“ནན་གསུམ་དྲང་གསུམ”གྱི་དོན་ཚན་དང་པོ་ནི“རང་གཅུན་ནན་པོ”བྱ་རྒྱུ་དེ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས“རང་གཅུན་ནན་པོ་བྱེད་དགོས་ཞེས་པ་ནི་ཏང་གཤིས་བློ་སྦྱོང་ལ་ཤུགས་རྒྱག་དགོས་པ་དང་། ཕུགས་བསམ་དང་དད་སེམས་མཐའ་འཁྱོངས་བྱེད་དགོས་པ། ཀུན་སྤྱོད་ཀྱི་ཆུ་ཚད་མཐོ་རུ་གཏོང་དགོས་པ། བླ་ན་མེད་པའི་བསམ་ཚུལ་དོན་གཉེར་བྱེད་དགོས་པ། རང་རྟོགས་ངང་ཆོ་མེད་འདོད་མོས་དང་ཐག་རིང་ཙམ་བྱེད་དགོས་པ། རང་རྟོགས་ངང་ཚུལ་མིན་སྤྱོད་ངན་བཀག་འགོག་བྱེད་དགོས་པ”བཅས་ཡིན་ཞེས་ནན་བཤད་གནང་བ་དེའི་ཐོག་ནས་རང་གཅུན་ནན་པོ་བྱེད་དགོས་པའི་རྩ་བའི་བླང་བྱ་ནི་ཏང་གཤིས་བློ་སྦྱོང་ལ་ཤུགས་རྒྱག་དགོས་པ་དེ་ཡིན་པ་དང་། ཏང་གཤིས་བློ་སྦྱོང་ལ་ཤུགས་དགོས་པ་ནི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ངེས་པར་དུ་བརྩི་སྲུང་ཞུ་དགོས་པའི་རང་གཅུན་གྱི་རྩ་བ་དང་། སྲིད་སྐྱོང་གི་ལམ་བུ། བྱ་བ་བསྒྲུབ་པའི་འགག་རྩ་བཅས་དེ་བས་ཀྱང་ཡིན་པ་མངོན་ཡོད།
རང་གཅུན་ནན་པོ་བྱེད་དགོས་བསམས་ན་ངེས་པར་དུ་ཕུགས་བསམ་དང་དད་སེམས་སྔར་བས་བརྟན་དུ་བཏང་ནས་བསམ་པའི“འཚོ་བཅུད”གསབ་དགོས། འཚོ་བ་དངོས་ནང་ཏང་ཡོན་ལས་བྱེད་པ་འགའ་ཞིག་ལ་གནད་དོན་མི་འདྲ་བ་མང་པོ་ཡོད། དེ་མཐར་གཏུགས་ནས་བཤད་ན། དད་སེམས་བརྟན་པོ་མེད་པ་དང་སྙིང་སྟོབས་བརླག་པས་རེད། རང་གཅུན་ནན་པོ་བྱེད་དགོས་ཞེས་པ་དེས་ང་ཚོར་ངེས་པར་དུ་ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་ཅིག་མཐའ་འཁྱོངས་བྱེད་དགོས་ཤིང་། རྒྱལ་ཁ་ཐོབ་པའམ་ཡང་ན་བྱ་བ་ལམ་ལྷོངས་བྱུང་བའི་དུས་སུ་སྤོབས་པ་དང་འཚབ་འཚུབ་མི་བྱེད་པ་དང་དཀའ་ངལ་འཕྲད་པའམ་ཡང་ན་བྱ་བ་ལམ་ལྷོངས་མ་བྱུང་བའི་དུས་སུ་ཡིད་ཐང་མི་ཆད་པ་དང་གཡོ་འགུལ་མི་ཐེབས་པར་བྱས་ཏེ་ཉམས་ཉེན་དང་དཀའ་ངལ་སྣ་ཚོགས་ཀྱི་ཚོད་བགམ་ཐེག་ཐུབ་པ་བྱེད་དགོས་པ་དང་། ངན་རུལ་བསམ་བློ་སྣ་ཚོགས་ཀྱི་བསླད་སྐྱོན་མི་ཕོག་པ་བྱེད་དགོས་པ། གུང་ཁྲན་ཏང་ཡོན་གྱི་ཆབ་སྲིད་རང་བཞིན་ནམ་ཡང་མི་ཉམས་པ་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་ཡོད།
རང་གཅུན་ནན་པོ་བྱེད་དགོས་ཞེས་པ་དེ་མཐར་གཏུགས་ནས་བཤད་ན་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་དེ་རེད། བླ་ན་མེད་པའི་བློ་སྦྱོང་སྤྱོད་གཤིས་ཤིག་མེད་ན་ཀུན་སྤྱོད་ཡག་པོ་ཞིག་ཡོང་ག་ལ་སྲིད། དེས་ང་ཚོར་ངེས་པར་དུ་དབང་ཆ་དམངས་ཀྱི་ཆེད་དུ་སྤྱོད་རྒྱུ་དང་། བརྩེ་སེམས་དམངས་ལ་འཆང་རྒྱུ། ཕན་པ་དམངས་ལ་འདོགས་རྒྱུ་བཅས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ་མང་ཚོགས་ཀྱིས་དོ་འཁུར་ཆེ་ཤོས་བྱེད་པ་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་ཁེ་ཕན་གྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས་པ་དང་མི་དམངས་ཀྱི་ཆེད་དུ་ཁྲིམས་ཡག་པོ་འཛིན་པ་དང་དབང་ཆ་བེད་སྤྱོད་ཡག་པོ་བྱེད་དགོས་པའི་བླང་བ་བཏོན་ཡོད། དེ་འདྲ་བྱུང་ན་གཞི་ནས་ཏང་དང་མི་དམངས་ཀྱིས་ཡིད་ཆེས་ཆེན་པོ་བྱས་པ་ཆུད་ཟོས་སུ་མི་འགྲོ་བ་དང“ཕྱོགས་ཡོངས་ནས་བཞི”ཡི་འཐབ་ཇུས་བཀོད་སྒྲིག་ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུའི་ལོ་རྒྱུས་ལས་འགན་འཁུར་ཐུབ།
རང་གཅུན་ནན་པོ་བྱེད་དགོས་བསམས་ན་ངེས་པར་དུ་འཆར་ཅན་གྱི་ཁྲོད་དུ་སྙིང་སྟོབས་མཚོན་པར་བྱེད་དགོས། ཏང་གི་སྒྲིག་ཡིག་མེ་ལོང་ལྟ་བུར་འཛིན་ཏེ་ཐོག་མཐའ་བར་གསུམ་དུ་སེམས་ལ་ཏང་ཡོད་པ་དང་། སེམས་ལ་མང་ཚོགས་ཡོད་པ། སེམས་ལ་འགན་འཁྲི་ཡོད་པ། སེམས་ལ་བསླབ་ཁྲིམས་ཡོད་པ་བཅས་བྱེད་ཐུབ་པ་དགོས་པ་དང་། དབང་ཆ་དང་། རྒྱུ་ནོར། གཟུགས་མཛེས་མ་བཅས་ཀྱི་ཚོད་བདག་ཐེག་པ་དང་ཐ་མལ་དང་གཏིང་སྲོལ་གྱི་ཚོད་བགམ་ཐེག་པ་བྱེད་དགོས། ཏང་ལ་བློ་དཀར་སེམས་དཀར་བྱ་རྒྱུ་དེ་ཆབ་སྲིད་ཐད་ཀྱི“གཡོ་མེད་བརྟན་ཁབ”ལྟ་བུར་བརྩིས་ནས་ཀུན་སྤྱོད་ཀྱི་འགན་འཁྲི་དང་། བཅའ་ཁྲིམས་ཀྱི་འགན་འཁྲི། ཆབ་སྲིད་ཀྱི་འགན་འཁྲི་བཅས་ཁུར་ཤུགས་ཆེ་རུ་གཏོང་དགོས། མཐར“བྱ་བ་དྲང་པོས་སྒྲུབ་པ་དང་། བྱ་གཞག་དྲང་པོས་གཏོད་པ། མི་དྲང་བཞག་བྱེད་པ”བཅས་ཀྱི་དམིགས་ཚད་མངོན་འགྱུར་ཐུབ་པ་བྱེད་དགོས།