དབུ་ཤོག
  • གཟའ་འཁོར་འདིའི་གནམ་གཤིས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-06-30

    གཅིག གཟའ་འཁོར་འདིའི་གནམ་གཤིས་སྔོན་བརྡ(ཟླ་6ཚེས་29ཉིན་ནས་ཟླ་7ཚེས་5ཉིན་བར)

    སྔོན་དཔག་བྱས་ན། གཟའ་ཟླ་བ་དང་མིག་དམར་ལ་ནག་ཆུ་ས་ཁུལ་དང་། གཞིས་རྩེ་གྲོང་ཁྱེར་ལྷོ་ནུབ་རྒྱུད། མངའ་རིས་ས་ཁུལ་ལྷོ་རྒྱུད། ཆབ་མདོ་གྲོང་ཁྱེར་བྱང་རྒྱུད་བཅས་སུ་ཆར་པ་ཆུང་བ་ནས་འབྲིང་བ་བར་འབབ་རྒྱུ་དང་། ཡར་ཀླུང་གཙང་པོའི་ལུང་གཞུང་ཁུལ་དུ་སྤྲིན་པ་མང་པོ་འཁོར་ནས་གནམ་འཐིབ་རྒྱུ་དང་ས་ཆ་ཁ་ཤས་ལ་ཆར་པ་སིམ་སིམ་འབབ་རྒྱུ། གཟའ་ལྷག་པ་དང་ཕུར་བུར་ནག་ཆུ་ས་ཁུལ་དང་། གཞིས་རྩེ་གྲོང་ཁྱེར་ལྷོ་རྒྱུད། ཆབ་མདོ་གྲོང་ཁྱེར་བྱང་རྒྱུད་བཅས་སུ་ཆར་པ་ཆུང་བ་འབབ་རྒྱུ་དང་། ས་ཆ་ཁ་ཤས་ལ་ཆར་པ་འབྲིང་བ་འབབ་རྒྱུ། ཉིང་ཁྲི་གྲོང་ཁྱེར་དང་ཡར་ཀླུང་གཙང་པོའི་ལུང་གཞུང་ཁུལ་དུ་སྤྲིན་པ་མང་པོ་འཁོར་ནས་ཆར་པ་སིམ་སིམ་འབབ་རྒྱུ། གཟའ་པ་སངས་དང་སྤེན་པར་ཆབ་མདོ་གྲོང་ཁྱེར་དང་། ཉིང་ཁྲི་གྲོང་ཁྱེར། ནག་ཆུ་ས་ཁུལ་ཤར་རྒྱུད་བཅས་སུ་ཆར་པ་ཆུང་བ་ནས་འབྲིང་བ་བར་འབབ་རྒྱུ་དང་། ས་ཆ་ཁ་ཤས་ལ་ཆར་པ་ཆེན་པོ་འབབ་རྒྱུ། ལྷ་ས་གྲོང་ཁྱེར་དང་ལྷོ་ཁ་ས་ཁུལ་དུ་ཆར་པ་ཆུང་བ་འབབ་རྒྱུ། ས་ཆ་ཁ་ཤས་ལ་ཆར་པ་འབྲིང་བ་འབབ་རྒྱུ། ས་ཁུལ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་ནས་ཆར་པ་སིམ་སིམ་འབབ་རྒྱུ།

    གཉིས། གྲོས་འགོ

    1.ཡོམ་ཁུལ་འགྲམ་ནས་གཉའ་ལམ་བར་དུ་དུས་འགོར་ཆར་ཆུ་ཆེ་ཙམ་འབབ་རྒྱུ་དང་དུས་མཇུག་ཏུ་སྔར་བཞིན་ཆར་ཆུ་འབབ་རྒྱུ་ཡིན་པས་ས་ཆ་ཁ་ཤས་སུ་འདམ་རྡོའི་ཆུ་རུད་དང་རི་ཉིལ་བ་སོགས་ཀྱི་ཞོར་སྐྱོན་གནོད་འཚེ་ཐོན་རྒྱུར་དོགས་ཟོན་བྱེད་ཤུགས་ཆེ་རུ་གཏོང་བ་དང་འབྲེལ་ཡོད་དུམ་བུར་འགྲོ་འོང་བྱེད་མཁན་འཁོར་རིགས་ཀྱིས་གཟབ་ནན་བྱས་ཐོག་འགྲིམ་འགྲུལ་བདེ་འཇགས་ཡོང་བའི་འགན་ལེན་བྱེད་དགོས།

    2.གཟའ་འཁོར་འདིའི་ནང་རང་ལྗོངས་སུ་ཆར་ཆུ་འབབ་མང་བ་དང་དུས་མཇུག་ཏུ་ཤར་ལྷོའི་རྒྱུད་དུ་འབབ་ཤུགས་ཆེ་བས་ས་གཤིས་གནོད་འཚེ་དང་། ཐོག སེར་བའི་གནོད་འཚེ་སྔོན་འགོག་ལས་དོན་ཡག་པོ་སྒྲུབ་དགོས་པ་དང་འབྲེལ་འགྲིམ་འགྲུལ་དང་ཡུལ་སྐོར་བདེ་འཇགས་དོ་དམ་ཡག་པོ་བྱེད་དགོས།

    3.གཞིས་རྩེ་གྲོང་ཁྱེར་གྱི་ནུབ་རྒྱུད་ཞིང་ཁུལ་དུ་སྔར་བཞིན་ཆར་ཆུ་འབབ་ཉུང་བས་འོས་འཚམ་ངང་ཞིང་ཆུ་འདྲེན་པ་དང་ཞིང་ནང་གཡོག་བྱེད་ཡག་པོ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།