དབུ་ཤོག>གསར་འགྱུར།
  • མིག་དཔེའི་སྣེ་ཁྲིད་འོག་གྲུབ་འབྲས་བཟང་པོ་གཏོད་རྒྱུའི་བརྩོན་ལེན་བྱེད་དགོས།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     རྩོམ་པ་པོ།  ཤིན་ཧྭ་གསར་འགྱུར་ཁང་གི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-07-07

    ནམ་འོག་བདེ་བར་འགོད་བསམ་ན། རྫོང་ཁག་ལེགས་པར་སྐྱོང་བ་གཅེས། ཏང་གི་རྩ་འཛུགས་གྲུབ་ཆ་དང་རྒྱལ་ཁབ་ཀྱི་སྲིད་དབང་གྲུབ་ཆའི་ནང་རྫོང་རིམ་པ་ནི་གོང་མཐུད་འོག་འབྲེལ་གྱི་འགག་རྩའི་ལྷུ་ཚིགས་སུ་གནས་ཡོད། རྫོང་ཨུད་ནི་ཏང་གི་སྲིད་སྐྱོང་རྒྱལ་དར་གྱི“འཐབ་ཕྱོགས་དང་པོའི་བཀོད་འདོམས་པུའུ”ཡིན་པ་དང་རྫོང་ཨུད་ཀྱི་ཧྲུའུ་ཅི་ནི“འཐབ་ཕྱོགས་དང་པོའི་སྤྱི་ཁྱབ་བཀོད་འདོམས་པ”ཡིན་ལ་ཏང་གིས་རྫོང་ཁོངས་སུ་རྒྱལ་སྐྱོང་སྲིད་གཉེར་བྱེད་པའི་རྐང་འཛིན་སྟོབས་ཤུགས་གལ་ཆེན་ཞིག་ཀྱང་ཡིན། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་94འཁོར་བའི་སྔ་ནུབ་ཏུ་རྒྱལ་ཡོངས་ཀྱི་ཕུལ་བྱུང་རྫོང་ཨུད་ཧྲུའུ་ཅི་102ལ་གཟེངས་བསྟོད་གཟབ་རྒྱས་ཐོབ་པ་དེ་ཐོག་ནས་ཀྲུང་དབྱང་གིས་རྫོང་ཨུད་ཀྱི་ཧྲུའུ་ཅིའི་ནུས་པ་དང་ལེགས་སྐྱེས་གལ་ཆེན་ལ་གདེང་འཇོག་གང་ལེགས་བྱས་པ་མཚོན་པ་དང་ཕུལ་བྱུང་རྫོང་ཨུད་ཧྲུའུ་ཅིའི་སྣེ་ཁྲིད་ཀྱི་ནུས་པ་འདོན་པ་དང་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྲུན་བྱེད་པའི་ཐུགས་རེ་ནན་པོ་མཚོན་ཡོད།

    སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་གཟེངས་བསྟོད་ཐོབ་པའི་ཕུལ་བྱུང་རྫོང་ཨུད་ཧྲུའུ་ཅིར་མཇལ་འཕྲད་གནང་སྐབས“ད་རེས་ཀྱི་གཟེངས་བསྟོད་ནི་ཚང་མའི་ལས་ཀའི་གྲུབ་འབྲས་ལ་གདེང་འཇོག་བྱས་པ་ཞིག་ཡིན་ལ་སྔོན་ཐོན་ལ་སློབ་སྦྱོང་དང་སྔོན་ཐོན་གྱི་རྗེས་ཟིན་པ་དང་སྤྱོད་ཡོན་གཉིས་ལྡན་མིག་དཔེར་བརྩི་བའི་སྤྱི་ཚོགས་ཀྱི་རྣམ་པ་ཆགས་ཏེ་ཏང་ཡོན་འགོ་ཁྲིད་ལས་བྱེད་པ་དེ་བས་མང་བ་ཞིག་ལ་མིག་དཔེ་ཡོད་པ་དང་རྗེས་ཟིན་པ་བྱེད་པའི་དམིགས་ཚད་ཡོད་པ་བྱས་ཏེ་དེ་བས་ལེགས་པའི་སྒོ་ནས་མི་དམངས་ལ་ཞབས་འདེགས་ཞུ་བ་དང་དེ་བས་ལེགས་པའི་སྒོ་ནས་ལས་སྒྲུབ་ལས་སྐྲུན་བྱེད་དུ་འཇུག་རྒྱུ་དེ་རེད། ཏང་ཀྲུང་དབྱང་གིས་ད་རེས་ཀྱི་གཟེངས་བསྟོད་བྱེད་སྒོ་སྤེལ་རྒྱུའི་གཏན་འབེབས་གནང་བ་དེའི་དོན་སྙིང་ནི་རྒྱ་ཆེའི་ལས་བྱེད་པ་འཚར་ལོངས་ཡོང་ཆེད་ཐབས་ལམ་ཡང་དག་གསལ་སྟོན་བྱ་རྒྱུ་དེ་ཡང་ཡིན”ཞེས་མཛུབ་སྟོན་གནང་ཞིང་། ལྷད་མེད་ཐུགས་བརྩེ་ཟབ་པའི་བཀའ་མོལ་དེས་ཐུགས་རེ་ནན་པོ་མཚོན་ལ་འགན་འཁྲི་ལྕི་པོ་ཡང་ཚུད་ཡོད།

    “ཕྱོགས་ཡོངས་བཞི”འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བའི་འཕེལ་རིམ་ཁྲོད་དུ་རྫོང་རིམ་པའི་སྲིད་དབང་གིས་འཁུར་བའི་འགན་འཁྲི་ཇེ་ཆེར་འགྲོ་བ་དང་རྫོང་ཨུད་ཀྱི་ཧྲུའུ་ཅིར་རེ་བ་ཇེ་ཆེར་འགྲོ་གི་ཡོད། རྫོང་གཅིག་ནང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་། རིག་གནས་དང་དམངས་འཚོ་འཛུགས་སྐྱོང་། སྣོད་བཅུད་ཤེས་དཔལ་སྲུང་སྐྱོང་། དེ་བཞིན་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་བཅས་རང་རེའི་ཏང་གི་རྒྱལ་སྐྱོང་སྲིད་གཉེར་གྱི་ཕྱོགས་གང་ས་ཅི་ཐད་ཀྱི་ཐབས་ཇུས་བཀོད་སྒྲིག་མང་ཆེ་བ་ཚང་མ་རྫོང་ལ་བརྟེན་པ་དང་འབྲེལ་རྫོང་དུ་དོན་འཁྱོལ་བྱེད་དགོས། གང་དུ་དཔོན་གནས་འཁུར་བ་ན། དེ་གར་བདེ་བ་བསྐྲུན་ཆེད་བརྩོན། རྫོང་ཨུད་ཀྱི་ཧྲུའུ་ཅི་ཡག་པོ་ཞིག་བྱ་རྒྱུ་ནི་ཐོག་མཐའ་བར་གསུམ་དུ་མི་འགྱུར་བའི་འགན་འཁྲི་དང་ལས་འགན་ཞིག་ཡིན་ལ་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བའི་དུས་རབས་ཀྱི་རེ་བ་ཞིག་ཀྱང་ཡིན།

    མིག་དཔེའི་སྟོབས་ཤུགས་འཛད་མཐའ་མེད། མིག་དཔེ་སྣེ་ཁྲིད་དུ་བྱེད་པ་དང་ཚད་ཤིང་དེ་ཚད་གཞི་རུ་བྱེད་པ་དང་། “ནན་གསུམ་དྲང་གསུམ”གྱི་ཚད་གཞི་དང་བླང་བྱ་དེ་ལས་ཀ་དང་འཚོ་བའི་ཁྲོད་དུ་དོན་འཁྱོལ་བྱེད་པ། རྒྱུན་ཆད་མེད་པར་བསམ་བློའི་གཤིས་རྒྱུད་ལ་ཞུན་བརྡར་བྱེད་པ་དང་ཕུགས་བསམ་གྱི་དད་སེམས་བརྟན་དུ་གཏོང་བ། དམངས་ཆེད་ཀྱི་བརྩེ་སེམས་བརྟན་སྲུང་དང་དམངས་ཆེད་ཀྱི་དམིགས་ཡུལ་ལག་ལེན་བྱེད་པ། སྲིད་སྐྱོང་གི་ནུས་པ་ཆེ་རུ་གཏོང་བ་དང་བྱ་གཞག་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ། ཚན་ཁག་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་འགོ་ཁྲིད་པའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ཚེ་རྫོང་ཨུད་ཀྱི་ཧྲུའུ་ཅི་དང་རྫོང་ཨུད་ཚན་ཁག་དེ་ཉིད་རྫོང་དེའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས་ཕྱར་བ་གྲུ་འདེགས་ཀྱིས་འཛུགས་སྐྲུན་བྱེད་པ་དང་འཕེལ་རྒྱས་དོན་གཉེར་བྱེད་པའི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་སྲོག་ཤིང་དུ་འགྱུར་ཐུབ།

    སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་རྒྱ་ཆེའི་རྫོང་ཨུད་ཀྱི་ཧྲུའུ་ཅིར་བླང་བྱ་ཁག་བཞི་བཏོན་ནས་ཁོང་ཚོར“ཆབ་སྲིད་གསལ་རྟོགས་ཐུབ་མཁན”དང་། “འཕེལ་རྒྱས་ཀྱི་ལམ་འབྱེད་པ”“མང་ཚོགས་ཀྱི་སྙིང་ཉེ་བ”“ཚན་ཁག་གི་སྣེ་ཁྲིད་པ”བཅས་བྱ་རྒྱུའི་སྐུལ་ལྕག་གནང་ཡོད། ལོ་ཕྱེད་གོང་ཀྲུང་དབྱང་ཏང་གི་སློབ་གྲྭའི་རྫོང་ཨུད་ཧྲུའུ་ཅིའི་ཞིབ་འཇུག་ཟབ་སྦྱོང་འཛིན་གྲྭའི་སློབ་མ་དང་བཞུགས་མོལ་གནང་སྐབས“རྫོང་ཨུད་ཧྲུའུ་ཅི་བྱས་ན། ཅའོ་ཡུས་ལུའུ་ལྟ་བུའི་རྫོང་ཨུད་ཧྲུའུ་ཅི་ཞིག་བྱས་ནས་ཐོག་མཐའ་བར་གསུམ་དུ་སེམས་ནང་ཏང་ཡོད་པ་དང་། སེམས་ནང་དམངས་ཡོད་པ། སེམས་ནང་འགན་འཁྲི་ཡོད་པ། སེམས་ནང་བསླབ་འདོམས་ཡོད་པ”བཅས་བྱེད་ཐུབ་པ་བྱེད་པ་ནས་བླང་བྱ་གསར་པ་བཞི་སྔར་བས་ནན་བཤད་བྱས་པའི་བར་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་རྫོང་ཨུད་ཀྱི་ཧྲུའུ་ཅིའི་རང་གཅུན་གྱི་རྩ་བ་དང་། སྲིད་སྐྱོང་གི་གནས་ལུགས། ལས་འགྲུབ་ཀྱི་བླང་བྱ་བཅས་ལ་བསམ་གཞིགས་ནན་པོ་གནང་བ་གཅིག་སྡུད་དུ་མཚོན་པ་དེ་ནི་ལས་གནས་གལ་ཆེན་དེའི་ཚད་གཞི་མཐོ་པོ་དང་བླང་བྱ་ནན་པོར་སྔར་བས་རྒྱས་བཤད་བྱས་པ་ཞིག་ཡིན་པས་ཕུལ་བྱུང་རྫོང་རིམ་པའི་འགོ་ཁྲིད་ལས་བྱེད་པ་དེ་བས་མང་བ་ཞིག་གསོ་སྐྱོང་དང་གདམ་གསེས་བྱ་ཆེད་ཚད་འཇལ་ཚད་ཐིག་ཅིག་གཏན་འཁེལ་གནང་ལ་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་ཆེན་པོ་ཞིག་སྐྲུན་ཆེད་ཁ་ཕྱོགས་གསལ་སྟོན་ཡང་གནང་ཡོད།

    རེ་བ་ཡོད་པའི་མི་རིགས་ཤིག་ལ་དཔའ་བོ་མེད་དུ་མི་རུང་བ་ཞིག་ཡིན་པ་དང་མདུན་ལམ་ཡོད་པའི་སྲིད་ཏང་ཞིག་ལ་ཚད་ཤིང་མེད་དུ་མི་རུང་། ཏང་གི་བྱ་གཞག་ལ་ལས་བྱེད་པ་ཡག་པོ་དེ་བས་མང་བ་ཞིག་དགོས་པ་དང་། དུས་རབས་ཀྱིས་ལས་བྱེད་པ་ཡག་པོ་དེ་བས་མང་བ་ཞིག་རེ་འབོད་བྱེད་པ། མི་དམངས་ཀྱིས་ལས་བྱེད་པ་ཡག་པོ་དེ་བས་མང་བ་ཞིག་རེ་སྒུག་བྱེད་པ་བཅས་རེད། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་མངགས་བཅོལ་བློ་ལ་བརྟན་པོ་ངེས་པ་དང་རེ་བཅོལ་ཆེན་པོ་ཆུད་ཟོས་སུ་མི་གཏོང་བར“ཡོད་པ་བཞིའི”ཚད་གཞིར་བརྟེན་ནས་བྱ་གཞག་དར་བའི་འགན་འཁྲི་གཙང་སྒྲུབ་བྱེད་དགོས་པ་དང་། བླང་བྱ་གསར་པར་བརྟེན་ནས་ལས་སྒྲུབ་ལས་སྐྲུན་ལ་མཛུབ་ཁྲིད་བྱེད་པ་དང་། མིག་དཔེའི་ཁྲིད་སྟོན་འཇོག་སེམས་ནང་གི་ཚད་ཤིང་འཛུགས་པ། སྔོན་ཐོན་ལ་སློབ་སྦྱོང་བྱེད་པའི་ཁྲོད་དུ་རང་རང་སོ་སོ་མཐོར་གཏོང་བྱེད་པ། སྔོན་ཐོན་བརྩོན་ལེན་བྱེད་པའི་ཁྲོད་དུ་གྲུབ་འབྲས་བཟང་པོ་བཏོད་དེ“ཕྱོགས་ཡོངས་བཞིར”མཐུན་སྦྱོར་ངང་སྐུལ་འདེད་གཏོང་བའི་འཐབ་ཇུས་བཀོད་སྒྲིག་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་ཞིག་འབུལ་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།