ཚུན་རང་ལྗོངས་ཀྱིས་སྡོད་གནས་ཐོ་འགོད་ཀྱི་འགྲོ་ལུགས་སྟབས་བདེ་རུ་དང་སྲིད་འཛིན་ཞིབ་མཆན་མེད་པ་དང་ལེགས་སྒྲིག་བྱེད་པ་སོགས་ཀྱི་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་བཏོན་པ་མ་ཟད། སྔོན་ལ་ལས་གཉེར་ལག་ཁྱེར་གཉེར་བ་དང་རྗེས་ལ་ཆོག་འཐུས་ལག་ཁྱེར་སྤྲོད་པ་དང་ལག་ཁྱེར་གསུམ་གཅིག་ཏུ་འདུས་པ་སོགས་ཀྱི་ལམ་ལུགས་ཚོད་ལྟ་བྱས་པ་དེས་ཚང་མའི་ལས་གཏོད་སྤྲོ་སེམས་དང་ཁྲོམ་རའི་གསར་གཏོད་གསོན་ཤུགས་གང་ལེགས་འཕེལ་བ་བྱས་ཡོད། གཞན་ཡང་རང་ལྗོངས་ཀྱི་བཟོ་ཚོང་སྡེ་ཚན་གྱིས་ཐོ་འགོད་དབང་ཚད་གཤམ་སྤྲོད་བྱས་པས་ཁྲོམ་རར་བཏོན་པའི་མ་རྐང་ཀུང་སི་དང་ཕྱི་རྒྱལ་ཚོང་པའི་མ་འཇོག་ཀུང་སི་ཕུད་ཁེ་ལས་གཞན་གྱིས་ཐག་ཉེ་སའི་ཁོངས་གཏོགས་བཟོ་ཚོང་སྡེ་ཚན་དུ་ལས་སྒྲུབ་ཐོ་འགོད་བྱེད་ཆོག་པ་དེས་ཁྲོམ་རའི་བྱེད་པོའི་ལས་གཏོད་ལས་དར་ལ་ཤུགས་རྐྱེན་ཐེབས་པའི“འགོག་རྐྱེན”དང“བཀག་རྡོ”མེད་པ་བཟོ་ཐུབ་པ་བྱུང་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་སྒེར་གཉེར་ཁེ་ལས་ཀྱི་ཆ་སྙོམས་ཀྱི་ཐོ་འགོད་མ་རྩ་སྒོར་ཁྲི་1144.56མང་དུ་སོང་བ་དེ་དུས་མཚུངས་ལས་49.47%འཕར་ཡོད། ཁྲོམ་རའི་བྱེད་པོའི་ཐོ་འགོད་མ་རྩ་ཧྲིལ་པོའི་བསྡུར་ཚད་ལ་བལྟས་ན་ནང་ཁུལ་མ་འཇོག་ཁེ་ལས་ཀྱི་བསྡུར་ཚད་ཀྱིས་96.38%བཟུང་བ་དེ་ལྗོངས་ཡོངས་ཀྱི་དཔལ་འབྱོར་ཁྲོད་གཙོ་ཁྲིད་གནས་བབ་བཟུང་ཡོད། འགན་ཁུར་བ་དེས་དབྱེ་ཞིབ་བྱས་ནས་བརྗོད་དོན། “དེའི་ནང་སྒེར་གཉེར་ཁེ་ལས་ཀྱིས་77.37%བཟུང་ནས་ཐོ་འགོད་མ་རྩའི་སྤྱི་འབོར་ལོ་རེ་བཞིན་མང་དུ་སོང་ནས་ཨང་དང་པོར་སླེབས་པ་དང་། གཞུང་ཁོངས་དང་། མཉམ་སྡེབ། ཀུང་སི་སོགས་སྒེར་གཉེར་མིན་པའི་ནང་ཁུལ་མ་འཇོག་བསྡུར་ཚད་ཀྱིས་19.01%བཟུང་ནས་ཨང་གཉིས་པར་སླེབས་པ། གཞན་ཡང་ཁེར་རྐྱང་བཟོ་ཚོང་དུད་ཚང་གི་བསྡུར་ཚད་ཀྱིས་2.38%བཟུང་ཡོད”

    འགན་ཁུར་བ་དེས་ད་ཆ་རང་ལྗོངས་ཀྱི་ཐོན་ལས་གཉིས་པ་དང་གསུམ་པ་གོང་འཕེལ་མྱུར་པོ་བྱུང་ནས་དཔལ་འབྱོར་འཕར་བའི་ཁྲོད་ཀྱི་གནས་བབ་དང་ནུས་པ་ཉིན་བཞིན་མངོན་གསལ་དོད་དུ་སོང་སྟེ་ཁྲོམ་རའི་འདེགས་སྐྱོར་གལ་ཆེན་དང་ངལ་རྩོལ་ལས་ཞུགས་ཀྱི་ཐབས་ལམ་གཙོ་བོར་གྱུར་པ་དང་། ལྷག་པར་དུ་ཐོ་འགོད་མ་རྩ་ཐོ་འགོད་ཀྱི་ལམ་ལུགས་སྒྱུར་བཅོས་བྱས་རྗེས་ལྗོངས་ཡོངས་ཀྱི་སྒེར་གཉེར་ཁེ་ལས་ཀྱི་ཐོན་ལས་གཉིས་པ་དང་གསུམ་པ་དབྱར་མཚོ་རྒྱས་པ་ལྟར་གོང་འཕེལ་བྱུང་ཡོད་ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།