དབུ་ཤོག
  • ​ ཆ་པ་སྐལ་བཟང་དབང་འདུས་སྐུ་གཤེགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-06-29

    ཁྲེན་ཆོན་གོ་དང་། པད་མ་འཕྲིན་ལས། བློ་བཟང་རྒྱལ་ མཚན། ཝུའུ་དབྱིང་ཅེ། ཏེང་ཞའོ་ཀང་སོགས་ཀྱིས་མྱ་ངན་ དང་སེམས་གསོ་གནང་བ།

    ཀྲུང་གོ་གུང་ཁྲན་ཏང་གི་གྲོགས་པོ་བློ་ཐུབ་དང་། ཏང་དང་ཡུན་རིང་མཉམ་ལས་མཉམ་སྒྲུབ་གནང་བའི་བློ་བརྟན་འགྱུར་མེད་ཀྱི་རྒྱལ་གཅེས་རིང་ལུགས་པ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཞི་པ་དང་། ལྔ་པ། དྲུག་པ་བཅས་ཀྱི་ཀྲུའུ་ཞི་གཞོན་པ་བཅས་ཡིན་པའི་བློ་མཐུན་ཆ་པ་སྐལ་བཟང་དབང་འདུས་སྙུན་གཞིས་རྐྱེན་པས་སྨན་བཅོས་བྱས་ཀྱང་ཕན་འབྲས་མ་ཐོན་པར་2015ལོའི་ཟླ་6ཚེས་19ཉིན་གྱི་ཆུ་ཚོད་9དང་སྐར་མ་30ཡི་ཐོག་ལྷ་སར་སྐུ་གཤེགས་པ་དང་། ད་ལོ་དགོང་ལོ་88ལ་ཕེབས་ཡོད།

    ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་བློ་མཐུན་ཆ་པ་སྐལ་བཟང་དབང་འདུས་སྐུ་གཤེགས་པར་མྱ་ངན་ཞུས་པ་དང་འབྲེལ་ཁོང་གི་ནང་མིར་སེམས་གསོ་གནང་ཞིང་། ཡུས་ཀྲེང་ཧྲེང་དང་། ལིའུ་ཡུན་ཧྲན། ཀྲའོ་ལེ་ཅི། ཧུའུ་ཅིན་ཐའོ། ཀྲུའུ་རུང་ཅི། བྱམས་པ་ཕུན་ཚོགས། འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ། ཀྲང་ཆིང་ལི། རག་སྡིས་སོགས་ཀྱིས་བྱེད་ཐབས་མི་འདྲ་བའི་ཐོག་ནས་བློ་མཐུན་ཆ་པ་སྐལ་བཟང་དབང་འདུས་སྐུ་གཤེགས་པར་མྱ་ངན་ཞུས་པ་རེད།

    རྒྱལ་ཡོངས་སྲིད་གྲོས་གཞུང་དོན་ཐིང་དང་། ཀྲུང་གུང་ཀྲུང་དབྱང་རྩ་འཛུགས་པུའུ། ཀྲུང་གུང་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ། རང་སྐྱོང་ལྗོངས་ཏང་ཨུད་དང་། མི་དམངས་འཐུས་ཚོགས་རྒྱུན་ཨུད་། སྲིད་གཞུང་། སྲིད་གྲོས་བཅས་ཀྱིས་བློ་མཐུན་ཆ་པ་སྐལ་བཟང་དབང་འདུས་སྐུ་གཤེགས་པར་མྱ་ངན་ཞུས་པ་དང་འབྲེལ་ཁོང་གི་ནང་མིར་སེམས་གསོ་གནང་བ་རེད།

    བློ་མཐུན་ཆ་པ་སྐལ་བཟང་དབང་འདུས་སྐུ་གཤེགས་རྗེས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོ་ཆེད་མངགས་བློ་མཐུན་ཆ་པ་སྐལ་བཟང་དབང་འདུས་ཀྱི་ཁྱིམ་དུ་ཕེབས་ཏེ་བློ་མཐུན་ཆ་པ་སྐལ་བཟང་དབང་འདུས་སྐུ་གཤེགས་པར་མྱ་ངན་ཞུས་པ་དང་བྱམས་བརྩེའི་ངང་ཁོང་གི་ནང་མིར་གཟིགས་པ། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་སོགས་ཀྲུང་དབྱང་འགོ་ཁྲིད་བློ་མཐུན་གྱིས་བློ་མཐུན་ཆ་པ་སྐལ་བཟང་དབང་འདུས་སྐུ་གཤེགས་པར་མྱ་ངན་དང་ཁོང་གི་ནང་མི་དང་གཉེན་ཉེར་བྱམས་བརྩེའི་སེམས་གསོ་གནང་ལུགས་བརྒྱུད་བསྒྲགས་གནང་བ་རེད།

    པད་མ་འཕྲིན་ལས་དང་། བློ་བཟང་རྒྱལ་མཚན། ཀྲང་དབྱི་ཅུང་། སྲི་ཐར། ཝུའུ་དབྱིང་ཅེ། ཏེང་ཞའོ་ཀང་། ཏེའོ་ཀའོ་ཤིན། མགོན་པོ་བཀྲ་ཤིས། ཆེ་དགྲ་ལྷ། ནོར་བུ་དོན་གྲུབ། ཏུང་ཡུན་ཧུའུ། རྡོ་ཐོགས། ཏིང་ཡེ་ཤན། ཝང་རུའེ་ལན། ཝང་གཡུང་ཅུན། ཙེང་དབན་མིང་། རྒྱལ་མཚན་ནོར་བུ། ལེགས་མཆོག པ་སངས་སོགས་ཀྱིས་བློ་མཐུན་ཆ་པ་སྐལ་བཟང་དབང་འདུས་སྐུ་གཤེགས་པར་མྱ་ངན་ཞུས་པ་དང་ཁོང་གི་ནང་མིར་སེམས་གསོ་ཡང་གནང་བ་རེད།

    བྱེད་ཐབས་མི་འདྲ་བའི་ཐོག་ནས་མྱ་ངན་དང་སེམས་གསོ་གནང་མཁན་གྲས་སུ་ད་དུང་རང་སྐྱོང་ལྗོངས་ཏང་ཨུད་དང་། མི་དམངས་འཐུས་ཚོགས། སྲིད་གཞུང་། སྲིད་གྲོས། བོད་དམག་ཁུལ་ཁང་བཅས་ཀྱི་འགོ་ཁྲིད་བློ་མཐུན་དང་། ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་ཞིང་ཆེན་རིམ་པའི་འགོ་ཁྲིད་བློ་མཐུན་ཁག་གཅིག་ཀྱང་ཡོད།

    བློ་མཐུན་ཆ་པ་སྐལ་བཟང་དབང་འདུས་སྐུ་འཚོ་བཞུགས་སྐབས་ཀྱི་ཞལ་ཆེམས་དང་ནང་མིའི་བསམ་འཆར་ལ་གཞིགས་ནས་སྐུ་ཕུང་ལ་ཞལ་གྱེས་ཞུ་བའི་མཛད་སྒོ་འཚོག་རྒྱུ་མིན་པ་རེད།

    བློ་མཐུན་ཆ་པ་སྐལ་བཟང་དབང་འདུས་1927ལོར་རྒྱ་གར་ཀ་ལོན་སྦུག་ཏུ་འཁྲུངས་པ་དང་། 1956ལོའི་རྗེས་བོད་ལྗོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཨུ་ཡོན་དང་རྒྱུན་ཨུ་དང་། རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ལྷན་བཟོ་ཚོང་ཁྲུའི་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ། སྐབས་གསུམ་པ་དང་། བཞི་པ། ལྔ་པ། དྲུག་པ་བཅས་ཀྱི་རྒྱལ་ཡོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱུན་ཨུ། བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་རྒྱུན་ཨུ་དང་དྲུང་ཆེ་གཞོན་པ་གཅིག་ལྕོགས། རང་སྐྱོང་ལྗོངས་འཕྲོད་བསྟེན་ཐིང་གི་ཐིང་ཀྲང་གཞོན་པ། ཀྲུང་གོ་མི་དམངས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གི་ཧང་ཀྲང་གཞོན་པ། ལྷ་ས་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པ། རང་སྐྱོང་ལྗོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱུན་ཨུ། སྐབས་ལྔ་པ་དང་། དྲུག་པ། བདུན་པ། བརྒྱད་པ་བཅས་ཀྱི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན། སྐབས་བཞི་པ་དང་། ལྔ་པ། དྲུག་པ་བཅས་ཀྱི་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་བཅས་གནང་།

    བློ་མཐུན་ཆ་པ་སྐལ་བཟང་དབང་འདུས་ཀྱིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ལ་བརྩི་བཀུར་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་བརྩི་བཀུར་ཞུས་ཏེ་བོད་གསར་པའི་གསར་བརྗེའི་འཛུགས་སྐྲུན་དང་། སྒྱུར་བཅོས་སྒོ་དབྱེ། འཕེལ་རྒྱས་དང་བརྟན་ལྷིང་བཅས་ཀྱི་བྱ་གཞག་ནང་ཧུར་ཐག་ཞུགས་ཏེ་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་གནང་བ་དང་། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཁྲོད་ལངས་ཕྱོགས་བརྟན་པོ་དང་དར་ཆ་གསལ་སྟོན་གནང་སྟེ་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་མི་སྣའི་ནུས་པ་འདོན་སྤེལ་གང་ལེགས་དང་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་བརྩི་བཀུར་མཐའ་གཅིག་ཏུ་གནང་ཡོད། ཁོང་གི་ཀུན་སྤྱོད་བླ་ན་མེད་པ་དང་། གཞུང་དྲང་བབ་ཆགས་པ། ཐུགས་གཤིས་བཟང་བ། ཁེངས་སྐྱུང་གཟབ་ནན་བཅས་ཡོད་པར་བརྟེན་རྒྱལ་གཅེས་མི་སྣ་དང་ལས་བྱེད་མང་ཚོགས་ཁྲོད་སྙན་གྲགས་ཆེ་ཙམ་ལྡན་ཡོད།

    བློ་མཐུན་ཆ་པ་སྐལ་བཟང་དབང་འདུས་སྐུ་གཤེགས་པ་དེ་ནི་ང་ཚོར་ཡུན་རིང་མཛའ་གྲོགས་མཉམ་ལས་བྱེད་མཁན་གྱི་གྲོགས་པོ་ཞིག་མེད་པར་གྱུར་པ་ཞིག་དང་རང་རེའི་ཏང་གི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་གྱི་གྱོང་གུན་ཧ་ཅང་ཆེན་པོ་ཞིག་རེད། ང་ཚོས་སེམས་སྡུག་དེ་སྟོབས་ཤུགས་སུ་འགྱུར་བ་བྱས་ཏེ་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་བློ་བརྟན་འགྱུར་མེད་ཀྱི་འགོ་ཁྲིད་འོག་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་མཛུབ་ཁྲིད་བྱས་ཏེ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་ཐེངས་བཞི་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ“ཕྱོགས་ཡོངས་ནས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་དམ་པོར་དམིགས་ཏེ་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་དང་ལས་དོན་ཏན་ཏིག་བསྒྲུབས་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས།

    བློ་མཐུན་ཆ་པ་སྐལ་བཟང་དབང་འདུས་ནམ་ཡང་ང་ཚོའི་སེམས་ནང་གནས་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།