དབུ་ཤོག>གསར་འགྱུར།
  • ལྷོ་ཁ་ས་ཁུལ་གྱི་རྨང་བརྟན་དམངས་ཕན་བྱེད་སྒོའི་ལས་དོན་རུ་ཁག་ཁག་བཞི་པའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-07-08

    རང་སྐྱོང་ལྗོངས་ཀྱི་སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་བྱེད་སྒོ་སྤེལ་བའི་ལོ་ཤས་རིང་ལྷོ་ཁ་ས་ཁུལ་གྱི་རིམ་ཁག་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་རང་སྐྱོང་ལྗོངས་ཀྱི“ལས་འགན་ཁག་ལྔ”དང་ལྷོ་ཁ་ས་ཁུལ་གྱི“ལས་འགན་ཁག་བདུན”ལ་དམ་པོར་དམིགས་ཏེ་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་སྐུལ་མ་གཏོང་བའི་སྲིད་ཇུས་བྱེད་ཐབས་ཞིབ་བཟོ་བྱས་པ་དང་། གྲོང་གསེབ་མཉམ་སྡེབ་དཔལ་འབྱོར་གྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་པ། གཞི་རིམ་གྱི་གསོན་ཤུགས་འཕེལ་བར་བྱས་པ། གཞི་རིམ་གྱི་སྲིད་དབང་རྩ་འཛུགས་ཀྱི་གོང་བུ་འགྲིལ་ཤུགས་དང་ཤུགས་རྐྱེན་ནུས་པ་ཆེ་རུ་ཏན་ཏིག་བཏང་བས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་བསྔགས་བརྗོད་ཆེན་པོ་དང་གདེང་འཇོག་ཡག་པོ་ཐོབ་པ་དང་། གྲོང་ཚོར་བཅའ་སྡོད་ལས་དོན་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད་པ་རེད།

    གྲོང་ཚོ་དང་དུད་ཚང་དུ་བསྐྱོད་ནས་གནས་ཚུལ་མཐིལ་བཤེར་བྱས་པ།

    ཁག་བཞི་པའི་ལས་དོན་རུ་ཁག་བཅའ་སྡོད་བྱས་རྗེས་འཕྲལ་མར་ཁག་གསུམ་པའི་ལས་དོན་རུ་ཁག་དང་ལས་ཀ་རྩིས་སྤྲོད་རྩིས་ལེན་བྱས་རྗེས་རུ་ཁག་ཁག་གིས་སྔ་རྗེས་སུ་གྲོང་ཚོའི་ཏང་ཀྲི་པུའུ་དང་གྲོང་ཚོ་ཨུ་ལྷན་གྱི་ཚོགས་འདུ་འཚོགས་པ་དང་། གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་པའི་ཁོངས་མི་དང་ངོ་འཕྲད་བྱས་ནས་བཅའ་སྡོད་བྱ་ཡུལ་གྲོང་ཚོའི་གཞི་རྩའི་གནས་ཚུལ་ཤེས་རྟོགས་བྱས་ཤིང་། བཅའ་སྡོད་གྲོང་ཚོ་ཁག་གི་གནས་ཚུལ་ཐད་རྒྱུས་མངའ་ལོན་པ་དང་གདེང་ཚོད་ཡོད་པ་བྱས་ཡོད།

    ལས་དོན་རུ་ཁག་ཁག་གིས་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་པ་དང་མཉམ་དུ་ཞིབ་འཇུག་ཧུར་ཐག་བྱས་པ་དང་གྲོང་ཚོའི“ཨུ་ལྷན་གཉིས”ལ་རོགས་རམ་བྱས་ཏེ་གྲོང་ཚོ་དེ་རང་གི་ཁྱད་ཆོས་མཚོན་པ་དང་ཡུལ་དེ་གའི་དངོས་ཡོད་དང་འཚམ་པའི་འཕེལ་རྒྱས་བསམ་ཕྱོགས་གསལ་པོ་བཟོས་པ་དང་། གྲོང་ཚོའི་གནས་ཚུལ་དངོས་དང་འཚམ་པའི་འཕེལ་རྒྱས་ལམ་བུ་ཡང་དག་པ་བཙལ་ནས་གནས་ཡུལ་གྲོང་ཚོའི་དཔལ་འབྱོར་དང་སྤྱི་ཚོགས་ཁྱོན་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་མ་གཏོང་ཆེད་རྨང་གཞི་ཡག་པོ་བཏིངས་པ་རེད།

    ས་ཁུལ་དེ་ཡོངས་ཀྱི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་གིས་གཞི་རིམ་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་དེ་རྩ་བཅོས་ཀྱི་ཇུས་གཞིར་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ་ཁྱོན་ཡོངས་ནས་གྲོང་ཚོ(ཡུལ་མི་ཨུ་ལྷན)“ཨུ་ལྷན་གཉིས”ཀྱི་ཚན་ཁག་འཛུགས་སྐྱོང་དོ་དམ་ལ་ཤུགས་སྣོན་བརྒྱབ་པ་དང་། ཞིང་འབྲོག་པ་ཏང་ཡོན་འཕེལ་རྒྱས་གཏོང་རྒྱུའི་ལས་དོན་ཧུར་ཐག་ངང་བསྒྲུབས་པ། ཏང་དོན་གྲོང་དོན་ལམ་སྲོལ་ལམ་ལུགས་འཐུས་ཚང་དུ་ཧུར་ཐག་བཏང་བ། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གོང་འཕེལ་ཤུགས་ཆེན་བཏང་བ། སློབ་སྦྱོང་རྣམ་པ་དང་། ཞབས་ཞུའི་རྣམ་པ། གསར་གཏོད་རྣམ་པ་བཅས་ཀྱི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་སྐུལ་སྤེལ་ཧུར་ཐག་བཏང་ནས་གཞི་རིམ་ཏང་རྩ་འཛུགས་ཀྱི་བློ་སེམས་འགུགས་ཤུགས་དང་ཤུགས་རྐྱེན་ནུས་པ་ཟམ་མི་ཆད་པར་ལེགས་སུ་བཏང་ཡོད་པ་རེད།

    བསམ་ཕྱོགས་གསལ་བཟོ་བྱས་ཏེ་ལས་གཏོད་ལ་ཤུགས་སྣོན་བརྒྱབ་པ།

    ལྷོ་ཁ་ས་ཁུལ་གྱི་རིམ་ཁག་ལས་དོན་རུ་ཁག་གྲོང་ཚོར་བཅའ་སྡོད་བྱས་ཚུན། ནུས་ཤུགས་ཆེན་པོ་བཏོན་ནས་གྲོང་མིར་ཐབས་ཤེས་འཚོལ་བ་དང། བསམ་ཕྱོགས་གསེད་བཀྲོལ། ལམ་བུ་འཚོལ་བ་བཅས་བྱེད་རོགས་བྱས་ཏེ་གྲོང་ཚོར་ཞིང་འབྲོག་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་དང་། ཞིང་འབྲོག་པའི་རྩལ་ནུས་གསོ་སྦྱོང་། ཁྱད་ལྡན་ཐོན་ལས་གསར་སྤེལ། མཉམ་ལས་དཔལ་འབྱོར་རྩ་འཛུགས་འཛུགས་སྐྱོང་། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གོང་འཕེལ་སོགས་ཐད་ཀྱི་འཕེལ་རྒྱས་འཆར་འགོད་དང་ལག་བསྟར་ཇུས་གཞི་བཟོས་ཏེ་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་གྱི་ཐབས་ལམ་རྒྱ་ཆེར་བཏང་བ་རེད།

    སྣ་དཀར་རྩེ་རྫོང་བར་མདོ་གྲོང་ཚོར་བཅའ་སྡོད་རང་སྐྱོང་ལྗོངས་ཀྱི་སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་བྱེད་སྒོའི་ལས་དོན་རུ་ཁག(ལྷོ་ཁ་ས་ཁུལ་འཕྲོད་བསྟེན་ཅུས་ཀྱིས་མངགས་གཏོང་བྱས)གིས་ལས་རིགས་ཀྱི་ཁྱད་ཆོས་དང་ཆེད་ལས་ཀྱི་ལེགས་ཆར་བརྟེན་ནས་སྨན་ཡོན་མི་དགོས་པའི་སྨན་བཅོས་ཞབས་ཞུ་བྱས་ཏེ་མང་ཚོགས་ལ་སྨན་བཅོས་དང་གཟུགས་པོ་བརྟག་དཔྱད་བྱས་པ་མ་ཟད། གྲོང་ཚོའི་འཕྲོད་བསྟེན་ཁང་གི་རྒྱུན་སྤྱོད་སྨན་རིགས་ལ་ཞིབ་བཤེར་ཡང་བྱས་ཤིང་། གྲོང་གསེབ་སྨན་པར་གསོ་སྦྱོང་བྱས་པས་གྲོང་གསེབ་སྨན་པའི་སྨན་བཅོས་ཆུ་ཚད་མཐོ་རུ་ཕྱིན་ཡོད་པ་རེད།

    གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་གིས“མ་དངུལ་གཏོང་ཉུང་བ་དང་། དུས་ཡུན་ཐུང་བ། ཕན་འབྲས་ཐོན་མྱུར་བ”བཅས་ཀྱི་རྣམ་གྲངས་འཛུགས་སྐྲུན་དེ་ཁྱད་ལྡན་ཐོན་ལས་གོང་འཕེལ་གཏོང་བ་དང་མཉམ་སྡེབ་དཔལ་འབྱོར་སྟོབས་ཆེར་གཏོང་རྒྱུ་དང་ཟུང་འབྲེལ་བྱས་ནས་འཕེལ་རྒྱས་ཀྱི་ལེགས་ཆ་གསལ་རྟོགས་བྱས་པ་དང་། འཕེལ་རྒྱས་ཀྱི་ལམ་བུ་ཡང་དག་པར་བཙལ་བ། འཆར་འགོད་ཡག་པོ་དང་མ་འཇོག་ཉུང་བ་དང་། ཕན་འབྲས་ལེགས་པ། མང་ཚོགས་ལ་ཐད་ཀར་ཕན་འབྲས་ཐོན་པ་བཅས་ཀྱི་ཐོན་ལས་རྣམ་གྲངས་ཁག་གཅིག་བསྐྲུན་ཞིང་། ཁྱད་ལྡན་འདེབས་གསོའི་ལས་རིགས་དང་། མི་རིགས་ལག་ཤེས་ལས་རིགས། བཟོ་སྐྲུན་རྒྱུ་ཆ་ལས་རིགས། འགྲིམ་འགྲུལ་སྐྱེལ་འདྲེན་ལས་རིགས། གྲོང་གསེབ་ཡུལ་སྐོར་ལས་རིགས་སོགས་དཔལ་འབྱོར་དངོས་གཞི་གོང་འཕེལ་ཤུགས་ཆེན་བཏང་བ་དང་ལེགས་ལྡན་ཐོན་ལས་ཆེ་རུ་དང་སྟོབས་ཆེར་ཧུར་ཐག་བཏང་བ་རེད།

    དོན་དག་ཆུང་ངུ་ལས་ཀྱང་བརྩེ་བ་མངོན་པ།

    “གཞི་རིམ་དུ་བསྐྱོད་པ་དང་གྲོང་གསེབ་ཏུ་བཅའ་སྡོད་བྱས་པས་ན་ཁོར་ཡུག་འགྱུར་བ་དང་ལས་ཀའི་ནང་དོན་ཡང་འགྱུར་བས་ང་ཚོས་ཀྱང་དེ་དང་བསྟུན་ནས་སྒྱུར་དགོས། རང་ཉིད་ཇི་ལྟར་བསྒྱུར་དགོས་སམ་ཞེ་ན། ཡུལ་དེ་གའི་ལས་བྱེད་མང་ཚོགས་ནི་དགེ་རྒན་ཡིན་ལ་ང་ཚོས་གཞི་རིམ་ལས་བྱེད་མང་ཚོགས་ཀྱི་ས་ནས་ཁེངས་སྐྱུང་ངང་གནད་དོན་བྱེ་བྲག་ཇི་ལྟར་ཐག་གཅོད་རྒྱུ་དང་ལས་དོན་ཁག་ལ་ཇི་ལྟར་སྐུལ་འདེད་གཏོང་རྒྱུར་སློབ་སྦྱོང་བྱེད་པ་དང་ཁོ་ཚོའི་ཉམས་མྱོང་ཕུན་སུམ་ཚོགས་པོ་སློབ་སྦྱོང་བྱས་ཏེ་རང་གི་ལས་དོན་ལ་སྐུལ་མ་གཏོང་དགོས”ཞེས་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་མི་སྒྲོལ་མས་དེ་ལྟར་བཤད།

    ལྷོ་ཁ་ས་ཁུལ་གྱི་རིམ་ཁག་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་ཚོར་སྣང་དངོས་དང་བརྩེ་དུང་ཟོལ་མེད་ལ་བརྟེན་ནས་མི་སེར་ལ་བྱ་བ་དངོས་བསྒྲུབས་པ་དང་། དམངས་ཀྱི་གནས་ཚུལ་ལ་རྟོག་ཞིབ། དམངས་ཀྱི་སེམས་ཁྲལ་སེལ་བ་བཅས་བྱས་ཁར་བྱ་སྤྱོད་དངོས་ཀྱི་ཐོག་ནས“ཐམས་ཅད་མང་ཚོགས་ཀྱི་ཆེད་དུ་ཡིན་པའི”རྩ་དོན་ལག་ལེན་བསྟར་ཏེ་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དེ་མང་ཚོགས་ཀྱི་སྙིང་དབུས་སུ་ཚོར་བ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།