དབུ་ཤོག>གསར་འགྱུར།
  • ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་བོད་ལྗོངས་ཀྱི“ཞིང་གསུམ”འཕེལ་རྒྱས་ཐད་རྒྱབ་སྐྱོར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-07-09

    གསར་འགོད་པས་ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཉེ་ལམ་ལོ་ཤས་རིང་ཀྲུང་གོ་ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་སྔ་བར་ཕྱི་གསུམ་དུ“ཞིང་གསུམ”ལ་ཕྱོགས་པའི་ཁ་ཕྱོགས་མཐའ་འཁྱོངས་ཀྱིས་བསྟུད་མར་ལོ་11རིང“ཞིང་གསུམ”ལ་ཞབས་འདེགས་ཞུ་རྒྱུ་བརྗོད་བྱ་གཙོ་བོར་བྱས་པའི“ཡིག་ཆ་ཨང་དང་པོ”བཏོན་པའི་ཁར་གསར་གཏོད་རང་བཞིན་གྱི་བྱ་ཐབས་རབ་དང་རིམ་པ་སྤྱད་ཐོག་རང་ལྗོངས་ཀྱི“ཞིང་གསུམ”བྱ་གཞག་འཕེལ་རྒྱས་འགྲོ་རྒྱུར་རྒྱབ་སྐྱོར་བྱས་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2006ལོར་ཞིང་འབྲོག་པའི་བདེ་སྡོད་ལས་གྲྭ་ལག་ལེན་བསྟར་བ་ནས་བཟུང་ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་བདེ་སྡོད་ལས་གྲྭའི་དངུལ་བུན་གཡར་བའི་བྱ་ཐབས་གསར་པ་བཏོན་ནས་རིམ་རྩིས་ལྟར་ན་དངུལ་བུན་སྒོར་དུང་ཕྱུར་50ལྷག་ཙམ་བཏང་སྟེ་ལྗོངས་ཡོངས་ཀྱི་ཞིང་འབྲོག་པ་ཁྲི་200ལྷག་ཙམ་སྡོད་ཁང་གསར་པའི་ནང་སྤོ་ཐུབ་པ་བྱ་རྒྱུར་རོགས་སྐྱོར་བྱས་པ་དང་། རྒྱལ་ཁབ་ཕྱི་ནང་གི་གྲངས་ཉུང་དངུལ་བུན་གྱི་ཉམས་མྱོང་ལ་དཔེ་བལྟས་ནས་ཡིད་རྟོན་རིམ་པ་4དང་ཡིད་རྟོན་ཐོབ་ཚད་ཞིང་འབྲོག་དུད་ཚང་གི“གཱ་བཞིའི”གྲངས་ཉུང་ཡིད་རྟོན་དངུལ་བུན་སོགས་ཀྱི་བྱ་ཐབས་བཏོན་ནས་ཞིང་འབྲོག་པའི་ཁྱིམ་ཚང་གི་དཔལ་འབྱོར་ཡོང་འབབ་དང་ཡིད་རྟོན་ཟིན་ཐོ་སོགས་ཀྱི་གནས་ཚུལ་ལ་གཞིགས་ཏེ་ལག་ཁྱེར་སྤྲོད་པའི་ཆ་རྐྱེན་འཛོམས་པའི་ལྗོངས་ཡོངས་ཀྱི་ཞིང་འབྲོག་པར་ཡིད་རྟོན་རིམ་པ་འདེམས་པའི་ལས་དོན་སྤེལ་བ་དང་དངུལ་བུན་ལག་ཁྱེར་སྤྲད་པ་དང་སྦྲགས་ཡིད་རྟོན་ཚད་གཞི་ལོ་རེ་བཞིན་མཐོ་རུ་བཏང་ཡོད་པ་དང་། 2010ལོ་ནས་བཟུང་རིམ་རྩིས་ལྟར་ན“གཱ་བཞི”སྤྲད་ནས་དངུལ་བུན་སྒོར་དུང་ཕྱུར་290.31བཏང་ཡོད་པ་རེད།

    ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་ཡིད་རྟོན་དངུལ་བུན་གྱིས་དབུལ་སྐྱོར་ཐད་ཕན་འབྲས་ཐོན་རྒྱ་ཆེ་རུ་བཏང་བ་དང་། 2013ལོའི་ཟླ་9པ་ནས་བཟུང་ཞིང་འབྲོག་དུད་ཚང(འབྱོར་འབྲིང་དུད་ཚང་ཕུད)ཚང་མར་དུད་ཚང་དུ་དངུལ་བུན་གཏོང་བའི་ཐད་1.08%ཀྱི་དབུལ་སྐྱོར་དངུལ་བུན་ཁེ་སྤོགས་ཀྱི་སྲིད་ཇུས་ལག་ལེན་བསྟར་བ་དང་དུས་མཚུངས་བོད་ཀྱི་ཁྱད་ལྡན་ཁེ་ལས་དང་། དབུལ་སྐྱོར་སྣེ་འདྲེན་ཁེ་ལས། ཁེ་ལས་འབྲིང་ཆུང་བཅས་དང་དེ་བཞིན་སྤྱི་ཚོགས་བྱ་གཞག་རྣམ་གྲངས་ཡིད་རྟོན་དངུལ་བུན་གྱི་དབུལ་སྐྱོར་ཁྲོད་འབྲེལ་མཐུད་ཐུབ་པ་བྱས་ཏེ་དཀའ་ངལ་ཡོད་པའི་དུད་ཚང་དང་དུད་ཚང་དབུལ་པོར་འབབ་འཕར་ཡོང་རྒྱུར་སྣེ་ཁྲིད་བྱས་ཡོད་པ་རེད། 2010ལོ་ནས་2014ལོའི་ལོ་མཇུག་བར་རིམ་རྩིས་ལྟར་ན་དབུལ་སྐྱོར་དངུལ་བུན་སྒོར་དུང་ཕྱུར་290.32བཏང་ཐོག་ཞིང་འབྲོག་དུད་ཚང་ཁྱོན་ཁྲི་28ལ་རོགས་སྐྱོར་བྱས་ཡོད་པ་རེད།

    ཞིང་འབྲོག་ཁུལ་དུ་སྔར་བཞིན་དངུལ་རྩའི་སྒྲིག་གཞི་སྟོང་པའི་ཤང་གྲོང་མི་ཉུང་བ་ཞིག་ཡོད་པའི་དངོས་ཡོད་གནས་ཚུལ་ལ་དམིགས་ནས་ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་ནུས་ཤུགས་ཡོད་རྒུས“དངོས་ཁམས་གློག་རྡུལ་དང་། གློག་རྡུལ་ཡོ་བྱད། ཞིང་གསུམ་གྱི་དངུལ་རྩའི་ཞབས་ཞུ། ཟོག་འགྲེམས་ཞབས་ཞུ་བཅས་ཟུང་དུ་འབྲེལ་བའི”ཕྱོགས་བཞི་གཞི་གཅིག་གི་ཕྱོགས་གང་སར་ཁྱབ་པའི་སྣོལ་གཟུགས་རྣམ་པའི་ཞབས་འདེགས་ཞུ་སྟངས་སྤྱད་ཡོད་པ་རེད། 2010ལོ་ནས་བཟུང་དངོས་ཁམས་དྲ་ཚུགས་10བཙུགས་པ་དེ་ཞིང་འབྲོག་ཁུལ་དུ་60%ཁྱབ་ཡོད་པ་རེད། ཞིང་འབྲོག་ཁུལ་དུ་རིག་ནུས་གཏོང་སྤྲོད་མཐའ་སྣེའི་ཞབས་ཞུའི་ཡོ་བྱད་1341དང་POSདངུལ་རྩའི་ཞབས་ཞུའི་ཡོ་བྱད་1920སྤྲད་པ་དང་། “ཞིང་གསུམ”གྱི་དངུལ་རྩའི་ཞབས་ཞུའི་ས་ཚིགས་3261བཙུགས་པ་དང་ལྗོངས་ཡོངས་ཀྱི་དངུལ་རྩའི་སྒྲིག་གཞི་མེད་པའི་ཤང་(གྲོང་ལྷན)100%དང་སྲིད་འཛིན་གྲོང་ཚོ་50.22%ཁྱབ་ཡོད་པ་རེད། གསར་གཏོད་རང་བཞིན་ལྡན་པའི་ངང་རྟ་ཐོག་དངུལ་ཁང་དང་རླངས་འཁོར་དངུལ་ཁང་སོགས་སྐོར་སྐྱོད་དངུལ་རྩའི་ཞབས་ཞུའི་བྱ་ཐབས་བཏོན་པས་ཐག་རིང་ལུང་ཁུག་ཞིང་འབྲོག་པ་གྲོང་ཚོ་ནས་ཐོན་མི་དགོས་པར་དངུལ་རྩའི་ཞབས་ཞུ་ལོངས་སྤྱོད་ཐུབ་ཀྱི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།