དབུ་ཤོག>གསར་འགྱུར།
  • དངོས་སྒྲུབ་བྱས་ཏེ་མདུན་གྲལ་དུ་སྐྱོད་དགོས།

  •     རྩོམ་པ་པོ།  མི་དམངས་ཉིན་རེའི་ཚགས་པར་གྱི་ཆེད་བརྗོད།   |     སྤེལ་དུས།  2015-07-02

    ཟླ་7ཚེས་1ཉིན་ནི་ཏང་དབུ་བརྙེས་ནས་ལོ་94འཁོར་བའི་སྐྱེས་སྐར་ཡིན། ཏང་དར་ལ་ཕྱོགས་སྐབས་ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་ཚང་མས་རང་ཉིད་ཕྲག་ཐོག་གི་ལྗིད་ཏིག་ཏིག་གི་འགན་འཁྲི་དེ་བས་ཚོར་གྱི་ཡོད། ཧྲང་ཧའེ་ཧྲེ་ཁུའུ་མོན་འོད་ཟེར་འཚོལ་མཁན་གྱི་ལམ་ཞིབ་པ་ནས་འཛམ་གླིང་གི་དཔལ་འབྱོར་དངོས་ཚན་ཆེན་པོ་གཉིས་པའི་ལམ་སྣེ་ཁྲིད་མཁན་བར་བཅས་ཀྱི་ཕྲག་ཐོག་ཏུ་སྲིད་སྐྱོང་རྒྱལ་དར་གྱི་བླ་ན་མེད་པའི་འོས་འགན་འཁུར་ཡོད་པ་དང་། ང་ཚོར་སྔ་བར་ཕྱི་གསུམ་དུ་མདུན་སྐྱོད་བྱེད་པའི་སྤོབས་སེམས་ཡོད་ལ་སྐབས་འགར་སྒུག་ནས་སྡོད་མི་རུང་བའི་དྲན་སྐུལ་ཡང་བྱེད་ཀྱི་འདུག

    དཔལ་འབྱོར་རིམ་སྤོར་བྱེད་པའི་ཐད་ན་ཟུག་གི་བརྒྱུད་རིམ་བརྒྱུད་དགོས་པ་ལོས་ཡིན་ལ་སྒྱུར་བཅོས་ཕྱོགས་ཡོངས་ནས་ཟབ་ཏུ་གཏོང་བ་དེས་མི་མང་པོ་ཞིག་གི་ཁེ་ཕན་ལ་གཡོ་འགུལ་ཐེབས་སྲིད། རྒྱལ་ཁབ་བཅོས་སྐྱོང་གི་དེང་རབས་ཅན་ལ་སྟབས་བདེའི་ལམ་ཞིག་གང་ཡང་མེད་ལ། མི་འབོར་དུང་ཕྱུར་བཅུ་གྲངས་ཡོད་པའི་རྒྱལ་ཁབ་ཀྱིས་ལོ་རྒྱུས་ཀྱི་འཕྲང་ལམ་གསུམ་སྒྲོལ་དགོས་པ་དང་། བསྐྱར་དར་གྱི་ཕྱོགས་སུ་བསྐྱོད་པར་དཀའ་ངལ་ཆེ་ལ་འགོག་ཤུགས་ཀྱང་ཆེ་བས་ཕྱོགས་མང་པོའི་ཐད་མི་རྣམས་ཀྱི་བསམ་ཚོད་ལས་བརྒལ་ཡོད། ས་ཁུལ་དང་གྲོང་ཁྱེར་དང་གྲོང་གསེབ་བཅས་དབར་གྱི་འཕེལ་རྒྱས་དོ་སྙོམས་མེད་པའི་སྣང་ཚུལ་དེར་ཕྱོགས་སྐབས་གང་འདྲ་བྱས་ཏེ་མི་དམངས་ཡོངས་ལ་ཕན་པ་ཐོབ་པའི་ཕྱོགས་ཡོངས་ཀྱི་འབྱོར་འབྲིང་མངོན་འགྱུར་བྱེད་དགོས་སམ། སྔར་ཡོད་ཀྱི་འཕེལ་རྒྱས་ཀྱི་བྱེད་ཐབས་མུ་མཐུད་འཁྱོལ་དཀའ་བའི་རྐུབ་རྡིབ་གནོན་ཤུགས་ཀྱི་མདུན་དུ་གང་འདྲ་བྱས་ཏེ་རང་འགུལ་ངང་དཔལ་འབྱོར་གྱི་རྒྱུན་རྣམ་གསར་པ་དང་འཚམ་པ་བྱེད་པ་དང་ཁྲིད་སྟོན་བྱས་ཏེ་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་དེ་བས་འདོན་སྤེལ་བྱེད་དགོས་སམ། མི་དམངས་ཀྱི་ཕུགས་འདུན་དང་རེ་སྒུག་ལ་ཕྱོགས་ནས་གང་འདྲ་བྱས་ཏེ་ཆེས་རྒྱ་ཆེའི་དམངས་ཚོགས་ལ་དེ་བས་མང་བའི་ཕན་པ་ཐོབ་པ་བྱེད་དགོས་སམ། མདུན་སྐྱོད་ལམ་ཐོག་གི་དཀའ་ངལ་འགྲན་སློང་ཁྱད་བསད་བྱས་ཏེ་ཕྱོགས་འགྱུར་རིང་གི་ཉེན་ཁ་དང་ཚོད་བགམ་སྣ་ཚོགས་ཐེག་ཐུབ་པ་བྱས་ནས་དེང་རབས་ཅན་གྱི་འཕེལ་རིམ་ནང་མཆོང་སྐྱོད་མངོན་འགྱུར་གྱི་འགག་རྩ་དེ་ཏང་གིས་སྤྱི་ཡོངས་ལ་སྤྱི་འདོམས་དང་ཕྱོགས་ཁག་ལ་མཐུན་སྦྱོར་བྱ་རྒྱུར་ཐུག་ཡོད་ལ། ཏང་ཡོན་ཁྲི་8700ལྷག་ཙམ་སྙིང་སྟོབས་རབ་འཕེལ་དང་འབད་འབུངས་སྟོབས་བརྩོན་གྱིས་དངོས་སྒྲུབ་བྱས་ཏེ་མདུན་གྲལ་དུ་སྐྱོད་རྒྱུར་ཐུག་ཡོད།

    དངོས་སྒྲུབ་བྱས་ཏེ་མདུན་གྲལ་དུ་སྐྱོད་པར། དང་ཐོག“དོན་ཐོག་ཏུ་འཁྱོལ་རྒྱུའི”ཁ་ཚ་དགོས་གཏུག་གི་བསམ་བློ་ཡོད་དགོས། ད་ཆ་ང་ཚོས་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་རྒྱུའི་དམིགས་ཚད་མངོན་འགྱུར་བྱེད་པར་ལོ་དྲུག་གི་དུས་ཚོད་ལས་མེད། དུས་ཚོད་དང་དུས་བབ་ཀྱིས་ང་ཚོ་སྒུག་མི་སྲིད། འབད་བརྩོན་མ་བྱས་ན་རྩ་ཆེའི་འཕེལ་རྒྱས་ཀྱི་གོ་སྐབས་ཤོར་སྲིད། གོ་མེད་ཚོར་མེད་དུ་བསྡད་ན་བྱ་གཞག་སྒྲུབ་ཐབས་དཀའ། སྤྱི་ཡོངས་ལ་ཕྱོགས་ནས་བཏོན་པའི་སྒྱུར་བཅོས་ཀྱི་བྱེད་ཐབས་མདུན་ཕྱོགས་སུ་སྐུལ་འདེད་ཧུར་ཐག་བཏང་ཚེ་གཞི་ནས་རྐང་པ་འཐེན་མཁན་གྱི་ལྷུ་ཚིགས་སུ་འགྱུར་མི་ཐུབ། ས་ཁུལ་དང་། ལས་རིགས། སྡེ་ཚན་བཅས་ཚང་མས་ལས་དོན་ཧུར་ཐག་སྒྲུབ་པ་དང་། བྱ་བ་ཚང་མ་དོན་འཁྱོལ། བྱེད་ཐབས་ཚང་མར་ཕན་པ་ཐོན་པ་བཅས་བྱས་ཚེ་གཞི་ནས་འབྱུང་འགྱུར་ལ་རང་འགུལ་གྱི་དབང་ཆ་ཐོབ་ཐུབ། ཡུན་རིང་འབད་བརྩོན་གྱི་ངར་ཤུགས་དང་དེ་མུར་སྒྲུབ་པའི་སྤྱོད་ཚུལ་ལ་བརྟེན་ནས་ལས་དོན་ཚང་མ་ཞིབ་ཕྲ་དོན་འཁྱོལ་བྱེད་དགོས། གང་ལགས་ཤེ་ན། མི་དམངས་ཀྱིས་ང་ཚོར་ལྟ་བཞིན་ཡོད་ལ་ལོ་རྒྱུས་ཀྱིས་ཀྱང་ང་ཚོར་ལྟ་བཞིན་ཡོད།

    དངོས་སྒྲུབ་བྱས་ཏེ་མདུན་གྲལ་དུ་སྐྱོད་པར“ནན་པོ་དང་ཏན་ཏིག”གི་ཉམས་སད་ཐེག་པའི་སྤྱོད་ཚུལ་ངེས་པར་དུ་རྒྱུན་འཁྱོངས་བྱེད་དགོས། བྱ་བ་ཐམས་ཅད་ནན་པོའི་ཁྲོད་དོན་གཉེར་དང་ཏན་ཏིག་ཁྲོད་གྲུབ་འབྲས་ཐོབ་པ་བྱེད་དགོས། གཏན་འཁེལ་ཟིན་པའི་འཕེལ་རྒྱས་ཀྱི་འཆར་གཞི་དང་། སྒྱུར་བཅོས་ཀྱི་ལས་འགན། ཁྲིམས་སྐྱོང་གི་དམིགས་ཚད་བཅས་ལ་ཏང་ཡོངས་ཀྱི་བློ་མཐུན་ཚོས“ནན་པོའི”སྙིང་སྟོབས་ཀྱི་ཐོག་ནས་སྐུལ་འདེད་གཏོང་བ་དང“ཏན་ཏིག”གི་སྤྱོད་ཚུལ་ཐོག་ནས་དོན་འཁྱོལ་བྱེད་དགོས། བློ་སྦྱོང་གི་རྩ་བ་དང་། སྲིད་སྐྱོང་གི་ཐབས་ལམ། བྱ་བ་སྒྲུབ་པའི་གཙོ་གནད་བཅས་ཡིན་པའི“ནན་གསུམ་དྲང་གསུམ”གྱི་ཐོག་ནས“སེམས་སུ་ཏང་ཡོད་པ་དང་། སེམས་སུ་མི་དམངས་ཡོད་པ། སེམས་སུ་འགན་འཁྲི་ཡོད་པ། སེམས་སུ་སྲུང་བྱ་ཡོད་པ”བཅས་ཀྱི་ཆབ་སྲིད་གནས་ཚད་ལ་ཞུ་དག་གནད་འཁེལ་བྱས་ཚེ་རང་ཉིད་སྟོབས་ཆེན་མི་ཆགས་པ་དང་། དམངས་སེམས་མི་ཐོབ་པའི་སེམས་ཁྲལ་བྱེད་དགོས་མེད། བསམ་པའི་འཚོ་བཅུད་ཀལ་ཁ་གསབ་བྱེད་པ་དང་། སྤྱོད་ཚུལ་དམ་པོར་འཛིན་པ། ལམ་ལུགས་ཀྱི་རླུང་ཙེ་ཚགས་དམ་པོ་བཟོ་བ། བཅའ་ཁྲིམས་དང་སྒྲིག་ཁྲིམས་ཀྱི་སྲུང་བྱ་ནན་པོ་སྲུང་བ། བྱ་བ་སྒྲུབ་སྐབས་ཁྲལ་སེལ་སླ་བཅོས་མི་བྱེད་པ། མི་དྲང་པོ་ཞིག་བྱེད་པ་བཅས་བྱས་ཚེ་ང་ཚོ་གཞི་ནས་སྐེད་པ་འདྲོངས་ཐུབ་པ་དང་ཉམས་སད་ཐེག་ཐུབ་པའི་ཁར་གུང་ཁྲན་ཏང་མིའི་གཟི་བརྗིད་མཚན་སྙན་དེར་ངོ་གནོང་སྐྱེ་དགོས་མེད།

    དངོས་སྒྲུབ་བྱས་ཏེ་མདུན་གྲལ་དུ་སྐྱོད་པར་འགན་འཁུར་ཕོད་པ་དང་བྱ་བ་སྒྲུབ་ཕོད་པའི་སྤྱོད་ཚུལ་ཡོད་དགོས། “འགོ་ཚུགས་ཀྱི་སྐབས་སུ་ནུས་པ་ཆུང་ཡང་མཇུག་སྒྲིལ་བའི་སྐབས་སུ་ནུས་པ་ཆེན་པོ་ཐོན་ཐུབ” སྒྱུར་བཅོས་ཀྱི་རུས་མཁྲེགས་དེ་གང་འདྲ་བྱས་ཏེ་ཟ་དགོས་སམ། དཔལ་འབྱོར་རྒྱུན་རྣམ་གསར་པའི་འོག་གང་འདྲ་བྱས་ཏེ་སྒུལ་ཤུགས་བརྗེས་སྒྱུར་མངོན་འགྱུར་དགོས་སམ། འཕེལ་རྒྱས་ལ་འཕྲད་པའི་གནད་དོན་དང་བརྗོད་དོན་གསར་པ་གང་འདྲ་བྱས་ཏེ་སེལ་དགོས་སམ། སྤྱོད་ཚུལ་འཛུགས་སྐྱོང་ཐད་ཀྱི་ནད་གང་འདྲ་བྱས་ཏེ་བཅོས་དགོས་སམ། དེ་དག་ཚང་མའི་ཐད་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་རང་དཔེ་གཞན་སྟོན་དང་མདུན་དུ་ཤོར་རྐྱང་བྱེད་དགོས། “ཏང་དང་རྒྱལ་ཁབ་ཀྱི་ལས་དབང་ང་ཚོར་སྤྲད་ཟིན་པས་འགན་འཁྲི་དེ་འཁུར་དགོས” འགན་འཁྲི་དེ་འཁུར་བར་རྒྱལ་ཁབ་དང་མི་དམངས་ཀྱི་དོན་དུ་སེམས་ཁྲལ་དང་ཉིན་མཚན་བསྟུད་མེད་ངང་སྤྱི་པའི་ཆེད་དུ་སེམས་ཁྲལ་བྱེད་པའི་འདུ་ཤེས་ཤིག་དང་། དཔོན་ཞིག་བྱས་ནས་ཕྱོགས་གཅིག་ལ་བདེ་སྐྱིད་སྐྲུན་པའི་སྙིང་སྟོབས། ལས་ཐོག་བརྩོན་འགྲུས་དང་ལས་བཀུར་ལེགས་སྐྱེས་ཀྱི་རྣམ་འགྱུར་བཅས་ཡོད་དགོས། ང་ཚོའི་བྱ་གཞག་ཆེད་དོན་གཉེར་དང་མི་རབས་ནས་མི་རབས་བར་དཀའ་ཚེགས་ཆེན་པོས་འབད་འཐབ་བྱེད་པ་དེ་ནི་ང་ཚོའི་ཏང་དང་། མི་རིགས། རྒྱལ་ཁབ་བཅས་གཅིག་རྒྱུད་གཅིག་འཛིན་དང་དབྱར་མཚོ་རྒྱས་པ་ལྟར་ཡོང་བའི་གསོན་ཤུགས་ཀྱི་འབྱུང་རྩ་ཡིན།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།