དབུ་ཤོག>གསར་འགྱུར།
  • “གཤམ་སྤེལ་ལྔའི”བྱེད་སྒོ་མང་ཚོགས་ཀྱི་སེམས་ལ་ཟུག་པ་ཞིག་སྤེལ་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  སུན་ཝུན་ཅོན་གྱིས།   |     སྤེལ་དུས།  2015-07-08

    “གཤམ་སྤེལ་ལྔའི”བྱེད་སྒོ་ནི་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། གཞི་རིམ་མང་ཚོགས་ལ་ཞབས་འདེགས་ཞུ་བ། གཞི་རིམ་གྱི་རྨང་གཞི་བརྟན་དུ་གཏོང་བ་བཅས་ཀྱི་བྱེད་ཐབས་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པ་ཞིག་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་གཏོང་བ་དང་། ཞིང་འབྲོག་ཁུལ་གྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། མི་རིགས་ཁག་གི་མི་དམངས་ཀྱི་མཐུན་སྒྲིལ་འབད་འཐབ་ཀྱི་ཐུན་མོང་བསམ་བློའི་རྨང་གཞི་བརྟན་དུ་གཏོང་བ་བཅས་ཀྱི་གཞི་རྟེན་ནུས་ལྡན་ཞིག བསམ་པའི་དཔལ་ཡོན་བྱ་གཞག་གིས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པ་དང་དཀའ་གནད་དངོས་སེལ་བའི་དམངས་ཕན་འདུ་འགོད་ཅིག་བཅས་རེད།

    རང་ལྗོངས་ཀྱི“གཤམ་སྤེལ་ལྔའི”བྱེད་སྒོ་ཡིན་པའི་དམངས་ཕན་འདུ་འགོད་ཆེན་པོ་ཡག་པོ་སྤེལ་བར། རང་ལྗོངས་ཀྱི་གནས་ཚུལ་དང་ཟུང་འབྲེལ་གྱིས་རྒྱ་ཆེའི་མང་ཚོགས་དང་ཐད་ཀར་འབྲེལ་བ་ཡོད་པའི་དཀའ་གནད་དང་དགོས་མཁོ་དངོས་ཐག་གཅོད་ཏན་ཏིག་བྱེད་དགོས།

    སྒྲིག་འཛུགས་ཞིབ་ཚགས་དང་དོན་འཁྱོལ་ལ་དམ་འཛིན་གྱིས“གཤམ་སྤེལ་ལྔའི”བྱེད་སྒོར་དངོས་དངོས་རྗེན་རྗེན་གྱི་ཕན་པ་འཐོབ་རྒྱུའི་འགན་ལེན་བྱེད་དགོས། “གཤམ་སྤེལ་ལྔའི”བྱེད་སྒོར་རྣམ་གྲངས་མང་ཞིང་ཁྱབ་རྒྱ་ཆེ་བ་དང་འབྲེལ་བ་ཡོད་པ་མ་ཟད། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་དང་གྲྭ་བཙུན་གྱི་ཐོན་སྐྱེད་དང་འཚོ་བ་དང་ཡང་འབྲེལ་བ་དམ་ཟབ་ཡོད། དུས་བབ་གསར་པའི་འོག་གི“གཤམ་སྤེལ་ལྔའི”བྱེད་སྒོའི་ཁྱད་ཆོས་དང་ཆོས་ཉིད་རྒྱུན་ཆད་མེད་པར་འཚོལ་ཞིབ་བྱེད་པར་སྔོན་ཆད་ཀྱི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་ཕྱོགས་སྡོམ་བྱེད་པ་དང་། ལས་ཀའི་ལམ་སྲོལ་སྔར་བས་འཐུས་ཚང་དུ་གཏོང་བ། ལས་ཀར་མཛུབ་ཁྲིད་དང་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས“གཤམ་སྤེལ་ལྔའི”བྱེད་སྒོ་མང་ཚོགས་ཀྱི་སེམས་སུ་ཟུག་པ་ཞིག་སྤེལ་རྒྱུའི་འགན་ལེན་བྱེད་དགོས།

    དམིགས་ཚད་ཁོང་དུ་ཆུད་པ་དང་གཙོ་གནད་མངོན་གསལ་དོད་པོ་ཡོང་བ་བྱས་ནས་མང་ཚོགས་དང་ཐད་ཀར་འབྲེལ་བ་ཡོད་པའི་དཀའ་གནད་དང་དགོས་མཁོ་དངོས་ཐག་གཅོད་ཏན་ཏིག་བྱེད་དགོས། “གཤམ་སྤེལ་ལྔའི”བྱེད་སྒོ་ནི་གཞི་རིམ་ལ་ཕྱོགས་པ་དང་རྒྱ་ཆེའི་མང་ཚོགས་དང་གྲྭ་བཙུན་ལ་ཕྱོགས་པའི་དམངས་ཕན་བྱེད་སྒོ་ཞིག་རེད། མང་ཚོགས་ཀྱི་བསམ་འདུན་དང་བསྟུན་རྒྱུ་དང་མང་ཚོགས་ཀྱི་དགོས་མཁོ་བསྐང་རྒྱུ་ནི“གཤམ་སྤེལ་ལྔའི”བྱེད་སྒོའི་རྩ་བའི་དམིགས་ཚད་དང་ལས་འགན་ཞིག་ཏུ་བརྩིས་ནས་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་གཏོང་བ་དང་། མང་ཚོགས་ཀྱི་ཚན་རྩལ་ཕྱུག་འགྱུར་གྱི་འཇོན་ཐང་ཆེ་རུ་ཏན་ཏིག་གཏོང་བ། མང་ཚོགས་ཀྱི་བདེ་ཐང་གི་ཆུ་ཚད་མཐོ་རུ་ཧུར་ཐག་གཏོང་བ། མང་ཚོགས་ཀྱི་བཅའ་ཁྲིམས་ཀྱི་འདུ་ཆེས་ནུས་ཤུགས་ཡོད་རྒུས་ཟབ་ཏུ་གཏོང་བ། རྒྱ་ཆེའི་གྲྭ་བཙུན་གྱི་རྒྱལ་གཅེས་ཁྲིམས་སྲུང་གི་བསམ་བླའི་འདུ་ཤེས་ཟབ་ཏུ་གཏོང་བ་བཅས་བྱེད་དགོས།

    དྲིལ་བསྒྲགས་ལ་ཤུགས་སྣོན་དང་ཁྲིད་སྟོན་ཡག་པོ་བྱས་ནས“གཤམ་སྤེལ་ལྔའི”བྱེད་སྒོར་ཐུན་མོང་ཐོག་དོ་ཁུར་དང་། རྒྱབ་སྐྱོར། ཞུགས་པ་བཅས་ཀྱི་རྣམ་པ་ཟབ་མོ་ཞིག་ནུས་ཤུགས་ཡོད་རྒུས་གཏོད་དེ“གཤམ་སྤེལ་ལྔའི”བྱེད་སྒོར་སྤྱི་ཚོགས་ཡོངས་ཀྱིས་དོ་ཁུར་དང་། རྒྱབ་སྐྱོར། དེའི་ནང་ཞུགས་པ་བཅས་ཀྱི་རྣམ་པ་ཟབ་མོ་ཞིག་གཏོད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།