དབུ་ཤོག>གསར་འགྱུར།
  • 2015ལོའི་བོད་ཀྱི་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་ཐོབ་ཁྲལ་གཟིགས་སྐྱོང་སྲིད་ཇུས་གསར་པའི་སྐོར་གྱི་གསལ་འགྲེལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-07-01

    ཉེ་བའི་ལོ་ཤས་རིང་། འབྲེལ་ཡོད་གཟིགས་སྐྱོང་སྲིད་ཇུས་ཀྱི་ཡར་སྐུལ་འོག་རང་ལྗོངས་ཀྱི་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་མགྱོགས་མྱུར་འཕེལ་རྒྱས་བྱུང་ཞིང་། འདི་ནི་ལྷ་ས་ན་མཱ་སི་ཏི་བཟའ་བཏུང་ཚད་ཡོད་ཀུང་སིས་བཙུགས་པའི་ཟ་ཁང་དུ་སྐུ་མགྲོན་གྱིས་ཁེངས་པའི་གནས་ཚུལ་ཡིན་པ།

    འདི་ལོའི་ཟླ་1ཚེས་1ཉིན་ནས་2017ལོའི་ཟླ་12ཚེས་31ཉིན་བར་ནོར་སྲིད་པུའུ་དང་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱིས་ཡིག་ཆ་བཏོན་ནས་ཁྲལ་འཇལ་ཐོབ་ཆའི་གྲངས་འབོར་སྒོར་ཁྲི་20(སྒོར་ཁྲི་20ཚུད་པ)ལས་དམའ་བའི་ཁེ་སྤོགས་ཉུང་བའི་ཁེ་ལས་ཆུང་གྲས་ལ་ཆ་མཚོན་ན། དེའི་ཐོབ་ཆའི་50%ཁྲལ་འཇལ་ཐོབ་ཆའི་གྲངས་འབོར་གྲས་སུ་བརྩི་རྒྱུ་དང་ཁྲལ་ཚད་15%གཞིར་བཟུང་ཁེ་ལས་ཀྱི་ཐོབ་ཁྲལ་འཇལ་དགོས་པའི་གཏན་འཁེལ་བྱས་པ་རེད།

    དུས་མཚུངས་སུ་རང་ལྗོངས་ཀྱིས་རྒྱལ་ཡོངས་དང་མཉམ་དུ་སྲིད་ཇུས་གསར་པ་འདི་ལག་ལེན་བསྟར་ཡོད། དེའང་གསལ་པོར་བརྗོད་ན། རང་ལྗོངས་ཀྱི་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་སྔར་བས་མང་པོར་དམངས་གཉེར་ཁྲལ་འཇལ་ཐོབ་ཆའི་གྲངས་འབོར་ཕྱེད་གཅོག་བསྡུ་ལེན་དང་ཁྲལ་ཚད་དམའ་བའི་གཟིགས་སྐྱོང་སྲིད་ཇུས་གཉིས་ལོངས་སུ་སྤྱོད་རྒྱུ་བྱུང་བ་དེ་རེད། གཞི་གྲངས་ཐོག་ནས་མངོན་པར། ལྗོངས་ཡོངས་ཀྱི་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་9000ལྷག་ཙམ་གྱི་ཁྲལ་འཇལ་བར་གཟིགས་སྐྱོང་སྲིད་ཇུས་དེ་ལོངས་སྤྱོད་ཐུབ་རྒྱུ་ཡིན་ཞིང་། སྔོན་དཔག་བྱས་ན། ཁེ་ལས་ཀྱི་ཐོབ་ཁྲལ་སྒོར་ཁྲི་4000ལྷག་ཙམ་ཆག་ཡང་དང་རྩ་ཆག་ཐུབ་རྒྱུ་རེད།

    རང་སྐྱོང་ལྗོངས་ཁྲལ་དོན་ཅུས་ཐོབ་ཁྲལ་ཁྲུའི་ཁྲུའུ་ཀྲང་གཞོན་པ་ཝང་ཝུའེ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། ཆ་རྐྱེན་དང་མཐུན་པའི་ཁེ་སྤོགས་ཉུང་བའི་ཁེ་ལས་ཆུང་གྲས་ལ་ཆ་མཚོན་ན། རྩིས་བཤེར་བསྡུ་ལེན་བྱེད་སྟངས་དང་ཞིབ་བཤེར་བསྡུ་ལེན་བྱེད་སྟངས་གང་སྤྱད་རུང་ཚང་མས་ཁེ་སྤོགས་ཉུང་བའི་ཁེ་ལས་ཆུང་གྲས་ཀྱི་ཐོབ་ཁྲལ་ཕྱེད་གཅོག་བསྡུ་ལེན་གྱི་གཟིགས་སྐྱོང་སྲིད་ཇུས་ལོངས་སུ་སྤྱད་ཆོག བོད་ཀྱི་ཆ་རྐྱེན་དང་མཐུན་པའི་ཁེ་སྤོགས་ཉུང་བའི་ཁེ་ལས་ཆུང་གྲས་ལ་ཆ་མཚོན་ན། ཁྲལ་ཚད་15%གཞིར་བཟུང་ཁེ་ལས་ཀྱི་ཐོབ་ཁྲལ་འཇལ་དགོས། དེ་དང་ཆབས་ཅིག་ཞིབ་བཤེར་བསྡུ་ལེན་མིན་པའི་ཁེ་སྤོགས་ཉུང་བའི་ཁེ་ལས་ཆུང་གྲས་ལ་ཆ་མཚོན་ན། དེའི་ཐོབ་ཆའི་50%ཁྲལ་འཇལ་ཐོབ་ཆའི་གྲངས་འབོར་གྲས་སུ་བརྩི་བའི་རྒྱལ་ཁབ་ཀྱི་གཟིགས་སྐྱོང་སྲིད་ཇུས་ལག་ལེན་བསྟར་བའི་རྨང་གཞིའི་ཐོག་ཁེ་ལས་ཀྱི་ཐོབ་ཁྲལ་སྐོར་གྱི་མི་རིགས་རང་སྐྱོང་ས་གནས་ཀྱི་ལོངས་སྤྱོད་ཆ་ཤས་ཀྱི་ཆག་ཡང་དང་རྩ་ཆག་གི་གཟིགས་སྐྱོང་སྲིད་ཇུས་ཀྱང་མུ་མཐུད་ལོངས་སུ་སྤྱད་ཆོག

    “གཏན་འབེབས་བྱས་པའི་ཆ་རྐྱེན་དང་མཐུན་པ”ཡི་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ལ་འཛིན་པའི་ཚད་གཞི་གཤམ་གསལ་ཏེ། 1.བཟོ་ལས་ཁེ་ལས་ཀྱི་མ་རྩ་བསྡོམས་གྲངས་སྒོར་ཁྲི་3000ལས་མི་བརྒལ་བ་དང་ཁེ་ལས་གཞན་དག་གི་མ་རྩ་བསྡོམས་གྲངས་སྒོར་ཁྲི་1000ལས་མི་བརྒལ་བ་དང་། 2.བཟོ་ལས་ཁེ་ལས་ཀྱི་ལས་ཞུགས་མི་གྲངས་100ལས་མི་བརྒལ་བ་དང་ཁེ་ལས་གཞན་དག་གི་ལས་ཞུགས་མི་གྲངས་80ལས་མི་བརྒལ་བ། 3.ལོ་རེར་ཐོབ་ཁྲལ་འཇལ་གྲངས་སྒོར་ཁྲི་20(སྒོར་ཁྲི་20ཚུད་པ)ལས་མི་བརྒལ་བ་བཅས་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། ད་རེས་ཁེ་སྤོགས་ཉུང་བའི་ཁེ་ལས་ཆུང་གྲས་ཀྱི་ཐོབ་ཁྲལ་ཐད་ཀྱི་གཟིགས་སྐྱོང་སྲིད་ཇུས་ལེགས་སྒྲིག་བྱས་པ་ལས་འགྱུར་ལྡོག་གསུམ་བྱུང་ཡོད་པ་རེད།

    དང་ཐོག་འགྱུར་ལྡོག་མངོན་གསལ་དོད་ཤོས་ཤིག་ནི་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ལ་ལོངས་སུ་སྤྱོད་རྒྱུ་ཡོད་པའི་ཕྱེད་གཅོག་བསྡུ་ལེན་ཚད་གཞི་ཉིད་དེ་སྔོན་གྱི་སྒོར་ཁྲི་10ནས་སྒོར་ཁྲི་20བར་མཐོ་རུ་སོང་བ་དེ་རེད། བྱེད་ཐབས་དེ་ལས་ཁྲལ་འཇལ་བ་ཆུང་གྲས་དང་ཆེས་ཆུང་གྲས་ལ་ཕན་པ་སྔར་བས་མང་པོ་ཐོབ་རྒྱུ་མ་ཟད། ད་དུང་ཁྱབ་ཁྱོན་ཡང་སྔར་བས་ཆེ་རུ་འགྲོ་རྒྱུ་རེད།

    དེ་ནས་སྔོན་སྤྲོད་དང་གོང་ཞུའི་བརྒྱུད་རིམ་སྔར་བས་སྟབས་བདེ་རུ་སོང་ཡོད། ད་ཆ་ཁེ་སྤོགས་ཉུང་བའི་ཁེ་ལས་ཆུང་གྲས་ཀྱིས་སྔོན་སྤྲོད་དང་གཙང་རྩིས་ཡར་སྤྲོད་བྱེད་སྐབས་ཁེ་ལས་ཀྱི་ཐོབ་ཁྲལ་དང་ཁྲལ་འཇལ་གོང་ཞུ་རེའུ་མིག་བྲིས་པའི“ལས་སྒྲུབ་མི་གྲངས་དང་མ་རྩ་བསྡོམས་གྲངས”སོགས་ལག་བསྟར་ཐོ་འགོད་འགྲོ་ལུགས་བརྒྱུད་པ་ལས་ཆེད་དོན་ཐོ་འགོད་གཞན་བྱེད་དགོས་མེད། དུས་མཚུངས་སུ་ཁྲལ་འཇལ་གོང་ཞུའི་མཉེན་ཆས་འཐུས་ཚང་དུ་བཏང་བ་བརྒྱུད་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་ཐོབ་ཐང་རང་འགུལ་གསལ་འབྱེད་ཐུབ་པ་དང་། གཟིགས་སྐྱོང་སྲིད་ཇུས་ལོངས་སུ་སྤྱོད་རྒྱུའི་དྲན་སྐུལ་ཡིག་རིགས་རང་འགུལ་ངང་འཆར་བ། འཕྲལ་མར་ཆག་ཡང་དང་རྩ་ཆག་གི་གནས་ཚུལ་གསལ་པོར་བརྗོད་ཐུབ་ཀྱི་ཡོད། དེ་ལྟ་བུའི་འགྱུར་ལྡོག་ལས་བརྒྱུད་རིམ་སྟབས་བདེར་ཕྱིན་ཏེ་སྲིད་ཇུས་སྔར་བས་ཡུལ་དུས་དང་མཐུན་པ་དང་བེད་སྤྱོད་རང་བཞིན་སྔར་བས་ལྡན་པར་གྱུར་ཡོད་པ་རེད།

    གོང་གི་འགྱུར་ལྡོག་དེ་གཉིས་ཕུད་གཞན་ཡང་འགྱུར་ལྡོག་གལ་ཆེན་ཞིག་བྱུང་བ་ནི་རང་ལྗོངས་ཀྱི་ཆ་རྐྱེན་དང་མཐུན་པའི་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ལ་ཐོབ་ཁྲལ་ཕྱེད་གཅོག་བསྡུ་ལེན་གྱི་གཟིགས་སྐྱོང་སྲིད་ཇུས་ལག་བསྟར་བྱ་རྒྱུ་ཕུད། སྔར་བཞིན་ཁྲལ་ཚད་15%གཞིར་བཟུང་ཁེ་ལས་ཀྱི་ཐོབ་ཁྲལ་འཇལ་དགོས་པ་དེ་རེད། དེའི་ནང་རྩིས་བཤེར་བསྡུ་ལེན་བྱ་ཡུལ་གྱིས་མི་རིགས་ས་ཁོངས་རང་སྐྱོང་ས་གནས་ཀྱི་ལོངས་སྤྱོད་ཆ་ཤས་ཀྱི་ཆག་ཡང་དང་རྩ་ཆག་གི་གཟིགས་སྐྱོང་སྲིད་ཇུས་ཀྱང་མུ་མཐུད་ལོངས་སུ་སྤྱད་ཆོག ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཆ་ཤས་དེའི་ཐོབ་ཁྲལ་ལ་ཆ་མཚོན་ན་ཁྲལ་འཁྲི་ངོ་མ་ནི་4.5%ཙམ་ཡིན།

    འོ་ན་ཁེ་ལས་ཇི་ལྟ་བུ་ཞིག་ལ་ཐོབ་ཁྲལ་གྱི་ཁྲལ་འཁྲི་4.5% ལོངས་སུ་སྤྱོད་རྒྱུ་ཡོད་དམ་ཞེ་ན།

    ངེས་པར་དུ་གཤམ་གསལ་གྱི་ཆ་རྐྱེན་ལྡན་དགོས་པ་སྟེ། བོད་དུ་ཐོ་འགོད་བྱས་ཏེ་གཉེར་བའི་ཁེ་ལས་སྣ་ཚོགས་དང་། རྒྱལ་ཁབ་དང་བོད་རང་སྐྱོང་ལྗོངས་ཀྱི་ཚད་བཀག་རང་བཞིན་གྱི་ལས་རིགས་མིན་པ། ཞིབ་བཤེར་བསྡུ་ལེན་གྱི་ཁེ་སྤོགས་ཉུང་བའི་ཁེ་ལས་ཆུང་གྲས་མིན་པ། གཏེར་འདོན་ལས་རིགས་དང་གཏེར་ལས་དབང་ཆ་ཉོ་ཚོང་བྱ་སྤྱོད་དང་འབྲེལ་བ་ཡོད་པའི་ཁེ་ལས་མིན་པ་བཅས་རེད།

    འོ་ན། དཔྱ་ཁྲལ་དངོས་སུ་འཇལ་བའི་བརྒྱུད་རིམ་ནང་གལ་སྲིད་ཁེ་ལས་ཀྱིས་དུས་ཚིགས་སྔོན་འཇལ་སྐབས་སུ་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ལ་འཛིན་པའི་གཟིགས་སྐྱོང་སྲིད་ཇུས་ལོངས་སུ་སྤྱད་རུང་ལོ་མཇུག་ཏུ་གཙང་འཇལ་བྱེད་སྐབས་ཚད་གཞི་ལས་བརྒལ་བ་ཤེས་རྟོགས་བྱུང་ན་ཇི་ལྟར་བྱེད་དགོས་སམ།

    ཝང་ཝུའེ་ཡིས“ལས་ཀ་དངོས་ནང་གནས་ཚུལ་དེ་རིགས་ཐོན་པ་ཏན་ཏན་རེད། དུས་ཚིགས་སྔོན་འཇལ་སྐབས་སུ་ཆ་རྐྱེན་དང་མཐུན་པའི་རིགས་ཀྱིས་གཟིགས་སྐྱོང་སྲིད་ཇུས་ལོངས་སུ་སྤྱོད་ཀྱི་ཡོད། དུས་ཚིགས་གཅིག་རྫོགས་རྗེས་བསྡོམས་རྩིས་བརྒྱབ་ནས་གཙང་འཇལ་བྱེད་སྐབས་ཆ་རྐྱེན་དང་མི་མཐུན་པར་ཚད་གཞི་ལས་བརྒལ་བ་ཤེས་རྟོགས་བྱུང་ན་ད་ལྟ་ལག་ལེན་བསྟར་བའི་གཏན་འབེབས་གཞིར་བཟུང་ཆག་ཡང་དང་རྩ་ཆག་བཏང་བའི་ཁྲལ་དངུལ་གསབ་འཇལ་བྱེད་དགོས། གཞན་ཡང་འཇལ་མང་དྲགས་པའི་གནས་ཚུལ་ཐོན་ཚེ་ཁྲལ་དངུལ་ཕྱིར་སློག་བྱ་རྒྱུ་རེད”ཅེས་བཤད་པ་རེད།

    སྲིད་ཇུས་དེ་ཁྱབ་གདལ་དུ་བཏང་བ་ལས་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་མགྱོགས་མྱུར་འཕེལ་རྒྱས་གཏོང་རྒྱུར་སྐུལ་མ་ཐེབས་པ་དང་། ཁྲོམ་རའི་ཉེན་ཁར་ཁ་གཏད་གཅོག་པའི་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་ནུས་པ་ཆེ་རུ་སོང་བ། ལས་ཞུགས་སྐུལ་འདེད་དང་། དམངས་འཚོ་ལེགས་གཏོང་། བརྟན་ལྷིང་སྲུང་སྐྱོང་སོགས་ཐད་ཀྱི་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་དགེ་མཚན་ལྡན་པའི་ནུས་པ་སྔར་བས་འདོན་སྤེལ་ཐུབ་པ་བཅས་བྱུང་ནས་སྤྱི་ཚོགས་ཡོངས་སུ་སྤྱི་དམངས་ཀྱིས་བྱ་གཞག་གཏོད་པ་དང་མང་ཚོགས་ཀྱིས་གསར་གཏོད་བྱེད་པའི་ཚ་རླབས་ཤིག་འཕྱུར་རྒྱུ་རེད། དུས་མཚུངས་སུ་དེའང་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་བྱེད་པ་དང་། ཁེ་ལས་ཀྱི་ཁྲལ་བསྡུའི་ཁུར་པོ་ཡང་དུ་གཏོང་བ། སྒྱུར་བཅོས་ཀྱི་ཁེ་སྤོགས་སྤྲོད་པ་བཅས་ཀྱི་རྒྱལ་ཁབ་ཀྱི་བྱེད་ཐབས་གལ་ཆེན་ཞིག་ཀྱང་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།