དབུ་ཤོག>གསར་འགྱུར།
  • ནག་ཆུས་འབྲོག་ལས་ཐོན་ལས་རིཌ་བསྒྱུར་དང་རིམ་སྤོར་མགྱོགས་སུ་གཏོང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-07-09

    འདི་ལོ་ནས་བཟུང་ནག་ཆུ་ས་ཁུལ་གྱིས་འབྲོག་ལས་རིགས་བསྒྱུར་དང་རིམ་སྤོར་སྔར་བས་མགྱོགས་སུ་གཏོང་ཆེད“རྩྭ་ཐང་འབྲོག་ལས་ཐོན་ལས་ནང་ཕྱུགས་འཚོ་དང་གཟན་ཆག་ཁ་སྣོན་བྱ་རྒྱུ་ཟུང་འབྲེལ་བྱེད་པའི”འབྲོག་ལས་ཐོན་ལས་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་བཏོན་པ་དང་ས་ཁུལ་འབྲོག་ལས་ཐོན་ལས་སྐུལ་སྤེལ་གཞུང་དོན་ཁང་བཙུགས་པ་དང་། འབྲོག་ལས་ཀྱིས་ཁྲིད་སྟོན་བྱེད་པའི་འཐབ་ཇུས་ལག་བསྟར་བྱེད་པ། རྣམ་གྲངས་མ་དངུལ་བསྡུ་སྒྲིལ་ཆེན་པོ་དང་ཐོན་ལས་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེ་གཏོང་བའི་ལས་དོན་གྱི་ལམ་སྲོལ་འཛུགས་པ། མཉམ་ལས་རྩ་འཛུགས་རིམ་སྤོར་ལས་གྲྭ་དང་། ཚད་ལྡན་ཅན་གསོ་སྤེལ་ཁུལ་ཆུང་འཛུགས་སྐྲུན་ལས་གྲྭ ཁྱིམ་ཚང་འབྲོག་རྭའི་སྐྱེད་སྲིང་ལས་གྲྭ སྣེ་འདྲེན་ཁེ་ལས་ནང་འདྲེན་ལས་གྲྭ འབྲོག་ལས་ཐོན་ལས་ཀྱི་སྤུས་རྟགས་ལས་གྲྭ་བཅས་ལག་བསྟར་ཤུགས་ཆེར་བྱས་པར་ཕན་འབྲས་དངོས་ཐོན་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ལོ་སྟོད་དུ་ནག་ཆུ་ས་ཁུལ་གྱིས་རྫོང་ཚང་མར་དཔེ་སྟོན་མཉམ་ལས་ཁང་1ནས་2བར་འཛུགས་པ་དང་། ས་ཁུལ་ཡོངས་སུ་ཁྱིམ་ཚང་འབྲོག་རྭ་3ནས་5བར་འཛུགས་པ། རྫོང་ཚང་མར་ཚད་ལྡན་ཅན་གྱི་གསོ་སྤེལ་ཁུལ་ཆུང་1ནས་2བར་འཛུགས་པ་བཅས་བྱས་ཏེ་འབྲོག་ལས་དེ་ཆེད་ལས་ཅན་གྱི་ཐོན་སྐྱེད་དང་། གཞི་ཁྱོན་ཅན་གྱི་གཉེར་སྐྱོང་། ཐོན་ལས་ཅན་གྱི་འཕེལ་རྒྱས་བཅས་ཀྱི་ལམ་བུའི་ཐོག་རིམ་བཞིན་བསྐྱོད་རྒྱུར་སྐུལ་འདེད་བཏང་ཡོད།

    དུས་མཚུངས་ནག་ཆུ་ས་ཁུལ་གྱིས་གཙོ་གནད་དུ་དཔལ་མགོན་རྫོང་ཕུ་བུ་གྲོང་རྡལ་རྡོལ་རྒས་གྲོང་ཚོ་འབྲོག་ལས་དཔལ་འབྱོར་མཉམ་ལས་ཁང་དང་། ཤན་རྩ་རྫོང་རི་ཙོང་ལས་སྣོན་ཕྱིར་ཚོང་ཆེད་ལས་མཉམ་ལས་ཁང་། ཨ་མདོ་རྫོང་བྲག་སྨུག་གྲོང་རྡལ་རྡོ་མ་ལུག་གསོ་སྤེལ་ཆེད་ལས་མཉམ་ལས་ཁང་། ནག་ཆུ་རྫོང་ནག་ཆུ་གྲོང་རྡལ་གྱི་གྲོང་ཚོ་22ཡི་འབྲོག་པའི་འོ་བཟོས་ཐོན་རྫས་ཕྱིར་ཚོང་ལས་སྣོན་དཔལ་འབྱོར་མཉམ་ལས་ཁང་སོགས་མཉམ་ལས་ཁང་24ལ་རོགས་སྐྱོར་དང་འཛུགས་སྐྲུན་བྱས་ཡོད། སྙན་རོང་རྫོང་སེ་ཆེན་ཤང་ཕག་གཡུ་འབྲོག་པའི་མཉམ་ལས་ཁང་དང་། ནག་ཆུ་རྫོང་ནག་ཆུ་གྲོང་རྡལ་གྱི་གྲོང་ཚོ་22ཀྱི་འབྲོག་པའི་འོ་བཟོས་ཐོན་རྫས་ཕྱིར་ཚོང་ལས་སྣོན་དཔལ་འབྱོར་མཉམ་ལས་ཁང་། དཔལ་མགོན་རྫོང་ཕུ་བུ་གྲོང་རྡལ་རྡོལ་རྒས་གྲོང་ཚོའི་འབྲོག་ལས་དཔལ་འབྱོར་མཉམ་ལས་ཁང་། འབྲི་རུ་རྫོང་འབྲི་རུ་གྲོང་རྡལ་ཚྭ་ལུང་གྲོང་ཚོ་གསེར་རྦ་འབྲོག་པའི་ཁྱད་ལྡན་དཔལ་འབྱོར་མཉམ་ལས་རྩ་འཛུགས་སོགས་4རྒྱལ་ཁབ་རིམ་པའི་དཔེ་སྟོན་མཉམ་ལས་ཁང་དུ་འཛུགས་རྒྱུའི་ཡིག་ཐོག་སྙན་ཞུ་འབུལ་བ་དང་། ནག་ཆུ་རྫོང་ལྷོ་མ་གྲོང་རྡལ་དྭངས་གཙང་རྒྱ་མཚོའི་འབྲོག་པའི་འོ་བཟོས་ཐོན་རྫས་མཉམ་ལས་དཔལ་འབྱོར་རྩ་འཛུགས་དང་། སྙན་རོང་རྫོང་ཉི་མ་ཤང་དམར་ཆག་འབྲོག་པའི་ཆེད་ལས་དཔལ་འབྱོར་རྩ་འཛུགས་དེ་རྒྱལ་ཁབ་རིམ་པའི་ཞིང་ལས་ཐོན་རྫས་ལས་སྣོན་མཉས་ལས་དཔེ་སྟོན་ཁང་འཛུགས་རྒྱུའི་ཡིག་ཐོག་སྙན་ཞུ་འབུལ་བ་རེད། མཉམ་ལས་ཁང་རྩ་འཛུགས་པ་དང་སྐྱེད་སྲིང་ལས་དོན་མགྱོགས་སུ་བཏང་སྟེ་འབྲོག་པའི་ཆེད་ལས་མཉམ་ལས་དཔལ་འབྱོར་རྩ་འཛུགས་འཕེལ་རྒྱས་དང་སྟོབས་ཆེར་བཏང་ཡོད། མིག་སྔའི་བར་ས་ཁུལ་ཡོངས་སུ་མཉམ་ལས་དཔལ་འབྱོར་རྩ་འཛུགས་ཁྱོན་433ཡོད་པ་དང་ཐོ་འགོད་མ་དངུལ་སྒོར་དུང་ཕྱུར་3.42ཟིན་པ་དང་འབྲོག་དུད་ཁྲི་1.45སྣེ་ཁྲིད་བྱས་པས་དུད་ཚད་རེར་ཆ་སྙོམས་འབབ་འཕར་སྒོར་ཁྲི་ཡན་བྱུང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།