དབུ་ཤོག>གསར་འགྱུར།
  • ཏང་འཛུགས་སྐྱོང་ལས་དོན་གྱི་རྣམ་པ་གསར་པ་བཏོད་དེ་མཛེས་སྡུག་ཉམས་དགའི་བོད་ཀྱི་ལེའུ་གཏོད་དགོས།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ​ བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-07-03

    ཟླ་7ཚེས་1ཉིན་ང་ཚོས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་94འཁོར་བའི་སྐྱེས་སྐར་བསུས་ཤིང་། ལོ་94ཡི་རིང་དཀའ་ངལ་ཁྱད་བསད་འབད་བརྩོན་ལྷོད་མེད་བྱས་པ་དང་། ལོ་94ཡི་རིང་གཡུར་དུ་ཟ་བའི་འབྲས་བུ་ཐོབ་པ་དང་བྱས་རྗེས་བླ་ན་མེད་པ་བཞག་ཡོད། འདི་གར་ང་ཚོས་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་། ཏང་དོན་ལས་དོན་པ་དང་རྒྱ་ཆེའི་གུང་ཁྲན་ཏང་ཡོན་ཚོར་དུས་ཆེན་གྱི་རྟེན་འབྲེལ་དང་མཛའ་བརྩེའི་འཚམས་འདྲི་ཞུ་རྒྱུ་ཡིན།

    དམིགས་བསལ་གྱི་དོན་སྙིང་ལྡན་པའི་དུས་ཆེན་འདིར་རང་སྐྱོང་ལྗོངས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་94འཁོར་བར་རྟེན་འབྲེལ་ཞུ་བའི་གཟེངས་བསྟོད་ཚོགས་ཆེན་འཚོགས་ནས་སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་དང་ཕུལ་བྱུང་ཏང་དོན་ལས་བྱེད་པ་དང་ཕུལ་བྱུང་གུང་ཁྲན་ཏང་ཡོན་ལ་གཟེངས་བསྟོད་བྱས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོས་ཚོགས་འདུའི་ཐོག་གསུང་བཤད་གལ་ཆེན་གནང་ཡོད། གསུང་བཤད་ཆ་ཚང་ནང་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ཁྱབ་ཡོད་པ་དང་། གཟེངས་བསྟོད་ཐོབ་མཁན་སྔོན་ཐོན་མཉམ་སྡེབ་དང་མི་སྒེར་ཚོས་ཕུལ་བའི་ལེགས་སྐྱེས་ལ་ཁས་ལེན་གང་ལེགས་གནང་བ། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་94འཁོར་བའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ལམ་བུར་སྒོ་ཀུན་ནས་ཕྱིར་དྲན་གནང་བ་མ་ཟད། དུས་བབ་གསར་པའི་འོག་རང་ལྗོངས་ཀྱི་ཏང་འཛུགས་སྐྱོང་ལས་དོན་སྔར་བས་ཡག་པོ་བསྒྲུབ་རྒྱུའི་ཐད་བླང་བྱ་ཁ་གསལ་བཏོན་གནང་ཡོད།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་མཐོང་རྒྱ་ཆེ་ཞིང་མིག་རྒྱང་རིང་བ་དང་། སྤྱི་ཡོངས་ལ་སྤྱི་འདོམས་དང་། དུས་རབས་ཀྱི་འཕེལ་ཕྱོགས་དང་མཐུན་པ། འཛམ་གླིང་གི་འཕེལ་ཕྱོགས་ཆེན་པོ་ཁོང་དུ་ཆུད་པ། མི་དམངས་ཀྱི་རེ་སྒུག་མཚོན་པ་བཅས་ཏང་གིས་ཏང་ལ་དོ་དམ་དང་ཏང་ནན་པོ་སྐྱོང་རྒྱུར་དམ་འཛིན་བྱེད་རྒྱུའི་ཐད་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་གནང་ཡོད། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་94འཁོར་ལ་ཉེ་བའི་སྐབས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་ཉེར་བཞི་པ་དང་རྒྱལ་ཡོངས་ཀྱི་ཕུལ་བྱུང་རྫོང་ཨུད་ཧྲུའུ་ཅིར་མཇལ་འཕྲད་གནང་སྐབས་གསུང་བཤད་གལ་ཆེན་གནང་ནས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོ་སྐྱོན་བྲལ་ངང་འཚར་ལོངས་ཡོང་རྒྱུར་ཁ་ཕྱོགས་ཡང་དག་གསལ་སྟོན་གནང་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་ལྷག་དོན་དུ་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་དང་ཕྱོགས་ཡོངས་ནས་ཏང་ནན་པོ་སྐྱོང་རྒྱུར་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པའི”འཐབ་ཇུས་ཀྱི་དགོངས་པ་གལ་ཆེན་དང“བོད་ལྗོངས་རྒྱུན་མཐུད་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཁྱོན་ཡོངས་ནས་བརྟན་ལྷིང་བཅས་མངོན་འགྱུར་ཧུར་ཐག་ཡོང་བ་བྱེད་དགོས་པའི”མཛུབ་སྟོན་གལ་ཆེན་ལག་བསྟར་དོན་འཁྱོལ། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་དང་མཛུབ་ཁྲིད་དགོངས་པ་ཁྲིད་སྟོན་དུ་བྱས་ཏེ“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་དམ་པོར་དམིགས་པ་དང“ནན་གསུམ་དྲང་གསུམ”གྱི་ཆེད་དོན་སློབ་གསོ་དང་ཟུང་འབྲེལ་གྱིས་ཏང་ནན་སྐྱོང་དང་ཏང་ལ་དོ་དམ་ནན་པོ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་བོད་དུ་ཡོད་པའི་ཏང་གི་སྲིད་སྐྱོང་རྨང་གཞི་ཟམ་མི་ཆད་པར་བརྟན་དུ་དང་བོད་དུ་ཡོད་པའི་ཏང་གི་སྲིད་སྐྱོང་གནས་བབ་བརྟན་དུ་བཏང་ཐོག་བོད་ཡུན་རིང་བདེ་འཁོད་དང་དཔལ་འབྱོར་དང་སྤྱི་ཚོགས་ལེགས་ལ་མྱུར་བའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་མ་གཏོང་ཆེད་འགན་ལེན་ནུས་ལྡན་བྱེད་དགོས་ཞེས་གསུངས་ཡོད།

    རླབས་ཆེའི་དུས་རབས་ཀྱིས་གཟེངས་སུ་ཐོན་པའི་སྙིང་སྟོབས་སྐྱེད་སྲིང་དང་གཟེངས་སུ་ཐོན་པའི་སྙིང་སྟོབས་ཀྱིས་བརྗིད་ཆེའི་བྱ་གཞག་བཏོད་ཡོད། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ང་ཚོར་སྔར་བྱུང་མྱོང་མེད་པའི་གོ་སྐབས་དང་འགྲན་རྩོད་འཕྲད་ཡོད། ཏང་འཛུགས་སྐྱོང་ནི་ཏང་གི་ཉིད་འཆི་གསོན་ཆགས་འཇིག་དང་འབྲེལ་བ་ཡོད་ལ་བྱ་གཞག་དར་རྒུད་རྒྱལ་ཕམ་དང་ཡང་འབྲེལ་བ་ཡོད། དུས་གང་ཞིག་ཡིན་རུང་ཏང་ནི་ང་ཚོའི་བྱ་གཞག་ལ་འགོ་ཁྲིད་བྱེད་པའི་སྲོག་ཤིང་གི་སྟོབས་ཤུགས་ཡིན། རང་ལྗོངས་ཀྱི་ཏང་འཛུགས་སྐྱོང་ལས་དོན་གྱི་རྣམ་པ་གསར་པ་གཏོད་པར་ངེས་པར་དུ་རྒྱུན་སྲིང་ལྷོད་མེད་ངང་བསམ་བློ་འཛུགས་སྐྱོང་ལ་ཤུགས་སྣོན་ཟམ་མི་ཆད་པ་བརྒྱབ་ནས་ཕུགས་བསམ་དད་སེམས་བརྟན་པོ་ལྟེ་བར་བྱེད་པ་དང་གུང་ཁྲན་ཏང་མིའི་སྙིང་སྟོབས་ཀྱི་ཞིང་ཁམས་བརྟན་སྲུང་གིས་འགྱུར་མེད་སྟོབས་ལྡན་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་ཕུགས་བསམ་གྱི་དད་གུས་པ་ཞིག་དང་རང་འགུལ་ངང་ལག་ལེན་བསྟར་མཁན་ཞིག་བྱེད་དགོས་པ་དང་། ངེས་པར་དུ་རྒྱུན་སྲིང་ལྷོད་མེད་ངང་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་བོད་འདི་ཉིད་རྒྱལ་ས་པེ་ཅིང་དང་བར་ཐག་རིང་ཙམ་གནས་རུང་རང་སྐྱོང་ལྗོངས་ཏང་ཨུད་དང་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོའི་སེམས་པ་དུས་དང་རྣམ་པ་ཀུན་ཏུ་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་དང་མཉམ་དུ་གནས་ཐུབ་པ་བྱེད་དགོས་པ། ངེས་པར་དུ་རྒྱུན་སྲིང་ལྷོད་མེད་ངང་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་སྤྱི་ཚོགས་རིང་ལུགས་ཀྱིས་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་ལོ་རྒྱུས་ཀྱི་ལས་འགན་ལྕི་པོ་དེ་འཁུར་དགོས་པ། ངེས་པར་དུ་རྒྱུན་སྲིང་ལྷོད་མེད་ངང་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་གཞི་རིམ་དམ་འཛིན་དང་རྨང་གཞི་འདིང་བའི་ལས་དོན་ཏན་ཏིག་ངང་སྒྲུབ་ནས་གཞི་རིམ་ཏང་རྩ་འཛུགས་ཚང་མ་སྲ་ཞིང་བརྟན་པའི་དམག་འཐབ་མཁར་རྫོང་ལ་འགྱུར་བ་བྱེད་དགོས་པ། ངེས་པར་དུ་རྒྱུན་སྲིང་ལྷོད་མེད་ངང་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་མུ་མཐུད་ཆེད་དོན་བཅོས་སྒྲིག་བྱེད་པ་དང་རྒྱུན་སྲིང་ལྷོད་མེད་ངང“སྤྱོད་ཚུལ་བཞི”ཡོ་བསྲང་བྱས་ཏེ་སྤྱོད་ཚུལ་འཛུགས་སྐྱོང་བྱ་རྒྱུ་དེ་རྣམ་པ་གསར་པ་དང་རྒྱུན་རྣམ་གསར་པར་འགྱུར་བ་བྱེད་དགོས་པ། ངེས་པར་དུ་རྒྱུན་སྲིང་ལྷོད་མེད་ངང་རུལ་རྒོལ་གཙང་སྤེལ་ལ་ཤུགས་སྣོན་བརྒྱབ་ནས་གངས་ལྗོངས་ས་མཐོའི་རི་ཆུ་སྔོ་དྭངས་ཀྱི་སྣོད་བཅུད་ཁོར་ཡུག་བཟང་པོ་རྒྱུན་འཁྱོངས་བྱེད་པ་ལྟར“རི་སྔོ་ཆུ་དྭངས”ཀྱི་ཆབ་སྲིད་སྣོད་བཅུད་གཏོད་དགོས་པ། ངེས་པར་དུ་རྒྱུན་སྲིང་ལྷོད་མེད་ངང་ཁྲིམས་སྲོལ་དང་ལམ་ལུགས་འཛུགས་རྒྱུར་ཤུགས་སྣོན་བརྒྱབ་སྟེ་རུལ་སུངས་བྱེད་མི་ཕོད་པ་དང་། བྱེད་མི་རུང་བ། བྱེད་མི་འདོད་པ་བཅས་ཀྱི་ལམ་སྲོལ་ནུས་ལྡན་ཧུར་ཐག་ཆགས་པ་བྱེད་དགོས།

    ཏང་གི་ལོ་རྒྱུས་ལམ་བུར་ཕྱིར་དྲན་བྱེད་པ་དང་ཏང་གི་འཁྲུངས་སྐར་ལ་དྲན་གསོ་ཞུ་སྐབས་ང་ཚོས་བྱ་གཞག་བླ་ན་མེད་ལ་ཁྱད་དུ་འཕགས་པ་དང་འགན་འཁྲི་ལྕི་ལ་གཟི་བརྗིད་ལྡན་པ་ཞིག་ཡིན་པ་དེ་བས་ཚོར་ཐུབ་པ་བྱེད་དགོས། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་གུང་ཁྲན་ཏང་ཡོན་ཚོས་ངེས་པར་དུ་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། ཧྲུའུ་ཅི་ཁྲེན་ཆོན་གོས་གཟེངས་བསྟོད་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་སློབ་སྦྱོང་ནན་ཏན་དང་ཁོང་དུ་གཏིང་ཟབ་ཆུད་པ་བྱས་ཏེ་ད་རེས་གཟེངས་བསྟོད་ཐོབ་མཁན་སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་དང་ཕུལ་བྱུང་ཏང་དོན་ལས་བྱེད་པ་དང་ཕུལ་བྱུང་གུང་ཁྲན་ཏང་ཡོན་ལ་སློབ་སྦྱོང་བྱས་ཏེ་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་བློ་གཅིག་སེམས་གཅིག་དང་དཀའ་སྤྱད་འབད་བརྩོན། སྒྱུར་བཅོས་གསར་གཏོད་དང་ལས་དོན་ཏན་ཏིག་སྒྲུབ་ནས་བོད་ལྗོངས་ཞི་མཐུན་བརྟན་ལྷིང་དང་། ཚན་རིག་དང་མཐུན་པའི་གོང་འཕེལ། མི་རིགས་མཐུན་སྒྲིལ། དམངས་འཚོ་འགན་ལེན། ཆོས་ལུགས་འཆམ་མཐུན། སྣོད་བཅུད་བཟང་བ། ཏང་འཛུགས་སྐྱོང་ལ་ཤུགས་སྣོན། མཐའ་མཚམས་སྲ་བརྟན་བཅས་ཀྱི་དུས་བབ་བཟང་པོ་ཟམ་མི་ཆད་པར་སྲ་བརྟན་དང་འཕེལ་རྒྱས་བཏང་སྟེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བ་བྱེད་པའི་ལོ་རྒྱུས་ཀྱི་ལམ་བུའི་ཐོག་བྱས་རྗེས་གསར་པ་ཟམ་མི་ཆད་པར་འཇོག་པ་དང་དེ་བས་འོད་སྟོང་གསར་པ་གཏོད་དེ་མཛེས་སྡུག་ཉམས་དགའི་བོད་ཀྱི་ལེའུ་བརྩམས་ཐོག་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བར་བསུ་བ་ཞུ་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།