དབུ་ཤོག>གསར་འགྱུར།
  • དུས་བབ་གསར་པའི་འོག་གི་ས་ཡོམ་སྔོན་འགོག་དང་གནོད་འཚེ་ཉུང་གཏོང་གི་ལས་དོན་ལེགས་པར་སྒྲུབ་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ​ མཱ་ཅིང་དང་ལི་ཝུན་ཅན་གྱིས།   |     སྤེལ་དུས།  2015-07-08

    ས་ཡོམ་སྔོན་འགོག་དང་གནོད་འཚེ་ཉུང་གཏོང་གི་ལས་དོན་ནི་རྙོག་འཛིང་ཆེ་ལ་བརྒྱུད་རིམ་ལྡན་པའི་ལས་དོན་ཞིག་ཡིན་པ་སྟེ། དེ་ནི་སྲིད་གཞུང་གི་སྤྱི་ཚོགས་དོ་དམ་ཁྲོད་ཀྱི་ནང་དོན་གལ་ཆེན་ཞིག་རེད་ལ་སྤྱི་པའི་ཞབས་ཞུའི་གྲུབ་ཆ་ཞིག་ཀྱང་རེད། ལྷག་དོན་དུ་རིམ་ཁག་སྲིད་གཞུང་གི་འགན་འཁྲི་གལ་ཆེན་ཞིག་དེ་བས་ཀྱང་རེད། ང་ཚོས་གཅིག་ནས་ངེས་པར་དུ་ས་ཡོམ་སྔོན་འགོག་དང་གནོད་འཚེ་ཉུང་གཏོང་གི་ལས་དོན་ལ་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་བའི་ཐོག ལས་དོན་སྐུལ་འདེད་ལམ་སྲོལ་དང་ས་ཡོམ་འཕྲལ་སྡོམ་སྔོན་ཇུས་འཐུས་སྒོ་ཚང་དུ་བཏང་ནས་ས་ཡོམ་འཕྲལ་སྡོམ་ལས་དོན་ཁྲོད་ཀྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱེད་དགོས་པ་དང་། ས་ཡོམ་སྡེ་ཚན་ལ་ལས་ཀའི་ཆ་རྐྱེན་བཟང་པོ་ཞིག་གཏོད་དགོས། སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོབ་ཏན་ཏིག་བྱེད་དགོས། དེས་མ་ཚད་ད་དུང་འཕྲལ་སྡོམ་སྔོན་ཇུས་ཡོད་པ་དང་། འཕྲལ་སྡོམ་གྲ་སྒྲིག་ཡོད་པ། འཕྲལ་སྡོམ་འདུ་ཤེས་ཡོད་པ། འཕྲལ་སྡོམ་ནུས་པ་ཡོད་པ་བཅས་བྱེད་དགོས།

    གཉིས་ནས་ས་ཡོམ་ཛ་དྲག་སྐྱོབ་རོགས་དཔུང་ཁག་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་དགོས། ཇུས་ཤུགས་མཉམ་འདོན་དཔུང་ཁག་ནི་རང་རྒྱལ་གྱི་ས་ཡོམ་སྔོན་འགོག་དང་གནོད་འཚེ་ཉུང་གཏོང་གི་ལས་དོན་ཁྲོད་ཀྱི་སྟོབས་ཤུགས་གལ་ཆེན་ཞིག་རེད། དེས་ས་ཡོམ་སྔོན་བརྡ་དང་འཕྲལ་སྡོམ་རོགས་སྐྱོབ་ནང་ནུས་པ་གལ་ཆེན་འདོན་སྤེལ་ཐུབ་ཡོད། དཔུང་ཁག་གི་དངོས་གཞི་ཅན་དང་ཆེད་ལས་ཅན་གྱི་གསོ་སྦྱོང་ལ་དམ་འཛིན་ཡག་པོ་བྱེད་དགོས། དུས་ཚོད་འཚམ་པའི་སྐབས་སུ་ས་གནས་ས་ཐོག་གི་ནང་སྦྱོང་བྱ་ཆོག སྤྱི་ཚོགས་ཐོག་གི་སྤྱི་དམངས་སྒྲིག་འཛུགས་དང་སྐུལ་སློང་བྱས་ཏེ་ཡོངས་ཁྱབ་དང་བླངས་པའི་དཔུང་ཁག་བཙུགས་ནས་སློབ་སྟོན་རོགས་སྐྱོར་ནུས་པ་ཆེ་རུ་གཏོང་དགོས།

    གསུམ་ནས་འཕྲལ་སྡོམ་གེགས་སེལ་ནུས་པ་ཆེ་རུ་གཏོང་དགོས། འཆར་འགོད་འཛུགས་སྐྲུན་སྡེ་ཚན་གྱིས་གྲོང་ཁྱེར་འཛུགས་སྐྲུན་སྡེ་ཚན་དང་ཟུང་འབྲེལ་བྱས་ཏེ་ས་ཡོམ་གནོད་འཚེ་ལས་གནས་སྐབས་ཉེན་གཡོལ་བྱ་ཡུལ་འཛུགས་སྐྲུན་ཡག་པོ་བྱེད་དགོས། སྤྱི་གླིང་དང་། སྤང་ས། ཐང་ཆེན་སོགས་སུ་དགོས་ངེས་ཀྱི་བབ་བསྟུན་ཤར་བགྲོད་ལམ་བུ་དང་ཉེན་གཡོལ་བྱ་ཡུལ་འཛུགས་སྐྲུན་བྱེད་དགོས་པ་མ་ཟད། ད་དུང་དགོས་ངེས་ཀྱི་ཉེན་གཡོལ་སྲོག་སྐྱོབ་སྒྲིག་ཆས་ཀྱང་སྒྲིག་སྦྱོར་བྱེད་དགོས།

    བཞི་ནས་སྤྱི་ཚོགས་དྲིལ་བསྒྲགས་སློབ་གསོ་ཁྱབ་གདལ་ལ་ཤུགས་རྒྱག་དགོས། རང་རྒྱལ་གྱི་ས་ཡོམ་སྔོན་འགོག་དང་གནོད་འཚེ་ཉུང་གཏོང་ལས་དོན་གྱི་བྱེད་ཕྱོགས་ནི“སྔོན་འགོག་གཙོ་བོ་དང་འགོག་སྲུང་དང་རོགས་སྐྱོབ་ཟུང་འབྲེལ་གྱི་བྱེད་ཕྱོགས”རེད། སྔོན་འགོག་གཙོ་བོ་ཞེས་པ་ནི་ས་ཡོམ་བརྒྱབ་རྗེས་ཀྱི་སྐབས་ཤིག་དང་། གཞན་དབང་། རྣམ་གཡེང་བཅས་ཀྱི་གེགས་སེལ་བྱེད་སྒོ་དག་ས་ཡོམ་མ་བརྒྱབ་གོང་གི་ཡུན་རིང་དང་། རང་འགུལ། ཧུར་ཐག སྤྱི་ཚོགས་ཡོངས་ཐེ་ཞུགས་བཅས་ཀྱི་འགོག་སྲུང་བྱ་སྤྱོད་ཅིག་ཏུ་འགྱུར་བ་བྱེད་དགོས། ས་ཡོམ་མ་བརྒྱབ་གོང་ཡུན་རིང་དང་། རང་འགུལ། ཧུར་ཐག སྤྱི་ཚོགས་ཡོངས་ཐེ་ཞུགས་བཅས་ཀྱི་འགོག་སྲུང་བྱ་སྤྱོད་གཏན་འཇགས་ཐུབ་པར་བྱ་རྒྱུ་ནི་སྤྱི་དམངས་ཀྱི་ས་ཡོམ་སྔོན་འགོག་དང་གནོད་འཚེ་ཉུང་གཏོང་གི་འདུ་ཤེས་ལ་བརྟེན་ནས་འཇགས་པར་བྱེད་དགོས་པ་དང་མཐོ་རུ་གཏོང་དགོས། དེས་ན་འབོར་ཆེན་དང་། གཏིང་ཟབ། ཡུན་རིང་། རྒྱ་ཁྱབ་བཅས་ཀྱི་ས་ཡོམ་སྔོན་འགོག་དང་གནོད་འཚེ་ཉུང་གཏོང་སྐོར་དྲིལ་བསྒྲགས་བྱེད་དགོས་པ་དང་ས་ཡོམ་སྔོན་འགོག་དང་གནོད་འཚེ་ཉུང་གཏོང་གི་ཤེས་བྱ་ཁྱབ་གདལ་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།