དབུ་ཤོག>གསར་འགྱུར།
  • གཞིས་རྩེའི་པ་སྣམ་རྫོང་དུ་ཞིང་བྲེལ་ཆེ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-07-09

    189637_yis_1436336158980.jpg

    མིག་སྔར་བོད་ཀྱི“འབྲུ་མཛོད”ཀྱི་གྲས་ཤིག་ཡིན་པའི་པ་སྣམ་རྫོང་དུ་ཞིང་བྲེལ་ཆེན་པོ་ཡོད། ས་གནས་དེ་གའི་ཞིང་པས་ཞིང་ནང་དུ་རྩྭ་ངན་འཐུ་བ་དང་། སྔོ་ཆུ་གཏོང་བ། རྫས་ལུད་རྒྱག་པ། ཞིང་ནང་གཡོག་བྱེད་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ནས་བརྟན་པོའི་ངང་ཐོན་འཕར་ཡོང་རྒྱུར་རྨང་གཞི་ཡག་པོ་ཞིག་བཏིང་ཡོད།

    པ་སྣམ་རྫོང་དུ་གནམ་གཤིས་ཡག་ལ་རྫོང་ཁོངས་སུ་མྱང་ཆུ་གཙང་པོ་རྒྱུག་གི་ཡོད་པས་ཞིང་ལས་ཐོན་སྐྱེད་ཀྱི་རྨང་གཞི་ཧ་ཅང་ཡག་པོ་ཡོད། འདི་ལོ་རྫོང་དེས་སྤུས་ལེགས་ནས་ཀྱི་རྟེན་གཞི་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་སོན་བཟང་ཁྱབ་གདལ་བཏང་ནས་རིམ་པ་དང་པོའི་སོན་བཟང་ཞིང་ཁ་མུའུ་1080དང་རིམ་པ་གཉིས་པའི་སོན་བཟང་ཞིང་ཁ་མུའུ་7950བཏོད་ཅིང་། འདི་ནི་ཉེ་ཆར་པ་སྣམ་རྫོང་གི་གྲོང་འདབས་ཞིང་ནང་དུ་ཞིང་པས་ནས་ཞིང་ལ་ཆུ་གཏོང་བའི་གནས་ཚུལ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།