དབུ་ཤོག>གསར་འགྱུར།
  • ​ ལས་འགན་ཁག་ལྔ་གཏིང་ཟབ་ཏུ་བཏང་ནས་གྲོང་ཚོ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ཝང་ཡ་ཧུའེ་ཡིས།   |     སྤེལ་དུས།  2015-07-03

    རང་སྐྱོང་ལྗོངས་ཀྱི་སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་བྱེད་སྒོ་སྤེལ་ནས་ལོ་བཞི་སོང་རིང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་སྲ་བརྟན་འགོ་ཁྲིད་དང་རིམ་ཁག་ཏང་སྲིད་རྩ་འཛུགས་ཀྱི་ཐུན་མོང་འབད་བརྩོན་འོག་རང་ལྗོངས་ཀྱི་གྲོང་ཚོར་བཅའ་སྡོད་རིམ་ཁག་ལས་དོན་རུ་ཁག་གིས“ལས་འགན་ཁག་ལྔར”དམ་པོར་དམིགས་ཏེ་གྲོང་ཚོར་བཅའ་སྡོད་ལས་དོན་ཏན་ཏིག་སྒྲུབ་པ་དང་། གཞི་རིམ་གྱི་རྨང་གཞི་བརྟན་དུ་གཏོང་བ། སྤྱི་ཚོགས་ཀྱི་ཁྱོན་ཡོངས་བརྟན་ལྷིང་ཡོང་བར་བྱེད་པ། དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་པས། གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་པ་རེད།

    སྨྱུག་འཛིན་པས་བྱས་ན་རྨང་བརྟན་དམངས་ཕན་ལས་དོན་སྔར་བས་ཡག་པོ་སྒྲུབ་པ་དང་བྱེད་སྒོར་རྒྱུན་ཆད་མེད་པར་སྐུལ་འདེད་གཏིང་ཟབ་གཏོང་བར་ངེས་པར་དུ“ལས་འགན་ཁག་ལྔ”སྤྱི་འདོམས་ངང་ཡག་པོ་སྒྲུབ་པར་གྲུབ་འབྲས་གསར་པ་ཐོབ་པ་བྱེད་དགོས། “ལས་འགན་ཁག་ལྔར”དམ་པོར་དམིགས་པ་དང་རྨང་བརྟན་དམངས་ཕན་ལ་དམིགས་ནས་འཕེལ་རྒྱས་ལ་དམ་འཛིན་བྱེད་དགོས་ལ་བརྟན་ལྷིང་ལ་འགན་ལེན་ཡང་བྱེད་དགོས།

    གཅིག་ནས་གཞི་རིམ་རྩ་འཛུགས་སྟོབས་ཆེར་གཏོང་བ་དང“རོགས་རམ་གསུམ་དང་སྣེ་ཁྲིད་གཅིག”དང་། “གྲོང་ཚོར་བཅའ་སྡོད་བྱེད་དོན་གང་ཡིན་པ་དང་། གང་བྱེད་དགོས་པ། ཇི་ལྟར་བྱེད་དགོས་པ། གང་འཇོག་དགོས་པ”སོགས་ཀྱི་གྲོས་བསྡུར་ཆེ་མོའི་བྱེད་སྒོ་མུ་མཐུད་ཡག་པོ་སྤེལ་ཏེ་གྲོང་ཚོའི(གྲོང་ལྷན)“ཨུ་ལྷན་གཉིས”ཀྱི་ཚན་ཁག་འཛུགས་སྐྱོང་ལ་སྒོ་ཀུན་ནས་ཤུགས་སྣོན་རྒྱག་པ་དང“ལེགས་པོ་ལྔའི”དམིགས་ཚད་དོན་འཁྱོལ་ཐུབ་པ་བྱས་ཏེ་གྲོང་ཚོའི(གྲོང་ལྷན)ཏང་རྩ་འཛུཌ་ཚང་མ་སྲ་ཞིང་བརྟན་པའི་དམག་འཐབ་མཁར་རྫོང་དུ་འགྱུར་བར་བྱེད་པ་དང་། ཞིང་འབྲོག་ཁུལ་དུ་ནམ་ཡང་གནས་ཐུབ་པའི་ལས་དོན་རུ་ཁག་ཅིག་འཇོག་དགོས།

    གཉིས་ནས་གཞི་རིམ་གྱི་བརྟན་ལྷིང་སྲུང་སྐྱོང་བྱས་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་རྒྱུན་ཆད་མེད་པར་གཏིང་ཟབ་སྤེལ་བ་དང་། འགལ་བ་དང་རྩོད་གཞི་རང་འགུལ་ངང་བར་འདུམ་བྱེད་པ། བདེ་འཇགས་ཐད་ཀྱི་མངོན་མེད་རྐྱེན་ངན་སྒོ་ཀུན་ནས་གྲལ་བཤེར་དང་བཅོས་སྒྲིག་བྱེད་པ། བརྟན་ལྷིང་དང་འབྲེལ་བ་ཡོད་པའི་གཙོ་གནད་མི་སྣར་སློབ་གསོ་དང་དོ་དམ་ཚོད་འཛིན་ནུས་ལྡན་བྱེད་པ། ཐོལ་བྱུང་དོན་རྐྱེན་འཕྲལ་སྡོམ་བྱེད་པའི་སྔོན་ཇུས་འཐུས་ཚང་དུ་གཏོང་བ་དང་དོན་འཁྱོལ་བཅས་བྱས་ནས་ཞིང་འབྲོག་ཁུལ་དུ“རྒྱུན་མཐུད་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཁྱོན་ཡོངས་ནས་བརྟན་ལྷིང”དང“མེད་པ་གསུམ”འགན་ལེན་བྱེད་དགོས།

    གསུམ་ནས་ཏང་གི་བཀའ་དྲིན་ཚོར་བའི་སློབ་གསོར་སྐུལ་འདེད་བཏང་ནས“ཕྱུག་པོར་འགྱུར་ལུགས་བསམ་པ་དང་། ཏང་གི་བཀའ་དྲིན་ཚོར་བ། བརྟན་ལྷིང་དགོས་གལ་ཆེ་བ། འཕེལ་རྒྱས་བརྩོན་ལེན་བྱེད་པ”བཅས་ཀྱི་བརྗོད་བྱ་གཙོ་བོའི་སློབ་གསོའི་བྱེད་སྒོ་མུ་མཐུད་གཏིང་ཟབ་སྤེལ་ནས་སྤྱི་ཚོགས་གསར་རྙིང་བསྡུར་བའི་སློབ་གསོར་མངོན་གསལ་དུ་ཤུགས་རྒྱག་པ་དང་མི་རིགས་ཁག་གི་མང་ཚོགས་དང་ལྷག་དོན་དུ་གཞོན་ནུ་ལོ་ཆུང་གིས་བོད་གསར་པའི་འགྱུར་ལྡོག་ཆེ་མོ་སྒོ་ཀུན་ནས་ཤེས་པར་བྱེད་པ་དང་བོད་རྙིང་པའི་མུན་ནག་དང་རྗེས་ལུས་ལ་ངོས་འཛིན་གཏིང་ཟབ་ཐུབ་པ་བྱེད་དགོས།

    བཞི་ནས་ཕྱུག་འགྱུར་གྱི་ལམ་བུ་རྒྱ་ཆེར་བཏང་ནས་ལས་བྱེད་པ་དང་མང་ཚོགས་སྒྲིག་འཛུགས་ཀྱིས་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པར་བྱེད་པའི་གྲོས་བསྡུར་ཆེ་མོ་བྱས་ནས་བསམ་ཕྱོགས་ཇུས་འགོད་དང་། འཆར་འགོད་གཏན་འཁེལ། ཐབས་ལམ་བཙལ་འཚོལ་བཅས་བྱས་ཏེ་ས་བབ་དང་བསྟུན་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བ་དང་། མཉམ་སྡེབ་དཔལ་འབྱོར་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ། ངལ་ནུས་ཕྱིར་གཏོང་ཧུར་ཐག་བཅས་བྱ་རྒྱུར་མཐའ་འཁྱོངས་བྱས་ཏེ་ཐབས་ལམ་སྣ་མང་གིས་མང་ཚོགས་ཀྱི་ཡོང་འབབ་འཕར་བ་བྱེད་དགོས།

    ལྔ་ནས་དོན་དངོས་དང་དོན་བཟང་ཡག་པོ་བསྒྲུབས་ནས་ཞིང་འབྲོག་པའི་བདེ་སྡོད་ལས་གྲྭ་དང་། “ཞིང་དུད་དུ་ཁྱབ་གདལ་གཏོང་བ་བརྒྱད”ཀྱི་འདུ་འགོད། དམངས་འཚོའི་རྨང་གཞིའི་འཛུགས་སྐྲུན་ལས་གྲྭ་གཞན་དག་བཅས་ལག་ལེན་བསྟར་བར་གཞོགས་འདེགས་ཧུར་ཐག་བྱེད་པ་དང་རིམ་ཁག་ཏང་སྲིད་རྩ་འཛུགས་དང་ལས་རིགས་དང་སྡེ་ཚན་ཁག་གིས་དོན་དངོས་ཁག་བཅུ་ཡག་པོ་སྒྲུབ་པར་གཞོགས་འདེགས་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།