དབུ་ཤོག>གསར་འགྱུར།
  • མཐའ་མཚམས་མང་ཚོགས་ཀྱི་ཕྱུག་འགྱུར་ལམ་བུ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-06-30

    res01_attpic_brief.jpg

    “རིན་གོང་མཐོ་བའི་མོག་རོ”ཞེས་བརྗོད་ཚུལ་ཡོད་པའི་གྲོ་མོའི་མོག་རོ་ནི་ཧི་མ་ལ་ཡ་ལྷོ་རྒྱུད་དུ་ཡོད་པའི་བོད་ཀྱི་གྲོ་མོ་རྫོང་གི་ནགས་ཁུལ་དུ་སྐྱེས་པ་དང་། དེའི་ཐོན་ཚད་ཉུང་བ་དང་འཚོ་བཅུད་རིན་ཐང་མཐོ་བས་རི་སྐྱེས་གྲོ་མོའི་མོག་རོར་རྒྱ་མ་རེར་སྒོར་3000ལྷག་ཙམ་བྱེད་ཀྱི་ཡོད་པ་རེད། ཉེ་བའི་ལོ་ཤས་རིང་མིའི་ཐབས་ལ་བརྟེན་ནས་གྲོ་མོའི་མོག་རོ་འདེབས་འཛུགས་བྱེད་པའི་ལག་རྩལ་ཞིབ་འཇུག་ཐུབ་པ་དང་འབྲེལ་གཞི་ཁྱོན་ཅན་གྱི་གཉེར་སྐྱོང་བྱེད་འགོ་ཚུགས་པ་རེད། གྲོ་མོ་རྫོང་གིས་ཀུང་སི་དང་ཞིང་དུད་ཟུང་འབྲེལ་གྱི་ཐོན་སྐྱེད་དང་གཉེར་སྐྱོང་བྱེད་སྟངས་ཐོག་ནས་ཚན་རྩལ་ཀུང་སིས་ཞིང་འབྲོག་པར་མོག་རོའི་སོན་མཁོ་འདོན་བྱེད་པ་དང་། ལག་རྩལ་ཐོག་ནས་ཞབས་འདེགས་ཞུ་བ་དང་འབྲེལ་ཁྲོམ་རར་གཉེར་ཚོང་བྱེད་ཚབ་བྱས་ནས་ཁྲེང་ཏུའུ་དང་ཀོང་ཀྲོའུ་སོགས་ལ་ཕྱིར་ཚོང་བྱས་པས་ཞིང་འབྲོག་པ་དུད་ཚང་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་ཙམ་ལོན་ཞིང་། འདི་ནི་གྲོ་མོ་རྫོང་གི་བོད་རིགས་བུད་མེད་གཅིག་གིས་མོག་རོ་འཐུ་བའི་གནས་ཚུལ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། 卓玛吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།