དབུ་ཤོག>གསར་འགྱུར།
  • བརྩེ་སེམས་ལ་བརྟེན་ནས་གྲོང་ཚོར་བཅའ་སྡོད་ལས་དོན་སྒྲུབ་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  མཱ་ཅིང་གིས།   |     སྤེལ་དུས།  2015-07-08

    སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་བྱེད་སྒོ་གཏིང་ཟབ་སྤེལ་རྒྱུ་ནི་ལྗོངས་ཏང་ཨུད་ཀྱིས་བོད་ཀྱི་དོན་དངོས་དང་ཟུང་འབྲེལ་དང་བོད་ཀྱི་ཁྱད་ཆོས་ལ་དམིགས་ནས་ཏང་གི་མང་ཚོགས་ལམ་ཕྱོགས་ལག་བསྟར་བྱེད་པའི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་དང་། ལས་ཀ་གང་ཞིག་ཡག་པོ་སྒྲུབ་རྒྱུ་དང་། ལས་འགན་ཁག་ལེགས་འགྲུབ་བྱེད་རྒྱུ གནད་དོན་མཐའ་དག་ཐག་གཅོད་བྱེད་རྒྱུའི་འགག་རྩ་ཞིག་རེད།

    ལྷོ་ཁ་ས་ཁུལ་རིམ་ཁག་གྲོང་ཚོ(ཡུལ་ལྷན)དུ་བཅའ་སྡོད་ལས་དོན་རུ་ཁག་གིས་གྲོང་ཚོ་ཁྱིམ་ལ་བརྩི་བ་དང་དཀའ་ངལ་སྤྲོ་སྣང་དུ་བརྩིས་ཏེ་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་རྒྱུ་དེ་གྲོང་ཚོ(ཡུལ་ལྷན)དུ་བཅའ་སྡོད་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་རྒྱུ་རྒྱུན་འཁྱོངས་བྱས་ནས་ངོ་ཐུག་གདོང་འཕྲད་ཀྱིས་མང་ཚོགས་དང་ཉེ་བཅར་བྱེད་པ་དང་། གཅིག་སེམས་གཅིག་ལ་གཏད་ནས་མང་ཚོགས་ལ་རོགས་རམ་བྱེད་པ། བར་ཐག་ཉེ་པོས་མང་ཚོགས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་ཐོག་ནས་གྲོང་ཚོར་བཅའ་སྡོད་ལས་དོན་གྱི་ཆུ་ཚད་སྔར་བས་མཐོ་རུ་བཏང་ཡོད། ང་ཚོས་ཁོ་ཚོའི་བྱེད་སྟངས་དེ་སློབ་སྦྱོང་དང་དཔྱད་གཞིར་འཛིན་དགོས།

    འབྲེལ་ཡོད་ཚན་པ་ཁག་གིས་ཕུལ་བྱུང་མི་སྣ་སྐོང་འཐེན་གྱིས་གྲོང་ཚོར་བཅའ་སྡོད་བྱས་ཏེ་ན་གཞོན་ལས་བྱེད་པ་གྲོང་ཚོར་བཅའ་སྡོད་དང་གསོ་སྐྱོང་སྦྱོང་བརྡར་བྱ་རྒྱུ་དང་ཟུང་འབྲེལ་བྱས་ཏེ་ན་གཞོན་ཕུལ་བྱུང་དང་ལས་ཀ་བྱེད་ཐུབ་མཁན་གྲོང་ཚོར་བཅའ་སྡོད་བྱེད་རྒྱུར་གདམ་གསེས་བྱེད་དགོས་པ་དང་། དབུལ་སྐྱོར་ལས་དོན་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ཞིང་འབྲེལ་རྣམ་གྲངས་དང་མ་དངུལ་ཡིན་ཕྱིན་དབུལ་པོའི་གྲོང་ཚོར་ཕྱོགས་ནས་གཏོང་རྒྱུར་དོ་སྣང་བྱེད་དགོས་པ། བྱ་བ་ཚང་མ་ཡག་པོ་སྒྲུབ་རྒྱུ་རྒྱུན་འཁྱོངས་ཀྱིས་དོན་དག་ཐམས་ཅད་ལ་གྲུབ་འབྲས་དང་ཕན་འབྲས་ཐོན་པ་བྱས་ནས་གྲོང་ཚོར་བཅའ་སྡོད་ཀྱི་ལས་དོན་དེ་ཆུ་ཚད་གསར་པ་ཞིག་ཏུ་སླེབས་པར་བྱེད་དགོས།

    གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་གིས་དུད་ཚང་དུ་བསྐྱོད་དེ་སྒྲོག་འགྲེལ་དང་དྲིལ་བསྒྲགས་བྱེད་པ་སོགས་ཀྱི་བྱེད་ཐབས་སྣ་ཚོགས་བརྒྱུད་ཡིག་ཆ་གལ་ཆེན་རབ་དང་རིམ་པ་དང་། གསུང་བཤད་ཀྱི་དགོངས་དོན། དེ་བཞིན་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་བཅས་དྲིལ་བསྒྲགས་གཏིང་ཟབ་བྱས་ཏེ་རྒྱ་ཆེའི་མང་ཚོགས་རྨང་བརྟན་དམངས་ཕན་བྱེད་སྒོའི་ནང་ཞུགས་རྒྱུར་སྐུལ་མ་ཐེབས་ཡོད།

    གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་གྲོང་ཚོར་བཅའ་སྡོད་བྱ་རྒྱུ་དེ་རང་ཉིད་ཀྱི་འཇོན་ཐང་ཆེ་རུ་གཏོང་རྒྱུར་སྦྱོང་བརྡར་བྱེད་པའི་གོ་སྐབས་ཡག་པོ་ཞིག་ཏུ་བརྩིས་ནས་ལས་བྱེད་པ་དང་མི་སེར་དབར་གྱི་བརྩེ་བ་ཟབ་མོ་དེ་གྲོང་ཚོར་བཅའ་སྡོད་བྱེད་པའི་ལས་ཀའི་ཐོག་ནས་མངོན་པ་དང“དམངས་རྩ་བར་འཛིན་པ” དང“མི་རྩ་བར་འཛིན་པའི”བསམ་བློ་གང་ལེགས་མཚོན་ཡོད། དམ་པ་དོན་གཉེར་དང་། བདེན་འཚོལ་དངོས་སྒྲུབ། བྱ་བ་དངོས་སྒྲུབ་པ། ཕན་འབྲས་དངོས་གཉེར་བ་བཅས་ཀྱི་ཐོག་ནས་མི་སེར་ཚོར་དཔལ་འབྱོར་འཕེལ་རྒྱས་དང་རྣམ་གྲངས་གཉེར་རོགས་བྱས་ནས་ཁོང་ཚོའི“རང་བརྟེན”ནུས་པ་ཆེ་རུ་བཏང་བ་དང་། གྲོང་གསེབ་ཀྱི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱས་ནས་ཚན་ཁག་ཧྲག་པོ་ཞིག་བཀོད་སྒྲིག་བྱས་པ། ཞིང་པར་སློབ་གསོ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་ནས་ཁོ་ཚོར་ཆ་འཕྲིན་དང་ལག་རྩལ་མཁོ་འདོན་བྱེད་པ་དང་བཅའ་ཁྲིམས་དང་སྲིད་ཇུས་དྲིལ་བསྒྲགས་བྱས་པ་བརྒྱུད་ཁོ་ཚོའི་བྱང་ཚད་མཐོ་རུ་གཏོང་རོགས་བྱས་ནས་ཁོང་ཚོར་དཀའ་སྤྱད་སྙིང་རུས་དང་བརྩོན་འགྲུས་བབ་ཆགས་ཀྱི་དར་སྲོལ་བཟང་པོ་ཞིག་འཇགས་པར་བྱས་པ། ལས་བྱེད་པ་གྲོང་ཚོར་བཅའ་སྡོད་བྱེད་པར་མང་ཚོགས་སུན་པོ་མི་བཟོ་བ་དང་གཞི་རིམ་གྱི་ལས་བྱེད་པ་སུན་པོ་མི་བཟོ་བ་བྱེད་པའི་ཁར་ཏན་ཏན་ཏིག་ཏིག་གིས་ལས་དོན་བསྒྲུབས་ནས་ཧུར་བསྲི་གྲོན་ཆུང་གི་སྤྱོད་ཚུལ་དར་སྤེལ་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།