དབུ་ཤོག
  • ཐབས་ཤེས་འདི་དག་གིས་ཁྱེད་རང་གི་རྐང་དྲི་སེལ་ཐུབ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-07-05

    1ab6d5a9-27d7-4f93-a66c-48d874ab71c3.jpg

    རིགས་གཅིག་མཁས་པས་རྐང་དྲི་སེལ་དགོས་ན་རྐང་པའི་གཙང་སྦྲར་དོ་སྣང་བྱས་ནས་ཉིན་ལྟར་རྐང་པ་ཆུ་ཚ་པོའི་ནང་སྦངས་ཏེ་འཁྲུ་དགོས་པ་དང་། ཨི་ཁུང་ཡོད་པའི་ལྷམ་གྱོན་དགོས་པ། རྐང་ཤུབས་དང་ལྷམ་ཉི་ལྷགས་འོག་བཀྲམས་ནས་སྐམ་ཤས་རྒྱུན་འཁྱོངས་བྱེད་དགོས་པ། ཁྱིམ་ཚང་གཅིག་ནང་རྐང་དྲི་ཡོད་པ་རྩ་བཅོས་ཀྱིས་ཁྱིམ་མི་གཞན་ལ་མ་འགོས་པ་བྱེད་དགོས་ཞེས་གསུངས་ཡོད། 

    རྐང་དྲི་སེལ་ཐབས་ཐད་ཀྲུང་ལུགས་གསོ་རིག་ལས།

    1.རྐང་དྲི་དང་རྐང་ཤུ་ཐོན་པར་སྒོག་པ་ལྡུར་ལྡུར་བཟོས་ནས་དྲག་སྐྱེད་མ་བྱུང་བར་མུ་མཐུད་རྐང་པར་བྱུགས་དགོས་པ་དང་།

    2.ཤ་གསོས་གང་རུང་ཞིག་ལ་ཟ་ཚུའུ་བསྲེས་ནས་སྐྱོ་མ་ལྟར་བཟོས་ཏེ་རྐང་པར་བྱུགས་ན་རྐང་ཤུ་དང་རྐང་དྲིར་བཅོས་ནུས་གང་འཚམས་ཐོན་ཐུབ་པ།

    3.ཇའེ་ཙེའི་རྩ་བ་ཚྭ་ཆུའི་ནང་བཙོས་ནས་དེའི་ཁུ་བ་གྲང་མོ་བཟོས་རྗེས་རྐང་པ་བཀྲུས་ན་རྐང་དྲི་སེལ་ཐུབ་པ།

    4.དབྱར་ཁ་རྐང་ཤུ་ཐོན་ན་སྔོན་ལ་རྐང་པ་གཙང་མ་བཀྲུས་ནས་བསྐམས་རྗེས་ཕུང་ཡིའུ་ཅིང་ཉིན་རེར་ཐེངས་གཉིས་བྱུགས་དགོས་པ་དང་། ཉིན་འགའ་བསྟུད་མར་བྱུགས་དགོས་པ།

    5.རྐང་ཤུ་ཐོན་ནས་དྲི་མ་ངན་པོ་ཁ་བ་དང་ཆུ་སོབ་ཐེབས་པའི་རྐང་པར་ཐ་མག་གི་ཐལ་བ་འཕུར་ན་རྐང་པ་སྐམ་ཤས་ཆེ་རུ་འགྲོ་བ་དང་མཛུབ་གསེབ་ཀྱི་ཟ་འཕྲུག་འཇགས་པ་དང་དྲི་མ་ཆུང་དུ་གཏོང་ཐུབ་པ།

    6.ལོ་མང་རྐང་དྲི་ཡོད་པའི་རྐང་པ་གཙང་མར་བཀྲུས་རྗེས་སོ་སྨན་བྱུགས་ནས་འཕུར་དགོས་པ་དང་། དུས་ཚོད་རིང་པོ་རྒྱུན་འཁྱོངས་བྱས་ན་དྲི་ངན་རྩ་བཅོས་ཐུབ་པ་སོགས་གསུངས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།