དབུ་ཤོག>གསར་འགྱུར།
  • སྟག་རྩེ་རྫོང་གིས་ས་གཙང་ལྷད་མེད་ཐོན་ལས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-06-28

    ཉེ་བའི་ལོ་ཤས་རིང་ལྷ་ས་གྲོང་ཁྱེར་སྟག་རྩེ་རྫོང་གིས་ས་གཙང་ལྷད་མེད་ཐོན་ལས་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་ངང་གཙོ་གཟུགས་གནས་བབ་དམ་འཛིན་ལྷོད་མེད་དང་། གཙོ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས། ཐོན་ལས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྱོན་ཡོངས་ནས་འཆར་འགོད། ཁྲོམ་རའི་དགོས་མཁོ་དེ་དུས་དང་རྣམ་པ་ཀུན་ཏུ་ཐོན་ལས་འཕེལ་རྒྱས་ཀྱི་སྒུལ་ཤུགས་སུ་བྱེད་པ། ཐོན་ལས་མ་ལག་འཐུས་ཚང་དུ་གཏོང་རྒྱུ་དང་ཐོན་ལས་འབབ་འཕར་བྱུང་ཚད་མཐོ་རུ་གཏོང་རྒྱུ་གཉིས་ས་གཙང་ལྷད་མེད་ཐོན་ལས་འཕེལ་རྒྱས་ཀྱི་ལྟེ་བར་བཟུང་ནས་དམ་འཛིན་བྱས་པ་རེད།

    སྣེ་འདྲེན་ཁེ་ལས་ལ་དམ་འཛིན་བྱས་ནས་སྐུལ་ཁྲིད་བྱས་པ། ལྗོངས་དང་གྲོང་ཁྱེར་གྱི་ཚོང་འགུགས་མ་འདྲེན་སྐོར་གྱི་སྲིད་ཇུས་སྣ་ཚོགས་བེད་སྤྱོད་གང་ལེགས་བྱས་ནས་ཐབས་ལམ་སྣ་མང་བརྒྱུད་དེ་སྤྱི་ཚོགས་མ་དངུལ་གྲབས་གསོག་བྱས་ནས་ས་གཙང་ལྷད་མེད་ཐོན་ལས་འཕེལ་རྒྱས་གཏོང་རྒྱུར་བཞག་པ་རེད། ཞིང་ལས་ཚན་རྩལ་དཔེ་སྟོན་གླིང་གི་མཁྲེགས་ཆས་འཛུགས་སྐྲུན་བྱེད་རྒྱུ་དམ་འཛིན་བྱ་གཞིར་བཟུང་ནས་སྒོར་ཁྲི་600ལྷག་ཙམ་བཏང་སྟེ་བགྲོད་ལམ་དང་། ཆུ་བེད། ཆུ་གློག་བཅས་ཀྱི་རྣམ་གྲངས་འཛུགས་སྐྲུན་གྱིས་གླིང་ཁུལ་གྱི་བསྡུ་ལེན་བྱེད་ནུས་དང་ཐོན་ལས་འཆར་འགོད་ཕན་ནུས་སྔར་བས་འཐུས་ཚང་དུ་བཏང་བ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། 2014ལོར་སྟག་རྩེ་རྫོང་གིས་ས་གཙང་ལྷད་མེད་ཐོན་ལས་ཀྱི་ཁེ་ལས་5ནང་འདྲེན་བྱས་པའི་ཐོ་འགོད་མ་དངུལ་སྒོར་ཁྲི་6980དང་འདོད་མོས་གྲོས་མཐུན་འཇོག་ཚད་སྒོར་དུང་ཕྱུར་1.56ཟིན་པ་རེད། མིག་སྔའི་བར་རྫོང་བཟོ་ལས་གླིང་ཁུལ་དུ་ས་གཙང་ལྷད་མེད་ཐོན་ལས་ཀྱི་ཁེ་ལས་48ཡོད་པ་རེད།

    ཆེད་ལས་མཉམ་ལས་ཁང་ལ་དམ་འཛིན་བྱས་ནས་སྐུལ་འདེད་བཏང་བ། སྟག་རྩེ་རྫོང་གིས་བཞོན་མ་དང་བོད་བྱ་གསོ་ཚགས་དང་། གཟན་རྩྭ་དང་ཁྱི་ཤིང་འདེབས་འཛུགས་སོགས་ལ་དམིགས་ནས་ཞིང་འབྲོག་མང་ཚོགས་ཚོར་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་འཛུགས་རྒྱུའི་རོགས་རམ་དང་ཁྲིད་སྟོན་བྱས་པ་སྟེ། ཕྱོགས་གཅིག་ནས་འདེབས་འཛུགས་གསོ་ཚགས་ཐད་ཀྱི་ཉམས་མྱོང་སྤེལ་རེས་བྱེད་རྒྱུར་སྐུལ་འདེད་བཏང་ནས་ཐོན་འཕར་འབབ་འཕར་ཡོང་བར་བྱས་པ་དང་། ཕྱོགས་གཅིག་ནས་འདེབས་གསོའི་གཞི་ཁྱོན་ཆེ་རུ་བཏང་ནས་ཐོན་ལས་རུབ་བསྡུས་ཡོང་བར་བྱས་པའི་ཁར་ཐོན་ལས་རིག་གནས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་ཕྱོགས་བསྡུས་འགྲན་རྩོད་ནུས་པ་ཆེ་རུ་བཏང་བ་རེད། མིག་སྔའི་བར་རྫོང་དེ་ཡོངས་སུ་ཁྱོན་མཉམ་ལས་ཁང་100ལྷག་ཙམ་བཙུགས་ནས་ཁྱི་ཤིང་འདེབས་འཛུགས་དང་བོད་བྱ་གསོ་ཚགས་སོགས་ཁྱད་ལྡན་སྤུས་རྟགས་རིམ་བཞིན་ཆགས་ཡོད་པ་རེད།

    མཁོ་ཚོང་དཔེ་དབྱིབས་དམ་འཛིན་བྱས་ནས་རོགས་སྐུལ་བྱས་པ། སྟག་རྩེ་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་འབྲེལ་ཐག་གི་ནུས་པ་འདོན་སྤེལ་ཧུར་ཐག་གིས་འདེབས་འཛུགས་གསོ་ཚགས་དུད་ཚང་དང་། མཉམ་ལས་ཁང་། སྣེ་འདྲེན་ཁེ་ལས་བཅས་ལ་གཞོགས་འདེགས་ཀྱིས“སྣེ་འདྲེན་ཁེ་ལས—མཉམ་ལས་ཁང—འདེབས་འཛུགས་གསོ་ཚགས་དུད་ཚང”གི་དགོས་མཁོའི་ཕྱོགས་སྟོན་དང“འདེབས་འཛུགས་གསོ་ཚགས་དུད་ཚང—མཉམ་ལས་ཁང—སྣེ་འདྲེན་ཁེ་ལས”ཀྱི་ཕྱིར་ཚོང་ཐབས་ལམ་ཆགས་རྒྱུར་སྐུལ་འདེད་བཏང་ནས་ཐོན་ལས་ཅན་གྱི་གཉེར་སྐྱོང་མ་ལག་སྔར་བས་འཐུས་ཚང་དུ་བཏང་བ་རེད། མིག་སྔའི་བར་རྫོང་ཁོངས་ཁེ་ལས་ཁག་གིས་རྫོང་དེ་ཡོངས་ཀྱི་འདེབས་འཛུགས་གསོ་ཚགས་ཀྱི་ཐོན་རྫས་སྣ་ཚོགས་བསྡུ་ལེན་བེད་སྤྱོད་ཐུབ་རྒྱུ་སྤྱིར་ན་མངོན་འགྱུར་བྱས་པ་དང་། སྣེ་འདྲེན་ཁེ་ལས་དང་འདེབས་འཛུགས་དུད་ཚང་དབར་གྱི་དགོས་མཁོའི་འབྲེལ་བའང་ཁྱོན་ཡོངས་ནས་བརྟན་དུ་ཕྱིན་ནས་ས་གཙང་ལྷད་མེད་ཐོན་ལས་མ་ལག་རིམ་བཞིན་འཐུས་ཚང་དུ་ཕྱིན་ཡོད་པ་རེད།

    འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། གོམ་སྟབས་རྗེས་མར་སྟག་རྩེ་རྫོང་གིས་ཚོང་འགུགས་མ་འདྲེན་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་བ་དང་། སྣེ་འདྲེན་ཁེ་ལས་སྟོབས་ཆེར་གཏོང་བ། སྤུས་རྟགས་བདེ་འཇགས་དོ་དམ་ལ་ཤུགས་སྣོན་རྒྱག་པ། ཁྱད་ལྡན་ས་གཙང་སྤུས་རྟགས་གཏོད་པ། ཆ་འཕྲིན་མ་ལག་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ། ཤར་གཏོང་ཐུབ་པའི་ཕྱིར་ཚོང་མ་ལག་འཛུགས་པ། ཐོན་ལས་གཉེར་སྐྱོང་གཙོ་གཟུགས་སྐྲུན་མགྱོགས་སུ་གཏོང་བ། ཐོན་ལས་རྩ་འཛུགས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱེད་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 卓玛吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།