དབུ་ཤོག>གསར་འགྱུར།
  • ལྷ་ས་གྲོང་ཁྱེར་གྱི་ས་གཙང་བདེ་ཐང་ཐོན་ལས་དེ“གནས་མཆོག་གི་མིང་བྱང་གསར་པར”གྱུར་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-07-09

    ཉེ་བའི་ལོ་གཉིས་ནང་གྲོང་ཁྱེར་དེ་ཡོངས་ཀྱི་གོང་འོག་ཚང་མས་ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད་ལྷ་སའི་ས་གཙང་བདེ་ཐང་ཐོན་ལས་འཕེལ་རྒྱས་གཏོང་བའི་རྨང་གཞི་སྔར་བས་སྲ་བརྟན་དུ་ཕྱིན་པ་དང་། བཀྲག་མདངས་འཚེར་ས་སྔར་བས་མངོན་གསལ་དོད་དུ་སོང་བ། ཁྲོམ་ར་སྔར་བས་རྒྱ་ཆེ་རུ་ཕྱིན་པ། སྤུས་རྟགས་སྔར་བས་སྐད་གྲགས་ཆེ་རུ་ཕྱིན་པ། རྒྱ་སྟོབསརིམ་བཞིན་ཆགས་པ་བཅས་བྱས་ནས་འཕེལ་རྒྱས་ཐད་ཀྱི་མངོན་མིན་སྟོབས་ཤུགས་ཧ་ཅང་ཆེན་པོ་མཚོན་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་བཀྲག་མདངས་འཚེར་སར་གྱུར་ཏེ་རྒྱལ་ཁབ་ཕྱི་ནང་གི་འཛད་སྤྱོད་པས་མགྲིན་གཅིག་ཏུ་གདེང་འཇོག་ཡག་པོ་བྱས་ཡོད་པ་རེད།

    2013ལོ་ནས་བཟུང་ལྷ་ས་གྲོང་ཁྱེར་གྱི་རྫོང(ཆུས)ཁག་གིས་རང་འགུལ་ངང་བྱས་རྗེས་འཇོག་པ་དང་སྒུག་བརྟེན་མ་བྱེད་པར་ཐོན་ལས་ཐད་གཏོང་ཆ་གཏོང་ཤུགས་ཆེ་རུ་གཏོང་བ་དང་། ས་གཙང་བདེ་ཐང་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་དེ་དོན་ཆེན་ཞིག་ཏུ་བརྩིས་ནས་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ་དང་འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་སུ་བཏང་བས་མི་རྣམས་དགའ་འོས་པའི་གྲུབ་འབྲས་ཐོབ་ཡོད་པ་རེད། 2014ལོ་ནས་བཟུང་ཁྲེང་ཀོན་ཆུས་ཀྱིས་ཁྱོན་མ་དངུལ་སྒོར་དུང་ཕྱུར་4.54བཏང་ནས་ས་གཙང་བདེ་ཐང་ཐོན་ལས་འཕེལ་རྒྱས་བཏང་སྟེ་དེང་རབས་དཀར་ཆུའི་ཐོན་ལས་དང་། གྲོང་ཁྱེར་ཉེ་ཁུལ་ཞིང་ལས། ཞིང་འབྲོག་ཐོན་རྫས་ཟོག་འགྲེམས་བཅས་གཙོ་བོར་བྱས་ནས་ཚད་གཞི་མཐོ་བའི་བཞོན་མའི་ལྟེ་གནས་དང་། ཚད་གཞི་མཐོ་བའི་རིག་ནུས་དྲོད་ཁང་། ཟོག་འགྲེམས་ལོངས་སྤྱོད་གླིང་སོགས་རྣམ་གྲངས་ཆེན་པོ་ཁག་གཅིག་ལག་ལེན་བསྟར་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིར་སྤུས་ལེགས་གོང་ཁེའི“ཤ་ཚལ་སྒོང་གསུམ”གྱི་ཐོན་རྫས་མཁོ་འདོན་བྱེད་ཀྱི་ཡོད་པ་རེད།

    དུས་མཚུངས་བཞོན་མ་གསོ་སྤེལ་དེ་ཚད་གཞི་ཅན་དང་། ཚད་ལྡན་ཅན། དེང་རབས་ཅན་བཅས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་ས་མཐོའི་ས་བབ་མཐོ་ཞིང་གྲང་ངར་ཆེ་བ་དང་གསོ་རླུང་མི་འདང་བའི་ཆ་རྐྱེན་འོག་དཀར་ལས་འཕེལ་རྒྱས་གཏོང་བའི་དཔེ་མཚོན་ཞིག་བཏོད་པ་རེད།

    ཆུ་ཤུར་རྫོང་གིས་རྒྱལ་ཡོངས་ཀྱི་གྲོང་གསེབ་སྒྱུར་བཅོས་ཚོད་ལྟ་ཁུལ་དང་ཚལ་སྣེ་ཤང་རྒྱལ་ཁབ་དེང་རབས་ཞིང་ལས་དཔེ་སྟོན་ཁུལ་གྱི་འཛུགས་སྐྲུན་སྟེགས་བུར་བརྟེན་ནས་མ་གཱ་དང་། རྒྱ་སེ་མེ་ཏོག བོད་སྨན་རྒྱུ་ཆ་སོགས་གཙོ་བོར་བྱེད་པའི་ས་མཐོའི་ལུང་གཞུང་གི་ཁྱད་ལྡན་འདེབས་འཛུགས་ལས་རིགས་འཕེལ་རྒྱས་ཤུགས་ཆེན་གཏོང་གི་ཡོད་པ་རེད། 2015ལོར་ཆུ་ཤུར་རྫོང་གིས་ཁྱད་ལྡན་དཔལ་འབྱོར་སྐྱེ་དངོས་སྣ་ཚོགས་མུའུ་ཁྲི་3.66འདེབས་འཛུགས་བྱས་པ་དང་འབྲེལ་ཐོན་རྫས་ཞིབ་འཇུག་གསར་སྤེལ་དང་། ལས་སྣོན། ཕྱིར་ཚོང་བཅས་ཤུགས་ཆེན་བྱེད་པ་དང་ཐོན་ལས་སྒྲོག་ཐག་སྐྱེད་སྲིང་བྱས་པས་ཁྱད་ལྡན་དཔལ་འབྱོར་སྐྱེ་དངོས་ཐོན་ལས་ཅན་དུ་འཕེལ་རྒྱས་གཏོང་བའི་ལེགས་ལྡན་ཁུལ་ཞིག་ཆགས་པ་རེད།

    ད་ལོར་ལྷུན་གྲུབ་རྫོང་གིས་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་མིའི་ཐབས་ལས་རྩྭ་གཞི་ཁྱོན་མུའུ་ཁྲི་3.24བཏབ་པས་རྩྭ་འདེབས་ཕྱུགས་གསོའི་དཔེ་སྟོན་ཁུལ་དུ་གྱུར་བ་རེད། དུས་མཚུངས“ལྷ་ས་གྲོང་ཁྱེར་གྱི་གཟན་ཆས་འབྲོག་ལས་ཚན་རྩལ་དཔེ་སྟོན་གླིང་ཁུལ”འཛུགས་རྒྱུའི་འཆར་འགོད་བྱས་ནས་ལོ་གཉིས་ནས་གསུམ་བར་མ་འཇོག་སྒོར་དུང་ཕྱུར་6.25བྱས་ཏེ་གཞི་ཁྱོན་མུའུ་ཁྲི་10ཟིན་པའི་ཐོན་ལས་འདུ་འགོད་དང་ཕྱུགས་རིགས་མགོ་གྲངས་ཁྲི་50ཟིན་པའི་ཁྱད་ལྡན་ནོར་ལུག་དཀར་ནག་ཐོན་ལས་འདུ་འགོད་འཛུགས་སྐྲུན་བྱ་རྒྱུའི་འཆར་གཞི་ཡོད་པ་རེད།

    སྙེ་མོ་རྫོང་གིས་བོད་བྱ་ཐོན་ལས་འཕེལ་རྒྱས་ལ་སྣང་ཆེན་བྱས་ཏེ་བོད་བྱའི་རྒྱུད་བཟང་འགན་ལེན་དང་། ཚན་རྩལ་མ་ལག་འཛུགས་སྐྱོང་། ཚད་ལྡན་ཅན་གྱི་གསོ་ཚགས་དཔེ་སྟོན་བཅས་དེ་གཞི་འཛིན་སར་བྱས་ནས་བོད་བྱ་གསོ་ཚགས་དེ་གྲོང་ཁྱེར་ཡོངས་སུ་སྔོན་དུ་སླེབས་པ་བྱེད་པའི་རྨང་གཞི་བཏིང་བ་རེད། ལོ་གཅིག་ལྷག་ཙམ་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད་པེ་ཅིང་ཏེ་ཆིང་ཡོན་ཞིང་ལས་ཚན་རྩལ་མ་རྐང་ཚད་ཡོད་ཀུང་སི་དང་མཉམ་ལས་ཐོག་བོད་ལྗོངས་ཏེ་ཆིང་ཡོན་ཞིང་ལས་ཚན་རྩལ་མ་རྐང་ཚད་ཡོད་ཀུང་སི་བཙུགས་ཏེ་རྒྱལ་སྤྱིའི་ཐོག་རྩེ་གྲས་ཡིན་པའི་བོད་བྱ་གསོ་ཚགས་དང་། ལས་སྣོན། ཞིབ་སྤེལ། ཕྱིར་ཚོང་བཅས་ཀྱི་རྟེན་གཞི་ཞིག་བཙུགས་ནས་གྲོང་ཁྱེར་དེ་ཡོངས་ཀྱི་ས་གཙང་བདེ་ཐང་ཐོན་ལས་ཀྱི་བོད་བྱའི་ཐོན་ལས་ཀྱི་སྤྱིའི་ཆུ་ཚད་དང་ཁྲོམ་རའི་ནང་གི་འགྲན་ནུས་སྔར་བས་ཆེ་རུ་གཏོང་ཐུབ་པ་བྱ་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།