དབུ་ཤོག>གསར་འགྱུར།
  • ​ གྲོང་གསེབ་ཀྱི་ཏང་འཛུགས་སྐྱོང་གི་མཁར་རྫོང་གཏན་ནས་མ་ཤོར་བ་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-07-01

    སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཀུའེ་ཀྲོའུ་རུ་རྟོག་ཞིབ་གནང་སྐབས་ཏང་གི་ལས་དོན་གྱི་སྟོབས་ཤུགས་ཆེན་པོ་གཞི་རིམ་དུ་གནས་པ་དང་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་དང་དམངས་འཚོའི་འགལ་བ་དང་གནད་དོན་མངོན་གསལ་དོད་པོའང་གཞི་རིམ་དུ་གནས་ཡོད་པས་ངེས་པར་དུ་གཞི་རིམ་གྱི་རྨང་གཞི་འདིང་རྒྱུར་དམ་འཛིན་བྱེད་རྒྱུ་དེ་ཕུགས་ཀྱི་ཐབས་ཇུས་དང་རྩ་སྲ་རྨང་བརྟན་གྱི་ཐབས་ཇུས་ཤིག་ཏུ་བརྩིས་ནས་ལྷོད་གཡེང་སྤུ་ཙམ་ཡང་གཏོང་མི་རུང་ཞེས་གསུངས་ཡོད། དེར་བརྟེན་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་ལ་གཙོ་གནད་ཐོག་ཤུགས་སྣོན་གྱིས་ཕྱོགས་ཡོངས་ནས་གཞི་རིམ་ཏང་རྩ་འཛུགས་ཀྱི་གོང་བུ་འགྲིལ་ཤུགས་དང་དམག་འཐབ་ནུས་པ་ཆེ་རུ་གཏོང་དགོས།

    གྲོང་གསེབ་ཀྱི་གཞི་རིམ་ཏང་རྩ་འཛུགས་ཀྱིས་དུས་ཡུན་རིང་པོའི་ནང་གྲོང་གསེབ་ཀྱི་སྒྱུར་འཕེལ་བརྟན་གསུམ་དང་དམངས་འཚོ་ལེགས་གཏོང་གི་ལས་འགན་ལྕི་པོ་ཁུར་ཡོད་པས་གཞི་རིམ་གྱི་ཏང་འཛུགས་སྐྱོང་གི་མཁར་རྫོང་ཞེས་བརྗོད་ཀྱི་ཡོད། ཉིན་རེ་བཞིན་རྙོག་འཛིང་ཆེ་རུ་འགྲོ་བའི་གྲོང་གསེབ་ཀྱི་གནད་དོན་མདུན་དུ་གཞི་རིམ་གྱི་ཏང་རྩ་འཛུགས་འཛུགས་སྐྱོང་ཐད་ལྷོད་གཡེང་སྤུ་ཙམ་ཡང་གཏོང་མི་རུང་བའི་བླང་བྱ་བཏོན་པ་དེ་ནི་རུལ་སུངས་བཅོས་སྒྲིག་དང་ཞིང་ཕན་སྲིད་ཇུས་དོན་འཁྱོལ་དཀའ་བ་སོགས་གྲོང་གསེབ་ཀྱི་ཐག་གཅོད་དཀའ་བའི་གནད་དོན་ལ་གནད་ལ་འཁེལ་བའི་ངང་དམིགས་པར་གྱུར་ཡོད།

    མིག་སྔར་གྲོང་གསེབ་ཀྱི་རྩ་འཛུགས་མི་འདྲ་བ་སྣ་ཚོགས་ཐོན་དང་ཐོན་བཞིན་ཡོད་པས་སྤྱི་ཚོགས་ཀྱི་རིམ་པ་སྣ་མང་ཅན་དུ་གྱུར་བ་དང་མི་སྣ་འགྲོ་འོང་དེ་བས་མང་དུ་ཕྱིན་ཡོད་སྟབས་དེ་དག་གིས་གྲོང་གསེབ་ཀྱི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ཐད་འགྲན་སློང་མང་པོ་འཕྲད་ཡོད། ས་ཆ་ཁག་གཅིག་གི་གྲོང་གསེབ་ཀྱི་རྩ་འཛུགས་ནུས་མེད་ཟབ་ཟོབ་ཡིན་པ་དང་གཞི་རིམ་ཏང་རྩ་འཛུགས་ཁག་གཅིག་གི་སྣེ་ཁྲིད་པའི་སྐད་ཆར་ཉན་མཁན་མེད་ཁར་གཞོགས་འདེགས་བྱེད་མཁན་ཡང་མེད་པ་དང་། ཏང་ཡོན་ལ་ལར་དགོས་ངེས་ཀྱི་གོ་རྟོགས་དང་སྤྱོད་བཟང་མི་ལྡན་པ་དང་ཏང་ཡོན་གྱི་ཆ་རྐྱེན་འཛོམ་མེད།

    གྲོང་གསེབ་ཀྱི་གཞི་རིམ་ཏང་རྩ་འཛུགས་ཉམས་ཞན་ཡིན་པ་དེས་གནད་དོན་མང་པོ་ལྷག་པ་དང་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད། གལ་ཏེ་གྲོང་གསེབ་ཀྱི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་མ་བརྒྱབ་ཚེ་གྲོང་གསེབ་ཀྱི་ཡུན་རིང་བདེ་འཁོད་དང་། ཞིང་པ་དབུལ་སྒྲོལ་ཕྱུག་འགྱུར། ཞིང་ལས་རྒྱུན་མཐུད་གོང་འཕེལ་བཅས་ལ་ཤུགས་རྐྱེན་ཐེབས་ངེས་ཡིན། དེར་བརྟེན་མིག་སྔར་གྲོང་གསེབ་ཏུ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་ནུས་པ་དང་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་བྱེད་དགོས་ཀྱི་ཡོད་པ་དང་དེ་ཐད་ཀར་གྲོང་གསེབ་བཅོས་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་རྒྱུ་དང་འབྲེལ་བ་ཡོད།

    གྲོང་གསེབ་ཀྱི་ཏང་འཛུགས་སྐྱོང་ལས་དོན་ཐད་མི་སྣ་རིགས་གསུམ་ཡག་པོ་སྤྱོད་དགོས་པ་སྟེ། གཅིག་ནི་གྲོང་གསེབ་ཀྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་སྣེ་ཁྲིད་པ་ཡིན་པ་དང་མི་སྣ་དེ་དག་འདེམས་སྤྱོད་ཡག་པོ་བྱེད་དགོས་པ་དང་། གཉིས་ནི་སློབ་ཆེན་ཐོན་པའི་གྲོང་དཔོན་ཡིན་པ་དང་སློབ་གྲྭ་ཆེ་མོ་བ་གྲོང་གསེབ་ཏུ་ལས་ཀ་བྱེད་པར་ཡོང་རྒྱུར་ཡིད་འགུག་དགོས་པ། གསུམ་ནི་ལེགས་འདེམས་མངགས་གཏོང་བྱས་པའི་ཧྲུའུ་ཅི་ཨང་དང་པོ་ཡིན་པ་དང་ཡིག་ཚགས་དང་གཱ་བཟོས་ནས་གྲོང་གསེབ་དབུལ་པོར་ནུས་པ་དེ་བས་ཆེ་བ་འདོན་སྤེལ་བྱེད་དགོས།

    དེ་དང་ཆབས་ཅིག་ས་གནས་ཁག་གིས་ད་དུང་གྲོང་ཚོའི་བྱ་བའི་ལྟ་སྐུལ་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་དང་། ལས་ཀའི་འགན་འཁྲི་ཁ་གསལ་བཟོ་བ། གྲོང་དོན་ལས་དོན་ཡོངས་བསྒྲགས་ཁ་གསལ་དང་ཁྲིམས་མཐུན་སྲོལ་མཐུན་ཐུབ་པ། གྲོང་དོན་གནས་ཚུལ་ལ་དབྱེ་ཞིབ་བྱེད་པ། གྲོང་དོན་ལྟ་སྐུལ་དོ་དམ་ལས་དོན་གྱི་སྙན་ཞུ་དང་དཔྱད་མོལ་དཔྱད་ཞིབ་སོགས་ཀྱི་ལམ་ལུགས་ལ་བརྟེན་ནས་གྲོང་གསེབ་བཅོས་སྐྱོང་བྱེད་པ། གྲོང་དོན་གྱི་ཕུགས་ཕན་ལྟ་སྐུལ་ལམ་སྲོལ་ཆགས་པ་དང་གྲོང་གསེབ་བཅོས་སྐྱོང་དང་ཁྲིམས་སྐྱོང་ལམ་སྲོལ་ཐོག་སླེབས་པ་བཅས་ཀྱི་ཐོག་ནས་རྒྱ་ཆེའི་གྲོང་མི་ཚོའི་ཁེ་ཕན་སྲུང་སྐྱོང་ནུས་ལྡན་བྱེད་དགོས།

    “ཕྱོགས་ཡོངས་ནས་བཞིའི”འཐབ་ཇུས་བཀོད་སྒྲིག་སྐུལ་འདེད་གཏོང་བ་དང་དེ་བཞིན“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་འདིང་འགོ་ཚུགས་པ་དང་བསྟུན་ནས་གྲོང་གསེབ་ཀྱི་གཞི་རིམ་ཏང་རྩ་འཛུགས་ཐད་དེ་བས་ལྕི་བའི་ལས་འགན་འཕྲད་ཡོད། གྲོང་གསེབ་ཀྱི་ངོས་ནས་བརྗོད་ཚེ་ལས་བྱེད་པ་ཡག་པོ་ཡོད་མེད་དེས་ཚད་གཞི་ངེས་ཅན་ཞིག་གི་ཐོག་ནས་གྲོང་གསེབ་ཀྱི་ཏང་རྩ་འཛུགས་འཛུགས་སྐྱོང་ལེགས་ཉེས་ལ་རག་ལུས་ཡོད་སྟབས་གྲོང་གསེབ་ཀྱི་ཏང་འཛུགས་སྐྱོང་མཁར་རྫོང་གཏན་ནས་མི་ཤོར་བ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།