དབུ་ཤོག>གསར་འགྱུར།
  • བོད་ལྗོངས་ཀྱིས་སྤྱི་ཚོགས་འགན་བཅོལ་ཡིག་ཚགས་དོ་དམ་བྱེད་སྟངས་གསོ་སྦྱོང་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-07-09

    ཉེ་ཆར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་སྤྱི་ཚོགས་འགན་སྲུང་ལྟེ་གནས་དང་རྒྱལ་ཁབ་ཡིག་ཚགས་ཅུས་གཉིས་ཀྱིས་མཉམ་འབྲེལ་ཐོག་རང་ལྗོངས་སུ་གཉེར་བའི་སྤྱི་ཚོགས་འགན་བཅོལ་ལས་སྒོའི་ཡིག་ཚགས་ཚད་ལྡན་དོ་དམ་གསོ་སྦྱོང་འཛིན་གྲྭ་དེ་ལྷོ་ཁ་ས་ཁུལ་རྩེད་ཐང་གྲོང་རྡལ་དུ་གཉེར་འགོ་ཚུགས་པར་ལྗོངས་ཡོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་ཁག་གི་སྤྱི་ཚོགས་འགན་བཅོལ་སྐོར་གྱི་འབྲེལ་ཡོད་ལས་སྒོའི་མི་སྣ་100ལྷག་ཙམ་ཞུགས་ཡོད་པ་རེད།

    གསོ་སྦྱོང་ཁྲོད་རིགས་གཅིག་མཁས་ཅན་གྱིས་ཡིག་ཚགས་ལས་དོན་དང་སྤྱི་ཚོགས་འགན་བཅོལ་ཡིག་ཚགས་དོ་དམ་ལས་དོན་ཇི་ལྟར་སྒྲུབ་པའི་སྐོར་འགྲེལ་བཤད་བརྒྱབ་པ་མ་ཟད་ད་དུང་ཡིག་ཚགས་ལས་དོན་གྱི་དངོས་ཡོད་གནས་ཚུལ་དང་ཟུང་འབྲེལ་གྱིས་ཞིབ་ཕྲའི་བླང་བྱ་དང་དོ་སྣང་བྱ་ཡུལ་ཁག་ཅིག་བཏོན་པར་དམིགས་སའི་རང་བཞིན་དང་ཉེར་སྤྱོད་རང་བཞིན་ཆེན་པོ་ལྡན་ཡོད། གསོ་སྦྱོང་བྱས་པ་ལས་རང་ལྗོངས་ཀྱི་སྤྱི་ཚོགས་འགན་བཅོལ་ལས་སྒོའི་ཡིག་ཚགས་ལས་དོན་ལ་ངོས་འཛིན་བྱེད་ཚད་མཐོ་རུ་ཕྱིན་པའི་ཁར་སྤྱི་ཚོགས་འགན་བཅོལ་ལས་སྒོའི་ཡིག་ཚགས་ཚད་ལྡན་དོ་དམ་བྱེད་ཤུགས་ཀྱང་ཆེ་རུ་ཕྱིན་ནས་སྤྱི་ཚོགས་འགན་བཅོལ་ལས་སྒོའི་ཡིག་ཚགས་བདེ་འཇགས་འགན་ལེན་ཐད་སྐུལ་འདེད་ནུས་པ་ཅུང་ཡག་པོ་ཐེབས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།