དབུ་ཤོག>གསར་འགྱུར།
  • ལྷ་སས་གཞི་རིམ་གྱི་ངལ་རྩོལ་ལས་ཞུགས་འགན་སྲུང་སྟེགས་བུ་བཏོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-07-09

    ཉེ་དུས་གསར་འགོད་པར་ལྷ་སར་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ནས་ཤེས་རྟོགས་བྱུང་བར། 2015ལོ་ནས་2017ལོའི་བར་ཅུས་དེས“གྲོང་ཁྱེར་དང་གྲོང་གསེབ་གཅིག་འདོམས་དང་ཐོན་ཁུངས་བསྡུ་སྒྲིལ་བྱེད་པ་དང་། མ་ལག་འཐུས་ཚང་དང་རྨང་གཞི་བརྟན་དུ་གཏོང་བ། ཞབས་ཞུ་ཚད་ལྡན་དང་སྤྱི་ཡོངས་ལ་སྐུལ་འདེད་གཏོང་བ”བཅས་ཀྱི་བླང་བྱ་གཞིར་བཟུང་ད་ཡོད་ཀྱི་རྨང་གཞིར་གཞི་ཚུགས་པ་དང་། ཞབས་ཞུའི་ནུས་པ་འཐུས་ཚང་དུ་གཏོང་བ། གཞི་རིམ་གྱི་ཞབས་ཞུའི་ཆ་ཚད་དང་སྤུས་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་གཞི་རིམ་གྱི་ངལ་རྩོལ་ལས་ཞུགས་ཀྱི་སྤྱི་ཚོགས་འགན་སྲུང་སྟེགས་བུ་གཏོད་པའི་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།

    ཞིབ་ཕྲའི་ལས་འགན་ནི་2015ལོའི་ལོ་མཇུག་ཏུ་སླེབས་སྐབས་གྲོང་ཁྱེར་དེ་ཡོངས་ཀྱི་50%ཡི་ཁྲོམ་གཞུང(ཤང་གྲོང)དང་སྡེ་ཁུལ(གྲོང་ལྷན)གྱི་ཞབས་ཞུའི་སྟེགས་བུ་གཏོད་པ་དང་། དེ་མིན་རྫོང་གི་རྫོང་སྲིད་གཞུང་གནས་སའི་ཤང་གྲོང་སྟེགས་བུ་དང་གྲོང་ལྷན་སྟེགས་བུ་གཏོད་པ། གྲོང་ཚོ་རིམ་པའི་ངལ་རྩོལ་འགན་སྲུང་ལས་རོགས་པའི་འགན་གཅིག་ལྕོགས་འཁུར་བའི་བཀོད་སྒྲིག་བྱེད་ཚད་100%ཟིན་རྒྱུ་དང་། 2016ལོའི་ལོ་མཇུག་ཏུ་སླེབས་སྐབས་ཁྲོམ་གཞུང(ཤང་གྲོང)དང་སྡེ་ཁུལ(གྲོང་ལྷན)གྱི་གཞི་རིམ་ཞབས་ཞུའི་སྟེགས་བུ་རྦད་དེ་ཁྱབ་པའི་དམིགས་ཚད་མངོན་འགྱུར་བྱ་རྒྱུ། 2017ལོར་སྟེགས་བུ་གཏོད་པའི་ལས་དོན་སྔར་བས་ལེགས་འགྱུར་དང་ལེགས་སུ་གཏོང་རྒྱུ། ཆ་རྐྱེན་ཡོད་པའི་རྫོང་གིས་གནས་ཚུལ་དངོས་ལ་གཞིགས་ནས་གཞི་རིམ་སྟེགས་བུ་གཏོད་པའི་མྱུར་ཚད་འོས་འཚམ་གྱིས་མགྱོགས་སུ་བཏང་ན་འགྲིག

    ཤེས་རྟོགས་བྱུང་བར་གཞིགས་ན། གཞི་རིམ་སྟེགས་བུའི་ལས་དོན་མི་སྣའི་ཆེད་ལས་ཅན་དང་བརྟན་ལྷིང་རང་བཞིན་འགན་སྲུང་བྱ་ཆེད་དོ་དམ་སྒྲིག་སྲོལ་ཐད་ཐད་ཀའི་དོ་དམ་བྱེད་ཐབས་ལག་བསྟར་བྱས་ནས་ཁྲོམ་གཞུང(ཤང་གྲོང)དང་སྡེ་ཁུལ(གྲོང་ལྷན)གྱི་གཞི་རིམ་སྟེགས་བུ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཚན་གྱི་ཐད་ཀའི་དོ་དམ་ནང་གཅིག་གྱུར་ཐོག་འཇོག་པ་དང་། “མི་སྣར་ཆེད་བསྐོས་ལས་འགན་ཡོད་པ་དང་། འགྲོ་གྲོན་ལོགས་སུ་གཏོང་བ། ལས་དོན་ལོགས་སུ་དོ་དམ་བྱེད་པ། དཔྱད་ཞིབ་ལོགས་སུ་འཇོག་པ”བཅས་ལག་བསྟར་བྱ་རྒྱུ། གྲོང་ཚོ་རིམ་པའི་ངལ་རྩོལ་འགན་སྲུང་ལས་རོགས་པའི་འགན་གཅིག་ལྕོགས་འཁུར་མཁན་གྱིས་ཁྲོམ་གཞུང(ཤང་གྲོང)ངལ་རྩོལ་ལས་ཞུགས་ཀྱི་སྤྱི་ཚོགས་འགན་སྲུང་ཞབས་ཞུ་སུའོ(ས་ཚིགས)ཡི་ལས་སྒོའི་མཛུབ་ཁྲིད་དང་ལེན་བྱ་རྒྱུ། ངལ་རྩོལ་ལས་ཞུགས་སྤྱི་ཚོགས་འགན་སྲུང་ཞབས་ཞུ་སུའོ(ས་ཚིགས)ཡིས་ཆེད་མངགས་ཞབས་ཞུ་ཁང་ངམ་ཡང་ན་ཞབས་ཞུའི་སྐར་ཁུང་བཙུགས་ནས་ལས་ཞུགས་ཞབས་ཞུ་དང་། སྤྱི་ཚོགས་འགན་སྲུང་འགྲོ་གྲོན་གཞུང་དོན་ཁང་། ངལ་རྩོལ་དབང་སྲུང་སྐར་ཁུང་བཅས་ལྡན་པ་བྱས་ཏེ་མང་ཚོགས་ཚོ་བྱ་བ་སྒྲུབ་སྐབས་སྟབས་བདེ་བསྐྲུན་གང་ཐུབ་བྱ་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།