དབུ་ཤོག>གསར་འགྱུར།
  • ​ ལྷ་ས་གྲོང་ཁྱེར་རྒྱལ་ཁྲལ་ཅུས་གྲོང་བྱང་ཡན་ལག་ཅུས་ཁྲལ་སྒྲུབ་ཞབས་ཞུ་ཚོམས་ཆེན་གྱི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-07-05

    མང་ཚོགས་བློ་ཡིད་ཚིམས་ཚད་99.87%ཟིན་པ་དང་མང་ཚོགས་མི་ཐེངས་6296ལ་ཞབས་འདེགས་ཞུས་ཡོད། དེ་ནི་ལྷ་ས་གྲོང་ཁྱེར་རྒྱལ་ཁྲལ་ཅུས་གྲོང་བྱང་ཡན་ལག་ཅུས་ཀྱི་ཁྲལ་སྒྲུབ་མི་སྣས་གསར་འགོད་པའི་རེ་བ་བཞིན་རྩིས་རྒྱག་འཕྲུལ་འཁོར་ཐོག་ནས་ཟུར་འཐེན་བྱས་པའི་གྲངས་གཞི་གཉིས་ཡིན་པ་རེད། རང་འགུལ་ངང་ཁྲལ་འཇལ་བའི་ལྟ་སྐུལ་དང་ལེན་བྱ་ཆེད་ཁྲལ་སྒྲུབ་ཞབས་ཞུ་ཚོམས་ཆེན་གྱི་གདེང་འཇོག་སྟེགས་བུ་ཉིན་མཚན་བལྟོས་མེད་སྤྱོད་རྒྱུ་ཡོད་པ་རེད། ཁྲལ་འཇལ་བས་ཁྲལ་འཇལ་འགྲོ་ལུགས་གཉེར་སྐབས་ལས་དོན་མི་སྣས་རང་འགུལ་ངང་ཁྲལ་འཇལ་བར་ཞབས་ཞུའི་ཡོ་བྱད་སྤྱད་དེ་གདེང་འཇོག་བྱེད་དགོས་པའི་དྲན་སྐུལ་བྱེད་ཀྱི་ཡོད།

    ཁྲལ་སྒྲུབ་ཞབས་ཞུ་ཚོམས་ཆེན་མ་བཙུགས་གོང་གྲོང་བྱང་ཁྲལ་དོན་ཡན་ལག་ཅུས་ཀྱིས་ཁྲལ་འཇལ་བས་ཁྲལ་འཇལ་འགྲོ་ལུགས་གཉེར་བ་དང་། འཛིན་ཤོག་ཉོ་བ། དཔྱ་ཁྲལ་ཆག་ཡང་རེ་ཞུ་སོགས་ཀྱི་ཁྲལ་འབྲེལ་ལས་སྒོ་གཉེར་སྐབས་ཚང་མ་པེ་ཅིང་ནུབ་ལམ་རང་སྐྱོང་ལྗོངས་རྒྱལ་ཁྲལ་ཅུས་རིམ་གསུམ་ཁྲལ་སྒྲུབ་ཞབས་ཞུ་ཐིང་དུ་བསྐྱོད་ནས་འགྲོ་ལུགས་གཉེར་དགོས་ཀྱི་ཡོད་པ་རེད། ཁྲལ་འབབ་ལས་སྒོ་གཉེར་མཁན་མང་བས་བང་རིང་པོ་སྒྲིག་དགོས་པ་མ་ཟད། ད་དུང་ལས་སྒོ་ཁག་གཅིག་གི་ཁྲལ་འཇལ་བ་དོ་དམ་གཙོ་བོ་བྱེད་མཁན་ལས་དོན་ལས་ཁུངས་སུ་ཕར་འགྲོ་ཚུར་འོང་བྱེད་དགོས་པས་ཁྲལ་འཇལ་བར་སྟབས་མི་བདེ་བ་མང་པོ་བཟོ་གི་ཡོད་པ་རེད།

    ལྷ་ས་གྲོང་ཁྱེར་ཏུང་ཧྲེང་འཛིན་ཆས་ཁེ་ལས་ཀྱི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཧོང་དབྱིན་གྱིས“སྐབས་དེ་དུས་ཁྲལ་དོན་ལས་སྒོ་གཉེར་སྐབས་མགྱོགས་ཤོས་ལ་ཉིན་གཅིག་གཉིས་འགོར་བ་དང་འགོར་ཤོས་ལ་གཟའ་འཁོར་གཅིག་འགོར་གྱི་ཡོད། ཡིན་ནའང་ད་ཆ་དེ་ཁུལ་ཁྲལ་སྒྲུབ་ཞབས་ཞུ་ཚོམས་ཆེན་བཙུགས་པ་ནས་བཟུང་ངས་ཆུ་ཚོད་གཅིག་ནང་ཁྲལ་དོན་ལས་སྒོ་གཉེར་ཚར་གྱི་འདུག”ཅེས་བཤད་བྱུང་།

    ཁྲལ་སྒྲུབ་ཞབས་ཞུ་ཚོམས་ཆེན་དེ་ཉིད་རྒྱལ་ཁྲལ་སྡེ་ཚན་གྱི་སྐར་ཁུང་ཞབས་ཞུའི་ས་ཚིགས་ཤིག་ཡིན་པའི་ངོས་ནས་མི་རིགས་ས་ཁུལ་གྱི་དོན་དངོས་གནས་ཚུལ་ལ་དམིགས་ནས་ལྷ་ས་གྲོང་ཁྱེར་རྒྱལ་ཁྲལ་ཅུས་གྲོང་བྱང་ཡན་ལག་ཅུས་ཀྱིས་ཁྲལ་སྒྲུབ་ཞབས་ཞུ་ཚོམས་ཆེན་དུ་ཕྱོགས་བསྡུས་ལས་སྒོའི་སྐར་ཁུང་ཞབས་ཞུའི་ས་ཚིགས་དགུ་བཙུགས་ཏེ་ཁྲལ་དོན་ཞབས་འདེགས་ཞུ་བ་དང་སྐར་ཁུང་ཞབས་ཞུའི་ལས་དོན་མི་སྣ་བོད་རྒྱ་སྐད་ཡིག་གཉིས་བྱང་ཆུབ་པས་ཁྲལ་འཇལ་བར་ཁྲལ་དོན་ཞབས་འདེགས་སྣ་ཚོགས་ཞུ་གི་ཡོད་པ་རེད།

    གཞན་ཡང་ཡན་ལག་ཅུས་ཀྱིས་ཁྲལ་སྒྲུབ་ཞབས་ཞུ་ཚོམས་ཆེན་དུ་ཐེར་འདོན་གོང་ཞུའི་ཁ་པར་ཨང་གྲངས་དང་ཅུས་ཀྲང་དང་སྒྲིག་བཤེར་མི་སྣའི་ཁ་པར་ཨང་གྲངས་མཁོ་འདོན་བྱས་པ་དང་ཁྲལ་འཇལ་བའི་ཐེར་འདོན་གོང་ཞུ་དང་ལེན་བྱེད་ཀྱི་ཡོད་པ་རེད། ཁྲལ་འཇལ་བས་ཐེར་འདོན་གོང་ཞུ་བྱེད་རིགས་ལ་དུས་ཐོག་ཏུ་ཐག་གཅོད་བྱེད་པ་དང་བརྟག་དཔྱད་བྱས་འབྲས་དྲང་པོ་ཡིན་པ་ཤེས་རྟོགས་ཐུབ་རིགས་ཀྱི་ཁྲལ་དོན་མི་སྣར་སློབ་གསོ་གཏོང་བ་དང་འབྲེལ་གནས་ཚུལ་ལ་གཞིགས་ནས་ལས་གནས་བརྗེ་པོ་རྒྱག་གི་ཡོད་པ་རེད།

    ད་ཆ་ཁྲལ་སྒྲུབ་ཞབས་ཞུ་ཚོམས་ཆེན་དུ་ཁྲལ་དོན་འགྲོ་ལུགས་གཉེར་བར་ཡོང་མཁན་ཁྲལ་འཇལ་མཁན་ལ་དཔྱད་གཞིའི་ཡིག་རིགས་ཆ་ཚང་བ་དང་འགྲོ་ལུགས་ལག་ཁྱེར་ཆ་ཚང་ཡོད་ཕྱིན་90%ཡན་གྱི་ཁྲལ་འབྲེལ་ལས་སྒོ་ཚང་མ་སྐར་ཁུང་གཅིག་ཏུ་གཉེར་ཐེངས་གཅིག་ལ་གཉེར་ཆོག་པ་དང་ལས་སྒོ་གཉེར་བའི་དུས་ཚོད་ཐུང་དུ་ཕྱིན་པའི་ཁར་ཁྲལ་འཇལ་མཁན་ལ་སྟབས་བདེ་ཆེན་པོ་བསྐྲུན་ཡོད་པ་རེད།

    འདི་ལོ་ཁྲལ་སྒྲུབ་ཞབས་ཞུའི་ཚོམས་ཆེན་དེ་ཉིད་ལྷ་ས་གྲོང་ཁྱེར་ཁྲལ་དོན་ཅུས་ཁྲལ་སྒྲུབ་ཞབས་ཞུའི་ཚོམས་ཆེན་ཁྲོད་ཀྱི་ཕྱི་ཕྱོགས་དྲིལ་བསྒྲགས་ཀྱི་དཔེ་མཚོན་སྐར་ཁུང་ས་ཚིགས་སུ་གཏོད་ཆེད་གྲོང་བྱང་ཡན་ལག་ཅུས་ཁྲལ་སྒྲུབ་ཞབས་ཞུ་ཚོམས་ཆེན་གྱིས་ཅུས་འགོ་ཁྲིད་ཀྱི་ལས་རེས་ལམ་ལུགས་ལག་ལེན་བསྟར་ནས་ཚོམས་ཆེན་གྱི་དོ་དམ་དང་མཐུན་སྦྱོར་ལས་དོན་གྱི་འགན་ཁུར་ཏེ་ཁྲལ་འཇལ་མཁན་གྱི་བློ་འདྲི་དང་ཁྲལ་འཇལ་འགྲོ་ལུགས་གཉེར་རྒྱུར་ཁྲིད་སྟོན་སོགས་ཀྱི་ཞབས་འདེགས་ཞུ་གི་ཡོད་པ་རེད།

    འདི་ལོའི་ཟླ་3ཚེས་1ཉིན་ཁྲལ་འཇལ་མཁན་གྱི་བློ་ཡིད་ཚིམ་ཚད་མཐོ་རུ་གཏོང་ཆེད། ཁྲལ་འཇལ་མཁན་འགའ་ཞིག་གི་རིག་གནས་ཆུ་ཚད་དམའ་བའི་གནས་ཚུལ་ལ་དམིགས་ནས་ཁྲལ་སྒྲུབ་ཞབས་ཞུ་ཚོམས་ཆེན་གྱིས་ད་དུང་ལས་སྒོ་ཁག་གཅིག་ཏུ་ཤོག་བྱང་འབྲི་མི་དགོས་པའི་ལས་སྒོ་གཉེར་ཡོད་པ་རེད། ཁྲལ་འཇལ་མཁན་གྱིས་མཁོ་འདོན་བྱས་པའི་དཔྱད་གཞིའི་ཡིག་རིགས་ལྟར་སྐར་ཁུང་ཞབས་ཞུའི་ལས་དོན་མི་སྣས་ཤོག་བྱང་འབྲི་རོགས་བྱེད་པ་དང་ཁྲལ་འཇལ་མཁན་གྱིས་རང་མིང་བཀོད་ན་འགྲིག་གི་ཡོད་པ་རེད།

    དབང་པོ་སྐྱོན་ཅན་དང་དངོས་ཞབས་དམག་མི་སོགས་དམིགས་བསལ་ཁྲལ་འཇལ་མཁན་མི་ཚོགས་ལ་དམིགས་ནས་ཁྲལ་སྒྲུབ་ཞབས་ཞུ་ཚོམས་ཆེན་གྱིས“ཁྲལ་འཇལ་མཁན་གྱི་ཐོགས་མེད་བགྲོད་ལམ”བཏོད་པ་དང་འབྲེལ་ཁ་པར་ནས་སྔོན་མངགས་ལམ་ལུགས་ལག་ལེན་བསྟར་ཡོད་པ་རེད།

    “ང་ཟླ་རེར་ཁྲལ་སྒྲུབ་ཞབས་ཞུ་ཚོམས་ཆེན་དུ་ཁྲལ་འཇལ་ལས་སྒོ་གཉེར་བར་ཡོང་གི་ཡོད། ང་རང་ཡོང་རིམ་བཞིན་ཁྲལ་སྒྲུབ་ལས་དོན་མི་སྣས་ལས་མཚམས་འཇོག་པའི་དུས་ཚོད་སླེབས་རུང་། སྔར་བཞིན་ཁྲལ་དོན་ལས་སྒོ་གཉེར་བ་མཐོང་སྐབས་སེམས་འགུལ་ཚད་མེད་ཐེབས་ཀྱི་འདུག”ཅེས་བརྡ་ཆའི་ལས་སྒོ་གཉེར་མཁན་ཁེར་རྐྱང་བཟོ་ཚོང་དུད་ཚང་ཀྲེང་ཞོལ་ཀྲེས་བཤད་བྱུང་།

    ཁྲལ་འཇལ་མཁན་ལ་བརྩེ་སེམས་ཟབ་མོ་བཅངས་པ་དང་ངང་རྒྱུད་རིང་པོས་ཞབས་འདེགས་ཞུས་ཤིང་། ཁྲལ་འཇལ་མཁན་ཚོར་སྟབས་བདེ་དང་དངོས་ཕན་ཐོབ་པར་བྱེད་པ་དང་ལས་ཕྱོད་ཆེ་ལ་མགྱོགས་པའི་ཁྲལ་འཇལ་ཞབས་ཞུའི་ཁོར་ཡུག་ཅིག་གཏོད་ཆེད། ལྷ་ས་གྲོང་ཁྱེར་རྒྱལ་ཁྲལ་ཅུས་གྲོང་བྱང་ཡན་ལག་ཅུས་ཁྲལ་སྒྲུབ་ཞབས་ཞུའི་ཚོམས་ཆེན་གྱིས་ད་དུང་དྲ་ཐོག་ཏུ་ལས་སྒོ་གཉེར་རྒྱུ་བཏོན་ཡོད་པས། ཁྲལ་འཇལ་མཁན་ཕྱིར་ཐོན་མི་དགོས་པར་ཁྲལ་དོན་ལས་སྒོ་གཉེར་ཐུབ་ཀྱི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།