དབུ་ཤོག>གསར་འགྱུར།
  • འདི་ལོ་བོད་ལྗོངས་མངའ་རིས་ཀྱིས་ཆུ་བེད་རྣམ་གྲངས་ལ་མ་དངུལ་སྒོར་དུང་ཕྱུར་2.2གཏོང་རྩིས་ཡོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-07-01

    ཉེ་དུས་གསར་འགོད་པས་བོད་རང་སྐྱོང་ལྗོངས་མངའ་རིས་ས་ཁུལ་ཆུ་བེད་ཅུས་ནས་ཤེས་རྟོགས་བྱས་པར། བོད་ལྗོངས་མངའ་རིས་ས་ཁུལ་གྱིས་འདི་ལོ་ཆུ་བེད་རྣམ་གྲངས་ཁྱོན་23ལག་བསྟར་བྱ་རྒྱུའི་འཆར་གཞི་ཡོད་པ་དེའི་ནང་གསར་སྐྲུན་རྣམ་གྲངས་14དང་མཐུད་སྐྲུན་རྣམ་གྲངས་9ཚུད་ཡོད་པར་མ་དངུལ་སྒོར་དུང་ཕྱུར་2.2ལྷག་ཙམ་གཏོང་རྩིས་ཡོད་པ་རེད། 

    ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོ་བོད་ལྗོངས་མངའ་རིས་ས་ཁུལ་གྱི་གསར་སྐྲུན་རྣམ་གྲངས་14ཚང་མ་ཀྲུང་དབྱང་ནོར་སྲིད་ཀྱིས་མ་འཇོག་བྱས་པ་ཞིག་ཡིན་པ་དང་། གསར་སྐྲུན་རྣམ་གྲངས་ཀྱི་མ་འཇོག་སྒོར་དུང་ཕྱུར་1.42ཟིན་པ་དང་། མ་དངུལ་སྒོར་དུང་ཕྱུར་1.37གཏོང་རྩིས་ཡོད་པའི་ནང་དགེ་རྒྱས་རྫོང་གི་2013ལོའི་ས་ཞིང་ཆུང་གྲས་ཀྱི་གཙོ་གནད་རྫོང་འཛུགས་སྐྲུན་དང་། རུ་ཐོག་རྫོང་གི་2014ལོའི་ས་ཞིང་ཆུང་གྲས་ཀྱི་གཙོ་གནད་རྫོང་འཛུགས་སྐྲུན། རྩྭ་མདའ་རྫོང་གི་རོང་གསུམ་ས་ཆུ་སྲུང་འཛིན་གྱི་སྣོད་བཅུད་ཉམས་གསོའི་ལས་གྲྭ རྩྭ་མདའ་རྫོང་མཐོ་ལྡིང་ཆུ་གློག་ས་ཚིགས་ཀྱི་སྐུད་ལམ་སྣུར་སྲིང་ལས་གྲྭ སྒར་རྫོང་སྒར་གྲོང་གསར་གྱི་ཞིང་ཆུ་འདྲེན་ཁུལ། མཚོ་ཆེན་རྫོང་ཆུ་ལྷོ་ཤང་གི་ཞིང་ཆུ་འདྲེན་ཁུལ་ལས་གྲྭ་སོགས་ཚུད་ཡོད་པ་རེད། མཐུད་སྐྲུན་རྣམ་གྲངས་ལ་མ་དངུལ་སྒོར་དུང་ཕྱུར་2.4བཏང་ནས་མ་དངུལ་སྒོར་ཁྲི་8073གཏོང་རྩིས་ཡོད་པའི་ནང་ཁུལ་དེའི་སྒར་རྫོང་སོག་སྨད་གྲོང་ཚོའི་ཞིང་ཆུ་འདྲེན་པའི་ལས་གྲྭ་དང་སེང་གེ་ཁ་འབབ་གྲོང་ཁུལ་དུམ་བུའི་བཅོས་སྒྲིག རྩྭ་མདའ་རྫོང་ཚོ་སྲིབ་གསུམ་དཀྱིལ་གྱི་ཆུ་ལོག་འགོག་རགས་ལས་གྲྭ སྤུ་ཧྲེང་རྫོང་རིམ་པ་གཉིས་པའི་ཆུ་གློག་ས་ཚིགས་ལས་གྲྭ རུ་ཐོག་རྫོང་གྲོང་གི་འཐུང་ཆུའི་ཆུ་ཁུངས་འཛུགས་སྐྲུན་ལས་གྲྭ་སོགས་ཚུད་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།