དབུ་ཤོག>གསར་འགྱུར།
  • ​ ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་རིམ་རྩིས་བྱས་ན་ལོ་ལྔ་ཙམ་ནང་དངུལ་བུན་སྒོར་དུང་ཕྱུར་891བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-06-30

    ཉེ་བའི་ལོ་ཤས་རིང་ཀྲུང་གོ་ཞིང་ལས་དངུལ་ཁང་གིས་བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་རྩ་བའི་ཇུས་གཞི་གཞིར་བཟུང་བོད་དར་བོད་བརྟན་གྱི་ཆབ་སྲིད་མཐོ་ཚད་ཐོག་ནས་གཟིགས་སྐྱོང་སྲིད་ཇུས་བསྟུད་མར་བཏོན་པ་དང་། དཔལ་འབྱོར་འཕེལ་རྒྱས་ལ་ཡར་སྐུལ་གཏོང་བའི་བོད་ལྗོངས་ཡན་ལག་དངུལ་ཁང་གི་ནུས་པ་འདོན་སྤེལ་བྱ་རྒྱུར་རྒྱབ་སྐྱོར་ཤུགས་ཆེན་བྱས་པ། དངུལ་རྩས་བོད་ཀྱི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་ཕྱིར་མ་དངུལ་གྱི་རྒྱབ་སྐྱོར་ཤུགས་ཆེན་བྱས་ཡོད་པ་རེད།

    2008ལོར་ཀྲུང་གོ་ཞིང་ལས་དངུལ་ཁང་གིས་རང་སྐྱོང་ལྗོངས་སྲིད་གཞུང་དང་འཐབ་ཇུས་མཉམ་ལས་དྲན་ཐོའི་ཡི་གེ་བཞག་པའི་རྗེས་2013ལོར་ཀྲུང་གོ་ཞིང་ལས་དངུལ་ཁང་གིས་རང་སྐྱོང་ལྗོངས་སྲིད་གཞུང་དང་རེས་སྐོར་གསར་པའི《ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོས་མཐུན་ཡི་གེ》བཞག་ཅིང་། འབྱུང་འགྱུར་ལོ་ལྔར་རང་ལྗོངས་ལ་ཡིད་རྟོན་དངུལ་བུན་སྒོར་དུང་ཕྱུར་500ཡན་བཏང་ནས་གཙོ་གནད་རྣམ་གྲངས་དང་། གྲོང་ཁྱེར་དང་གྲོང་རྡལ་ཅན་འཛུགས་སྐྲུན། ཁེ་ལས་འབྲིང་གྲས་དང་། ཆུང་གྲས། ཆེས་ཆུང་གྲས་དང་དེ་བཞིན“ཞིང་གསུམ”འཕེལ་རྒྱས་བཅས་ལ་རྒྱབ་སྐྱོར་བྱ་རྒྱུ་དང་། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་ཞབས་འདེགས་ཞུ་རྒྱུའི་ཐག་བཅད་པ་རེད། ཉེ་བའི་ལོ་ལྔའི་ནང་ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་རིམ་རྩིས་བྱས་ན་དངུལ་བུན་སྒོར་དུང་ཕྱུར་891བཏང་ནས་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར་ནུས་ལྡན་བྱས་ཡོད་པ་རེད།

    ས་གནས་ཅན་གྱི་ཐོན་རྫས་སྔར་བས་མང་པོ་བཏོན་ནས་དཔལ་འབྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱ་ཆེད་ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་ལྗོངས་ཡོངས་ཀྱི་ལས་རིགས་གཅིག་པའི་ནང་ནས་ཁེ་ལས་འབྲིང་གྲས་དང་། ཆུང་གྲས། ཆེས་ཆུང་གྲས་བཅས་ཀྱི་ཆེད་གཉེར་སྒྲིག་གཞི་དང་ཐོག་བཙུགས་ཏེ་ཁེ་ལས་ཆུང་གྲས་ལ་སྟབས་བདེ་མགྱོགས་མྱུར་གྱི་དངུལ་བུན་གཏོང་འབོར་སྒོར་ཁྲི་500བར་མཐོ་རུ་གཏོང་རྒྱུའི་མོས་མཐུན་བྱས་ཡོད། རིམ་རྩིས་བྱས་ན་ལོ་ལྔའི་ནང་ཁེ་ལས་འབྲིང་གྲས་དང་། ཆུང་གྲས། ཆེས་ཆུང་གྲས་བཅས་ལ་དངུལ་བུན་སྒོར་དུང་ཕྱུར་139.51བཏང་ནས་ཁེ་ལས་འབྲིང་གྲས་དང་། ཆུང་གྲས། ཆེས་ཆུང་གྲས་བཅས་ཀྱི་མ་དངུལ་མཉམ་འདུ་དཀའ་བའི་གནད་དོན་ཐག་གཅོད་ནུས་ལྡན་བྱས་པ་དང་། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་ས་གནས་དེ་གའི་མི་སྒེར་གྱི་སྡོད་ཁང་རང་སྐྲུན་དངུལ་བུན་དང་བོད་ཀྱི་ཁྱད་ཆོས་ལྡན་པའི་གསེར་གྱི་ཐོན་རྫས་སོགས་དངུལ་རྩའི་ཐོན་རྫས་བཏོན་པ། རིམ་རྩིས་བྱས་ན་ལོ་ལྔའི་ནང་མི་སྒེར་ལ་དངུལ་བུན་སྒོར་དུང་ཕྱུར་69བཏང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།