དབུ་ཤོག>གསར་འགྱུར།
  • ལྷོ་ཁའི་ལོ་སྟོད་ཀྱི་ཁྲལ་བསྡུའི་ཡོང་འབབ་ཀྱིས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-07-09

    འདི་ལོའི་ལོ་འགོ་ནས་བཟུང་ལྷོ་ཁ་ས་ཁུལ་རྒྱལ་ཁྲལ་ཅུས་ཀྱིས“རྒྱུན་རྣམ་གསར་པར་རྒྱུས་མངའ་ལོན་པ་དང་། རྒྱུན་རྣམ་གསར་པ་དང་བསྟུན་པ། རྒྱུན་རྣམ་གསར་པར་སྣེ་ཁྲིད་བཅས”ཁྲིད་སྟོན་དུ་བྱ་རྒྱུར་དམ་པོར་དམིགས་ཏེ་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་། ཁྲིམས་ལྟར་བོད་སྐྱོང་བ། ཁྲིམས་ལྟར་ཁྲལ་དོན་སྐྱོང་བ་བཅས་ཀྱི་ལས་དོན་ཁག་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་པར་ལོ་སྟོད་དུ་ས་ཁུལ་དེ་ཡོངས་ལ་ཁྲལ་འབབ་ཁག་གི་ཁྲལ་བསྡུ་སྒོར་དུང་ཕྱུར་9.83ཟིན་ནས་དུས་མཚུངས་ལས་སྒོར་དུང་ཕྱུར་1.89འཕར་བའི་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་སླར་ཡང་བཏོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ལོ་སྟོད་དུ་ལྷོ་ཁ་ས་ཁུལ་གྱི་ཁྲལ་འབབ་ཁག་གི་ཁྲལ་བསྡུ་དེ་ལོ་འཁོར་མོའི་ཁྲལ་བསྡུའི་འཆར་གཞིའི་54.59%ཟིན་ཏེ་དུས་ཚོད་ཀྱི་མྱུར་ཚད་ཀྱི་བརྒྱ་ཆའི་གྲངས་5ལས་བརྒལ་བ་དང་དུས་མཚུངས་ཀྱི་ཁྲལ་བསྡུའི་བསྡོམས་འབོར་གྱིས་སླར་ཡང་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཐོག་དུས་ཚོད་དང་ལས་འགན་གཉིས་ཀ་ཕྱེད་ཀར་སླེབས་པའི་དམིགས་ཚད་བདེ་བླག་ངང་མངོན་འགྱུར་ཐུབ་ཡོད། དེའི་ཁྲོད་ས་ཁུལ་གྱི་སྒོར་དུང་ཕྱུར་7.15དང་། ལྷུན་རྩེ་རྫོང་གི་སྒོར་ཁྲི་5939 ཟངས་རི་རྫོང་གི་སྒོར་ཁྲི་4661བཅས་བསྡོམས་སྒོར་དུང་ཕྱུར་8.21ཟིན་པ་དེས་ཁྲལ་བསྡུའི་བསྡོམས་འབོར་གྱི་84%བཟུང་བ་དང་། ཁྲལ་རིགས་ལ་དབྱེ་ནས་བལྟས་ན་ཁེ་ལས་ཀྱི་ཐོབ་ཁྲལ་སྒོར་དུང་ཕྱུར་3.29དང་། གནས་ཐང་འཕར་ཁྲལ་སྒོར་དུང་ཕྱུར་2.64 ལས་གཉེར་དཔྱ་ཁྲལ་སྒོར་དུང་ཕྱུར་1.96བཅས་ཟིན་ནས་བསྡོམས་སྒོར་དུང་ཕྱུར་7.89ཟིན་ཏེ་ཁྲལ་བསྡུའི་བསྡོམས་འབོར་གྱི་80%བཟུང་བ། ལས་རིགས་ལ་དབྱེ་ནས་བལྟས་ན་བོགས་གཏོང་དང་ཚོང་དོན་ཞབས་ཞུའི་ལས་རིགས་ཀྱི་སྒོར་དུང་ཕྱུར་3.27དང་། སྡེབ་ཚོང་དང་སིལ་ཚོང་ལས་རིགས་ཀྱི་སྒོར་དུང་ཕྱུར་3.03 བཟོ་སྐྲུན་ལས་རིགས་ཀྱི་སྒོར་དུང་ཕྱུར་1.02བཅས་བསྡོམས་སྒོར་དུང་ཕྱུར་7.32ཟིན་ནས་ཁྲལ་བསྡུའི་བསྡོམས་འབོར་གྱི་74%བཟུང་བ། ཁེ་ལས་ཀྱི་རིགས་ལ་དབྱེ་ནས་བལྟས་ན་མ་རྐང་ཀུང་སིའི་སྒོར་དུང་ཕྱུར་8.55དང་། གཞུང་ཁོངས་ཁེ་ལས་ཀྱི་སྒོར་ཁྲི་4377 སྒེར་གཉེར་ཁེ་ལས་ཀྱི་སྒོར་ཁྲི་3717བཅས་བསྡོམས་སྒོར་དུང་ཕྱུར་9.36ཟིན་ནས་ཁྲལ་བསྡུའི་བསྡོམས་འབོར་གྱི་95%བཟུང་བ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།