དབུ་ཤོག>གསར་འགྱུར།
  • མངའ་རིས་ས་ཁུལ་གྱི་དམངས་ཕན་བྱ་ཐབས་ལྔ་ལས་ཕན་པ་ཐོབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-07-08

    ཉེ་བའི་ལོ་ཤས་རིང་། མངའ་རིས་ས་ཁུལ་གྱིས་སྲིད་ཇུས་དམངས་ཕན་དང་། ཚན་རྩལ་དམངས་ཕན། རྣམ་གྲངས་དམངས་ཕན། ཞབས་ཞུ་དམངས་ཕན། དངོས་སྒྲུབ་དམངས་ཕན་བཅས་ལ་ཤུགས་རྒྱག་རྒྱུ་དམ་འཛིན་བྱ་གཞི་གལ་ཆེན་དུ་བརྩི་རྒྱུ་མཐའ་འཁྱོངས་བྱས་ནས་དམངས་འཚོའི་བྱ་གཞག་འཕེལ་རྒྱས་ཀྱི་ཆུ་ཚད་དང་། འབྲོག་ཁུལ་གྱི་དཔལ་འབྱོར་ཚན་རྩལ་འདུས་ཚད། འབྲོག་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་གཏོང་ནུས། འབྲོག་ཁུལ་གྱི་འཐབ་ས་དང་པོའི་ཞབས་ཞུའི་ཆུ་ཚད། ཏང་དང་མང་ཚོགས་དང་ལས་བྱེད་པ་དང་མང་ཚོགས་དབར་འབྲེལ་བ་ཟབ་ཏུ་གཏོང་ཚད་བཅས་ཆེ་རུ་གཏོང་རྒྱུ་དམིགས་ཚད་དུ་བྱས་ནས་སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་བྱེད་སྒོ་གཏིང་ཟབ་ཕྱོགས་སུ་སྤེལ་རྒྱུར་ཟམ་མི་ཆད་པར་སྐུལ་མ་བཏང་བ་རེད།

    སྲིད་ཇུས་དམངས་ཕན་ལ་ཤུགས་བརྒྱབ་ནས་དམངས་འཚོའི་བྱ་གཞག་འཕེལ་རྒྱས་ཀྱི་ཆུ་ཚད་མཐོ་རུ་བཏང་བ། མངའ་རིས་ས་ཁུལ་གྱིས་ཞིང་དར་ཞིང་ཕྱུག་ཞིང་ཕན་གྱི་སྲིད་ཇུས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་ཁྱོན་ཆེད་དམིགས་འཆད་ཁྲིད་ཐེངས་233བྱས་པ་མ་ཟད། དྲིལ་བསྒྲགས་དཔྱད་ཡིག་14882སྤྲད་པས་ཁྱིམ་ཚང་ཀུན་གྱིས་རྟོགས་ཐུབ་པ་བྱུང་ཡོད། 《མངའ་རིས་ས་ཁུལ་གྱི་སློབ་མ་དབུལ་པོར་རོགས་རམ་བྱེད་པའི་ལག་བསྟར་བྱ་ཐབས(གནས་སྐབས་ལག་བསྟར)》དང《ཤང་དང་གྲོང་རྡལ་གྱི་དགེ་རྒན་དང་ལས་བཟོའི་འཚོ་བའི་ཐོབ་ཐང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མངའ་རིས་ས་ཁུལ་གྱི་ལག་བསྟར་བྱ་ཐབས》སོགས་གཟིགས་སྐྱོང་སྲིད་ཇུས་ཞིབ་འཇུག་བྱས་ནས་བཟོས་པ་དང་། ཤང་དང་། གྲོང་ཚོའི་དགེ་རྒན་ལ་དམིགས་བསལ་གྱི་ཁ་གསབ་དང་། ཤང་དང་གྲོང་རྡལ་གྱི་དགེ་རྒན་དང་ལས་བཟོའི་འཚོ་བའི་ཁ་གསབ། སློབ་མ་དབུལ་པོར་རོགས་རམ་བྱེད་པ་སོགས་ཀྱི་ཁ་གསབ་མ་དངུལ་ཁྱོན་སྒོར་ཁྲི་610.51སྤྲད་པ་རེད།

    ཚན་རྩལ་དམངས་ཕན་ལ་ཤུགས་བརྒྱབ་ནས་འབྲོག་ཁུལ་གྱི་དཔལ་འབྱོར་ཚན་རྩལ་འདུས་ཚད་ཆེ་རུ་བཏང་བ། ཚན་རྩལ་འཆར་གཞིའི་རྣམ་གྲངས་ལག་ལེན་ཤུགས་ཆེན་བསྟར་ནས་གཙོ་གནད་ཁུ་ལྡན་ར་གསོ་ཚགས་དང་། སྔོ་ཚལ་དང་ནས་ཞིང་འདེབས་པ་དང་སོན་གསོའི་རྟེན་གཞི་སོགས་རྣམ་གྲངས་འཛུགས་སྐྲུན་མངོན་གསལ་དོད་པོ་ཡོང་བར་བྱེད་པ་དང་། ཁྱད་ལྡན་བོད་སྨན་དང་། ཉི་འོད་ནུས་པ། ཞིང་འབྲོག་ཁུལ་གྱི་རྫབ་རླངས་སོགས་རྣམ་གྲངས་གསར་སྤེལ་དང་བེད་སྤྱོད་ལ་ཤུགས་རྒྱག་པ། ཚན་རྩལ་གྱི་འཆར་གཞི་དང་། ལས་སྟེགས། རྟེན་གཞི་བཅས་སྣ་ཚོགས་ལ་བརྟེན་ནས་མངའ་རིས་ས་ཁུལ་གྱི་ཚན་རྩལ་མི་སྣ་གོང་འཕེལ་གཏོང་རྒྱུར་ཕྱོགས་ཡོངས་ནས་ཤུགས་བརྒྱབ་སྟེ་ཚན་རྩལ་དམངས་ཕན་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ཡོད་པ་རེད། ས་ཁུལ་ཡོངས་ཀྱིས་ཚན་རྩལ་གྱི་དམངས་ཕན་རྣམ་གྲངས་24ལག་ལེན་བསྟར་བར་མ་དངུལ་སྒོར་ཁྲི་3846.75ཟིན་ཡོད་པ་རེད།

    རྣམ་གྲངས་དམངས་ཕན་ལ་ཤུགས་བརྒྱབ་ནས་འབྲོག་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་གཏོང་ནུས་གོང་མཐོར་བཏང་བ། མངའ་རིས་ས་ཁུལ་གྱི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་གིས་བྱ་ཐབས་སྣ་ཚོགས་སྤྱད་དེ་བཅའ་སྡོད་བྱ་ཡུལ་གྲོང་ཚོར(ཡུལ་མི)དཔལ་འབྱོར་དངོས་ཚན་དར་རྒྱས་གཏོང་རྒྱུར་ཁྲིད་སྟོན་དང་རྒྱབ་སྐྱོར་བྱ་རྒྱུའི་ལྕག་སྐུལ་བཏང་ནས་ས་གནས་ཀྱི་ལེགས་ལྡན་ཐོན་ཁུངས་ལ་བརྟེན་ཁར་གཙོ་གནད་ཡུལ་སྐོར་ལས་རིགས་དང་། ཞིང་འབྲོག་ལས། ཞབས་ཞུའི་ལས་རིགས་སོགས་ནས་ཚད་བརྒལ་བྱ་གཞི་བཙལ་ཏེ་ཞིང་འབྲོག་པའི་འབབ་འཕར་ཐབས་ལམ་རྒྱ་སྐྱེད་བཏང་སྟེ་གྲོང་ཚོ་རིམ་པའི་དཔལ་འབྱོར་རང་བརྟེན་ནུས་པ་སྔར་བས་ཆེ་རུ་བཏང་ཡོད་པ་རེད། 2014ལོར་གྲོང་ཚོ(ཡུལ་མི)ཁག་ལ་འཕེལ་རྒྱས་ཀྱི་བསམ་ཕྱོགས་623གསེད་བཀྲོལ་དང་འཕེལ་རྒྱས་གཏོང་ལམ་470གནད་འཁེལ་འཚོལ་རོགས་དང་དཔལ་འབྱོར་མཉམ་ལས་རྩ་འཛུགས་106འཕེལ་རྒྱས་དང་སྟོབས་ཆེར་བཏང་ཁར་མང་ཚོགས་ཀྱི་ངལ་ནུས་མི་གྲངས་20254ཕྱིར་གཏོང་བྱས་པས་དངུལ་སྨར་ཡོང་འབབ་སྒོར་ཁྲི་3370ཙམ་འཕར་ཐུབ་པ་བྱུང་བ་རེད།

    ཞབས་ཞུ་དམངས་ཕན་ལ་ཤུགས་བརྒྱབ་ནས་འབྲོག་ཁུལ་གྱི་འཐབ་ས་དང་པོའི་ཞབས་ཞུའི་ཆུ་ཚད་གོང་མཐོར་བཏང་བ། མངའ་རིས་ས་ཁུལ་གྱིས་ཤང་དང་གྲོང་རྡལ་གྱི་ཚན་ཁག་གྲུབ་ཆ་སྔར་བས་ལེགས་སྒྲིག་བྱས་ནས་གྲོང་ཚོ(ཡུལ་མི)“ཨུ་ལྷན་གཉིས”ཀྱི་ཞབས་ཞུའི་ནུས་པ་ཆེ་རུ་བཏང་ཐོག གྲོང་ཚོའི་ལས་བྱེད་པའི་དཔྱད་ཞིབ་དཔྱད་མོལ་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་བས་རྩ་འཛུགས་ཀྱི་གདེང་འཇོག་དང་མང་ཚོགས་ཀྱི་གདེང་འཇོག་ཟུང་དུ་སྦྲེལ་བའི་ཞབས་ཞུའི་ཕན་འབྲས་ཀྱི་གདེང་འཇོག་ལམ་སྲོལ་གྲུབ་ནས་གྲོང་ཚོའི་ལས་བྱེད་པར་མང་ཚོགས་ལ་ཞབས་ཞུ་ཧུར་ཐག་སྒྲུབ་ཏུ་བཅུག་ཡོད། ན་ནིང་ཤར་ཚུན། ཤང་དང་གྲོང་ཚོའི་དམངས་ཕན་ཞབས་ཞུའི་ས་ཚིགས་8དང་གྲོང་ཚོའི(ཡུལ་མི)ཞབས་ཞུའི་ས་ཚིགས་16གསར་བཙུགས་དང་གྲོང་ཚོའི(ཡུལ་མི)བྱེད་སྒོ་སྤེལ་ཡུལ་ཁག་3གསར་སྐྲུན་དང་བསྐྱར་སྐྲུན་རྒྱས་སྐྲུན་བྱས་པར་མ་དངུལ་སྒོར་ཁྲི་456ཟིན་པ། ཕྱུག་འགྱུར་སྣེ་ཁྲིད་པ་78གྲོང་ཚོའི་ཀྲི་པུའུ་རུ་བདམས་པ་དང་ཕྱུག་འགྱུར་འཇོན་ཐང་ཅན་67གྲོང་ཚོའི(ཡུལ་མི)“ཨུ་ལྷན་གཉིས”ཀྱི་ཚན་ཁག་ནང་བདམས་ཏེ“གསོ་སྐྱོང་གསུམ”བྱ་ཡུལ་གྱི་མི་གྲངས་566གཏན་འཁེལ་བྱས་པ་རེད།

    དངོས་སྒྲུབ་དམངས་ཕན་ལ་ཤུགས་བརྒྱབ་ནས་ཏང་དང་མང་ཚོགས་དང་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་ཟབ་ཏུ་བཏང་བ། མངའ་རིས་ས་ཁུལ་གྱི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་གིས་འགན་ནུས་འདོན་སྤེལ་གང་ལེགས་བྱས་ནས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་དཀའ་གནད་ཐག་གཅོད་བྱེད་རོགས་བྱས་པ་རེད། མིག་སྔའི་བར་གྲོང་ཚོས་བཙུགས་པའི་སློབ་ཆུང་གི་དངོས་ཡོད་དཀའ་ངལ་ཁྱོན་116ཐག་གཅོད་བྱས་པ་དང་། དམངས་འཚོའི་ཐད་ཀྱི་གནད་དོན་མངོན་གསལ་དོད་པོ་558ཐག་གཅོད་དང་དོན་དངོས་དང་བྱ་བཟང་1326བསྒྲུབས་པར་མ་དངུལ་སྒོར་ཁྲི་1857ཟིན་པ། “ལྔ་སྤེལ”བྱེད་སྒོ་ཐེངས་796སྤེལ་བར་མ་དངུལ་སྒོར་ཁྲི་170ཟིན་པ། “རྒན་རྒོན་གསུམ”གྱི་མི་སྣ་དང་། འགན་ལེན་ལྔའི་དུད་ཚང་། དུད་ཚང་དབུལ་པོ། དཀའ་ངལ་ཡོད་པའི་མང་ཚོགས་མི་ཐེངས་15707བཅས་ལ་འཚམས་འདྲི་བྱས་ནས་འཚམས་འདྲིའི་དངོས་པོ་སྤྲད་པ་དངུལ་ལ་ཕབ་ན་སྒོར་ཁྲི་496ཟིན་ཡོད་པ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།