དབུ་ཤོག>གསར་འགྱུར།
  • གངས་ལྗོངས་ཀྱི་ཆ་འཕྲིན་ལམ་བུ་ཤར་གཏོང་ཐུབ་པ་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ​ མའོ་ན་ཡིས།   |     སྤེལ་དུས།  2015-07-08

    ལྗོངས་ཡོངས་ཀྱི་རླུང་འཕྲིན་བརྙན་འཕྲིན“གྲོང་ཚོ་ཀུན་ཁྱབ”འདུ་འགོད་ལག་ལེན་བསྟར་བ་དེས་ཞིང་འབྲོག་ཁུལ་དུ་དཔལ་འབྱོར་འཛུགས་སྐྲུན་བྱེད་པའི་ཉམས་མྱོང་དང་ཚན་རྩལ་ཆ་འཕྲིན་ཁྱབ་སྤེལ་གཏོང་བའི་ནང་རླུང་འཕྲིན་བརྙན་འཕྲིན་གྱི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱུང་བ་དང་། ཞིང་འབྲོག་ཁུལ་གྱི་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་ལ་སྔར་བས་སྐུལ་མ་ཐེབས་པ། ཞིང་འབྲོག་མང་ཚོགས་ཀྱི་གཞི་རྩའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་ཕྱིན་པས་ཞིང་འབྲོག་མང་ཚོགས་ཀྱི་རིག་གནས་ཁེ་དབང་འགན་ལེན་བྱུང་ཡོད། མཐུན་སྒྲིལ་དང་། དམངས་གཙོ། འབྱོར་ཕྱུག ཤེས་དཔལ། ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཞིང་འབྲོག་ཁུལ་གསར་པ་འཛུགས་སྐྲུན་བྱེད་རིང་རླུང་འཕྲིན་བརྙན་འཕྲིན“གྲོང་ཚོ་ཀུན་ཁྱབ”འདུ་འགོད་དེས་སྔར་བས་ཆེ་བའི་ནུས་པ་འདོན་སྤེལ་བྱེད་བཞིན་ཡོད་པ་དང་རླུང་འཕྲིན་བརྙན་འཕྲིན“གྲོང་ཚོ་ཀུན་ཁྱབ”འདུ་འགོད་ལག་ལེན་བསྟར་བ་བརྒྱུད་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཚོས་ཏང་དང་སྲིད་གཞུང་གི་ཐུགས་ཁུར་མྱོང་ཚོར་ཟབ་མོ་ཐུབ་ཡོད།

    རླུང་འཕྲིན་བརྙན་འཕྲིན“གྲོང་ཚོ་ཀུན་ཁྱབ”འདུ་འགོད་ལག་ལེན་བསྟར་བའི་ལག་ལེན་གྱི་ཐོག་ནས་ཏང་གི་གཞི་རིམ་སྲིད་དབང་སྲ་བརྟན་དུ་གཏོང་བར་ཕན་པ་ཡོད་པ་དང་། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱིས་ཏང་གི་ལམ་ཕྱོགས་དང་། བྱེད་ཕྱོགས། སྲིད་ཇུས་བཅས་དང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་སློབ་སྦྱོང་བྱེད་པར་ཕན་པ་ཡོད་པ། མྱུར་ལ་གསོན་ཉམས་ལྡན་པའི་ངང་སྔོན་ཐོན་གྱི་ཚན་རིག་རིག་གནས་ཤེས་བྱ་དང་ལེན་བྱེད་པ་དང་རྒྱལ་ཁབ་ཕྱི་ནང་གི་དོན་ཆེན་རྟོགས་པ་བྱས་ནས་མཐོང་རྒྱ་ཆེ་རུ་གཏོང་བར་ཕན་པ་ཡོད་པ། མི་དམངས་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་བར་ཕན་པ་ཡོད་པ། ཞིང་འབྲོག་ཁུལ་དུ་སྐད་ཡིག་གཉིས་དང་སྐད་ཡིག་མང་པོའི་ཐོག་ནས་སློབ་ཁྲིད་བྱེད་པར་ཕན་པ་ཡོད་པ། མི་རིགས་ཁག་གི་མང་ཚོགས་དབར་བསམ་བློ་དང་རིག་གནས་སྤེལ་རེས་བྱེད་པ་དང་མི་རིགས་མཐུན་སྒྲིལ་ལེགས་སུ་གཏོང་བ་དང་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་བྱེད་པར་ཕན་པ་ཡོད་པ། གྲོང་ཁྱེར་དང་གྲོང་གསེབ་འཕེལ་རྒྱས་དང་དཔལ་འབྱོར་དང་སྤྱི་ཚོགས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་མ་གཏོང་བར་ཕན་པ་ཡོད་པ་བཅས་ཀྱི་ར་འཕྲོད་བྱས་ཡོད།

    རླུང་འཕྲིན་བརྙན་འཕྲིན“གྲོང་ཚོ་ཀུན་ཁྱབ”འདུ་འགོད་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བར་ནུས་ཤུགས་ཡོད་རྒུས་གཞི་རིམ་གྱི་ཁང་དང་ས་ཚིགས་ཀྱི་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དུ་གཏོང་བ་དང་། ཞིང་འབྲོག་ཁུལ་དུ་སྐུད་མེད་རླུང་འཕྲིན་བརྙན་འཕྲིན་ཁྱབ་ཚད་སྔར་བས་སྲ་བརྟན་དང་འཕེལ་རྒྱས་གཏོང་བ། མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་གཙོ་གནད་ཐོག་རླུང་འཕྲིན་བརྙན་འཕྲིན“ཁྱབ་མེད་པའི་གྲོང་ཚོ”དང“གྲོང་ཚོ་དང་དུད་ཚང་དུ་ཤར་གཏོང་མི་ཐུབ་པ”སོགས་ཀྱི་གནད་དོན་ཐག་གཅོད་བྱེད་དགོས། རླུང་འཕྲིན་བརྙན་འཕྲིན་གྱི་སྤྱི་པའི་ཞབས་ཞུའི་མ་ལག་སྔར་བས་བཟོ་བ་དང་ཞིང་འབྲོག་ཁུལ་དུ་རླུང་འཕྲིན་བརྙན་འཕྲིན་བྱ་གཞག་རྒྱུན་སྲིང་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་མ་བཏང་ནས“གྲོང་ཚོ་ཀུན་ཁྱབ”བྱ་རྒྱུ་དེ་ཡུན་རིང་ཤར་གཏོང་དང་སྤུས་ལེགས་ངང་ཤར་གཏོང་ཐུབ་རྒྱུའི་འགན་ལེན་བྱེད་དགོས། རླུང་འཕྲིན་བརྙན་འཕྲིན་གྱི་སྤྱི་ཚོགས་སློབ་གསོའི་ནུས་པ་སྔར་བས་ཆེ་རུ་བཏང་ནས་ཉན་མཁན་དང་ལྟ་མཁན་ཚོགས་སྤྱི་མི་འདྲ་བའི་ཁྱད་ཆོས་ལ་དམིགས་ཏེ་ལེ་ཚན་སྒྲིག་བཟོ་ལེགས་པར་བྱེད་པ་དང་སྤུས་ཚད་རྒྱུན་ཆད་མེད་པར་ལེགས་སུ་བཏང་ནས་རླུང་འཕྲིན་བརྙན་འཕྲིན་དེ་ཏང་གི་བྱེད་ཕྱོགས་དང་སྲིད་ཇུས་དྲིལ་བསྒྲགས་དང་ལག་བསྟར་བྱེད་པ་དང་ཞིང་འབྲོག་ཁུལ་དུ་བསམ་པའི་དཔལ་ཡོན་འཛུགས་སྐྱོང་དང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་གཞི་བརྟེན་ནུས་ལྡན་ཞིག་ཆགས་པ་བྱེད་པ་དང་། ནང་དོན་སྐྱོན་བྲལ་དང་རྣམ་པ་འཁྲུག་ཆ་དོད་པའི་བསམ་པའི་རིག་གནས་ཐོན་རྫས་སྔར་བས་མང་བའི་ཐོག་ནས་མང་ཚོགས་ཀྱི་ཡིད་དབང་འགུག་པ་དང་རྒྱ་ཆེའི་གཞོན་ནུ་ལོ་ཆུང་ལ་སློབ་གསོ་ཐེབས་པ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།