དབུ་ཤོག>གསར་འགྱུར།
  • སྟག་རྩེ་རྫོང་གི་ཁྲལ་རིགས་ཆེན་པོ་གསུམ་སྒོར་དུང་ཕྱུར་གྱི་འགག་སྒོ་ལས་བརྒལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-07-03

    འདི་ལོ་ཚུན་དུ་སྟག་རྩེ་རྫོང་རྒྱལ་ཁྲལ་ཅུས་ཀྱིས་ཁྲལ་བསྡུའི་ལས་དོན་ཧུར་ཐག་སྤེལ་བར་བརྟེན་ཁྲལ་འབབ་ལ་ཚད་བརྒལ་གསར་པ་བྱུང་ཞིང་། ཟླ་ལྔ་པའི་ཟླ་མཇུག་བར་སྟག་རྩེ་རྫོང་རྒྱལ་ཁྲལ་ཅུས་ཀྱིས་རིམ་རྩིས་བྱས་ན་ཁྲལ་འབབ་སྒོར་ཁྲི་46682.51མཛོད་འཇུག་བྱས་པས་ཟླ་གཅིག་གི་སྔ་སྣུར་དུ་ཁྲལ་འབབ་ཀྱི་ལས་འགན་ཕྱེད་ཀ་ལེགས་སྒྲུབ་བྱས་ཡོད། དེའི་ནང་རིན་ཐང་འཕར་མའི་ཁྲལ་དང་། ཁེ་ལས་ཀྱི་ཐོབ་ཁྲལ། མི་སྒེར་གྱི་ཐོབ་ཁྲལ་བཅས་ཁྲལ་རིགས་ཆེན་པོ་གསུམ་སྒོར་དུང་ཕྱུར་གྱི་འགག་སྒོ་ལས་བརྒལ་ཏེ་ཁེ་ལས་ཀྱི་ཐོབ་ཁྲལ་ཡོང་འབབ་སྒོར་ཁྲི་15167.33ཟིན་པ་དེ་དུས་མཚུངས་ལས་སྒོར་ཁྲི་13728.34འཕར་ནས་ཁྲལ་བསྡུའི་སྤྱིའི་བསྡུར་ཚད་ཀྱི་32%ཟིན་ཡོད། སྒེར་གྱི་ཐོབ་ཁྲལ་ཁྲལ་འབབ་སྒོར་ཁྲི་14595.1ཟིན་པ་དེ་དུས་མཚུངས་ལས་སྒོར་5251.84འཕར་ནས་ཁྲལ་འབབ་སྒྲིག་འཛུགས་ཀྱི་བསྡུར་ཚད་31%ཟིན་པ། རིན་ཐང་འཕར་མའི་ཁྲལ་འབབ་སྒོར་ཁྲི་12993.32ཟིན་པ་དེས་ཁྲལ་འབབ་བསྡུར་ཚད་ཀྱི་28%ཟིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།