དབུ་ཤོག>གསར་འགྱུར།
  • བོད་ལྗོངས་འགྲེམས་ཚོགས་ཐོག་གན་རྒྱ་བཞག་པའི་རྣམ་གྲངས་5ལས་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-06-28

    ཀྲུང་གོ་བོད་ལྗོངས་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། འདི་ལོ་ནས་བཟུང་། བོད་རང་སྐྱོང་ལྗོངས་བཟོ་ལས་དང་ཆ་འཕྲིན་ཅན་ཐིང་དང་བོད་རང་སྐྱོང་ལྗོངས་རང་བྱུང་འཐུང་ཆུའི་ཐོན་ལས་འཕེལ་རྒྱས་མཐུན་སྦྱོར་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གིས་རང་བྱུང་འཐུང་ཆུའི་ཐོན་ལས་ཀྱི་རྒྱ་སྟོབས་ཆེ་རུ་གཏོང་རྒྱུའི་འཐབ་ཇུས་བཀོད་སྒྲིག་སྔར་བས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཤིང་། མིག་སྔར་བོད་ལྗོངས་འགྲེམས་ཚོགས་ཐོག་གན་རྒྱ་བཞག་པའི་རྣམ་གྲངས་10 ཡི་ནང་རྣམ་གྲངས་5 ལས་འགོ་ཚུགས་པ་དང་། བོད་རང་སྐྱོང་ལྗོངས་རང་བྱུང་འཐུང་ཆུའི་ཐོན་ལས་མ་དངུལ་བསྡུ་སྒྲིལ་སྟེགས་བུ་སྟེ་བོད་ལྗོངས་དགེ་ཆུ་ཐོན་ལས་འཕེལ་རྒྱས་ཚད་ཡོད་ཀུང་སིས་ཀྱང་འཕེལ་རྒྱས་ཀྱི་མདུན་ལམ་ཡག་པའི་ཆུའི་ཁེ་ལས་དང་མཉམ་ལས་བྱ་རྒྱུའི་གྲོས་མོལ་བྱས་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། གྲ་སྒྲིག་བྱས་ནས་བཙུགས་པའི་བོད་ཀྱི་རང་བྱུང་འཐུང་ཆུའི་མཐུན་ཚོགས་ཀྱི་ལས་འགན་ཨང་དང་པོ་ནི་བོད་ཀྱི་རང་བྱུང་འཐུང་ཆུའི་འབྲེལ་ཡོད་ཚད་གཞི་ཧུར་ཐག་བཟོས་ཏེ་མཐུན་ཚོགས་ཀྱི་ལས་རིགས་རང་གཅུན་ནུས་པ་དང་། འབྲེལ་ཐག་གི་ནུས་པ། མཐུན་སྦྱོར་ཞབས་ཞུའི་ནུས་པ་སོགས་འདོན་སྤེལ་གང་ལེགས་བྱས་ནས་ཐོན་ལས་མནའ་འབྲེལ་ཆགས་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་།“ བོད་ཀྱི་དྭངས་གཙང་ཆུའི” སྤྱི་ཡོངས་ཀྱི་གཟུགས་བརྙན་ཧུར་ཐག་བཏོད་དེ“ བོད་ཀྱི་དྭངས་གཙང་ཆུ”མི་དམངས་ཚོགས་ཁང་ཆེ་མོར་གཏོང་བའི་རྗེས་མཐུད་ཀྱི་དྲིལ་བསྒྲགས་ཕན་ནུས་སྔོག་འདོན་གཏིང་ཟབ་བྱེད་པ་དང་། བོད་སྐྱོར་གྱི་ལེགས་ཆར་བརྟེན་པ་དང་འདོན་སྤེལ་གང་ལེགས་བྱས་ནས་ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དང་ཀྲུང་དབྱང་ཁེ་ལས་ཁག་གཅིག་ཏུ་བསྐྱོད་དེ“ བོད་ཀྱི་དྭངས་གཙང་ཆུ”དྲིལ་བསྒྲགས་འོས་སྦྱོར་གྱི་བྱེད་སྒོ་སྤེལ་བའི་དུས་འགོའི་གྲ་སྒྲིག་ལས་དོན་ཡག་པོ་སྒྲུབ་རྒྱུ་དེ་རེད། བོད་རང་སྐྱོང་ལྗོངས་སྲིད་གཞུང་དོན་ཐིང་དང་བོད་རང་སྐྱོང་ལྗོངས་རང་བྱུང་འཐུང་ཆུའི་ཐོན་ལས་འཕེལ་རྒྱས་མཐུན་སྦྱོར་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གི་འབྲེལ་ཡོད་འགན་འཁུར་བློ་མཐུན་པེ་ཅིང་དུ་བསྐྱོད་ནས“ བོད་ཀྱི་དྭངས་གཙང་ཆུ·འཛམ་གླིང་ཡོངས་ཀྱིས་མཉམ་འཐུང” ཞེས་པའི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་འོས་སྦྱོར་བྱེད་སྒོ་སྤེལ་རྒྱུའི་སྐོར་སྙན་སེང་ཞུས་པ་དང་སྦྲེལ་མཐུད་བྱས་ཡོད། དེ་དང་ཆབས་ཅིག་རང་བྱུང་འཐུང་ཆུའི་ཐོན་ལས་ཁེ་ལས་ལ་རང་ངོས་ཀྱི་བརྡ་ཁྱབ་ཚོང་གཉེར་ལ་ཤུགས་སྣོན་བརྒྱབ་ནས་ཁྲོམ་ར་གསར་གཏོད་ཧུར་ཐག་བྱ་རྒྱུར་ཁྲིད་སྟོན་དང་ཡར་སྐུལ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།