དབུ་ཤོག
  • གསར་དུ་ཐོན་པའི་དུག་རྫས་དེ་རིགས་ལ་ངེས་པར་དུ་ཡིད་གཟབ་གནང་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-06-26

    དུག་རྫས་ནི་མི་རྣམས་ཀྱི་མིག་ལམ་དུ་མངོན་པའི་དཀར་ཕྱེ་ཙམ་ཞིག་རྩ་བ་ནས་མིན།  ད་ལྟ་གསར་དུ་ཐོན་པའི་དུག་རྫས་ཕལ་ཆེ་བ་རྒྱུན་གཏན་གྱི་ཟས་རིགས་འགའ་ཞིག་ལ་འདྲ་བཟོ་བྱས་ནས་མི་རྣམསའཁྲུལ་དུ་བཅུག་གི་ཡོད་པ་སྟེ་གཤམ་གྱི་དུག་རིགས་དེ་དག་ལ་གཟིགས་ནས་ཡིད་གཟབ་གནང་དགོས།  

    1.མགོ་གཡུག་རིལ་བུ།

    4.jpg

    དེ་ནི་བཟོ་དབྱིབས་བྱི་རིལ་འདྲ་བས་མིས་བཟས་རྗེས་མགོ་བོ་རྒྱུན་མི་ཆད་པར་གཡུག་ནས་ཀླད་འཁྱོམས་བྱེད་པ་དང་མིའི་ལུས་པོའི་ནུས་སྟོབས་ཤོར་ཏེ་ནང་ཁྲོལ་གྱི་དབང་པོར་རྨས་སྐྱོན་ཚབས་ཆེན་བཟོ་གི་ཡོད།  ཐེངས་མ་གཅིག་རང་བཟས་པས་ཀྱང་དུག་ལང་ཤོར་ནས་གནོད་འཚེ་ཆེན་པོ་བཟོ་གི་ཡོད།

    2.གློ་འཇག་སྨན་ཆུ། 

    2.jpg

    ཚོང་རྟགས་འགའ་རེའི་གློ་འཇག་སྨན་ཆུའི་གྲུབ་ཆ་གཙོ་བོ་ནི་མཱ་ཧྥེའི་ཡིན་པ་དང་། གལ་ཏེ་ཚོང་རྟགས་དེ་རིགས་ཀྱི་གློ་འཇག་སྨན་ཆུ་བཏུང་མང་དྲགས་ན་དུག་ལང་ཤོར་ནས་ལུས་སེམས་ལ་གནོད་འཚེ་ཚབས་ཆེན་བཟོ་སྲིད།

    3.དུག་རྫས་གསར་པ“འོ་ཇ”།

    6.jpg

    འཐུམ་སྒྲིལ་གྱི་ཕྱི་ངོས་ནས་བལྟས་ན་ཕྱེ་མ་ཡིན་པ་དང་། མང་ཆེ་བ་འོ་ཇ་དང་།  ཀོག་ཧྥེའི། འཐུམ་སྒྲིལ་ཇ་ལོ་སོགས་ཀྱི་ནང་འཐུམ་བརྒྱབ་ནས་མི་རྣམས་འཁྲུལ་ཏུ་བཅུག་གི་ཡོད།  དུག་རྫས་དེ་རིགས་ཆུའི་ནང་སྦངས་རྗེས་ལམ་སེང་བཏུང་ཐུབ་ཀྱི་ཡོད་པས་འཐུམ་རྒྱག་བྱེད་སྟངས་དང་བྲོ་བ་ཚང་མ་འོ་ཇ་དང་འདྲ་པོ་ཡོད་པ་དང་དེ་བཏུང་ཚེ་དུག་ལང་ཤོར་ཆེ་བ་དང་དུག་ཤེད་ཧ་ཅང་ཆེན་པོ་ལྡན་ཡོད།

    4.རྫུ་འཕྲུལ་གྱི་ཆུ། 

    7.jpg

    ཆུ་དེ་རིགས་བཏུང་ཚེ་དུག་ལང་ཤོར་ནས་མཆིན་པར་ཕོག་དུག་ཆེན་པོ་བཟོ་བ་དང་ད་དུང་སྐབས་འཕྲལ་རང་བཞིན་གྱི་དྲན་ཤེས་ཉམས་པ་དང་།  འཕྲུལ་སྣང་སྐྱེས་པ།  དབུགས་འབྱིན་རྔུབ་མ་ཐུབ་པའམ་ཐ་ན་དྲན་པ་འཐོར་གྱི་ཡོད།  

    5. མཱ་གུ། 

    5.jpg

    དུག་རྫས་མཱ་གུ་ནི་འཁྱགས་དུག་ལས་ལས་སྣོན་བྱས་པའི་དུག་རིགས་ཤིག་ཡིན།  དེས་དུག་ལང་ཤོར་བའི་རང་བཞིན་ཆེན་པོ་ཡོད་པས་དེ་བཟས་རྗེས་སྐད་ཆ་མང་དུ་འགྲོ་བ་དང་སྐབས་འགར་གསང་གཏམ་གཞན་ལ་བརྗོད་པ་དང་།  ད་དུང་འདོད་ཆགས་འཕེལ་བ་སོགས་བྱེད་ཀྱི་ཡོད།  གཞན་ཡང་སྙིང་ནད་ཡོད་པའི་མིས་ཟོས་ཚེ་དྲན་པ་འཐོར་བའམ་གློ་བུར་རྐྱེན་ལམ་ལ་འགྲོ་ཡི་ཡོད།

    6. ཐེའོ་ཐེའོ་བྱི་རིལ། 

    3.jpg

    དུག་རྫས་དེ་རིགས་ནི་ཆུའི་ནང་ལམ་སེང་བཞུར་འགྲོ་བས་ད་ལྟ་སྦངས་ནས་ད་ལྟ་བཏུང་ན་འགྲིག  དེས་ཟས་རིགས་སྣ་ཚོགས་དང་མཉམ་དུ་འདྲེས་རྗེས་ཟས་རིགས་དེ་དག་གི་བྲོ་བ་འགྱུར་མི་སྲིད།  དུག་རྫས་དེ་དག་གི་གཏིང་ཤུགས་ཧ་ཅང་ཆེ་བས་ཐེངས་མ་གཅིག་བཏུང་ན་ཀླད་ཆེན་ལ་དགའ་སྣང་ཚད་མེད་འཕེལ་གྱི་ཡོད།

    7.ཨ་རབ་ཇ། 

    1.jpg

    རྩྭ་ཁྲ་ཐེར་རྒྱུན་དུ་“ཨ་རབ་ཇ”ཟེར་ཞིང་།  རིན་གོང་ཧ་ཅང་ཁེ་ལ་ནུས་པ་ཉལ་ཐ་ཧའེ་ལོའོ་དབྱིན་དང་མཚུངས་པས་དུག་ཤེད་ཧང་བསངས་དགོས་པ་ཡོད་སྟབས་དུག་དབྱིངས་བཞུགས་པའི་ནུས་པ་ལྡན་ཡོད།

    8. ཧུང་པིང་། 

    8.jpg

    དུག་རྫས་དེའི་བཟོ་དབྱིབས་བྱི་རིལ་དང་འདྲ་བས་མིས་ཟས་རྗེས་མགོ་རྒྱུན་མི་ཆད་པར་གཡུག་ནས་ཀླད་འཁྱོམས་ལངས་པ་དང་།  མིའི་ལུས་པོའི་ནུས་སྟོབས་ཤོར་ནས་ནང་ཁྲོལ་ལ་སྐྱོན་གཏོང་གི་ཡོད་པ་སྟེ་ཐེངས་མ་གཅིག་རང་ཟས་པར་དུག་ལང་ཤོར་ནས་དུག་རྫས་ཧའེ་ལོའོ་དབྱིན་ལས་གནོད་འཚེ་ཚབས་ཆེ་བ་བཟོ་གི་ཡོད།

    9.ཁྲུས་ཚྭ།

    9.jpg

    ཁྲུས་ཚྭ་ནི་འཕྲུལ་སྣང་སྐྱེ་ཐུབ་པའི་དུག་རྫས་དཔེ་གསར་ཅན་ཞིག་ཡིན་པ་དང་།  ཁ་མདོག་རྣམ་པར་བཀྲ་བ།  དོན་དངོས་ཐོག་ནུས་པ་ཐོན་ཆེ་བའི་སེམས་ཁམས་འཆོལ་བའི་སྨན་རྫས་རིགས་ཤིག་རེད།   ཉེན་རྟོགས་པས་ངོ་སྤྲོད་བྱས་པར་གཞིགས་ན།   ཁྲུས་ཚྭ་ནི་དཔེ་གསར་ཅན་གྱི་ཆེས་ཚབས་ཆེ་བའི་དུག་རྫས་ཞིག་ཡིན་པས་དུག་དེ་རིགས་བཟས་རྗེས་རང་ཉིད་གྱད་མི་སྟོབས་ཆེན་ཞིག་ཡིན་པའི་སྣང་བ་སྐྱེས་ནས་མདའ་གྲི་མདུང་གསུམ་གང་ཞིག་བཙུགས་ཀྱང་གསོད་མི་ཐུབ་པའི་ཚོར་སྣང་ཡོང་གི་ཡོད་པ་རེད།  

    ཚང་མས་དུག་རྫས་ལ་“མིན”བརྗོད།

    དུག་རྫས་ཉིན་གཅིག་བཀག་འགོག་མ་ཐུབ་ཚེ།དུག་འགོག་ཉིན་གཅིག་བྱེད་མཚམས་མི་འཇོག་ཅིང་།ལྷ་སའི་སྤྱི་བདེས་རྒྱ་ཆེའི་གྲོང་མིར་དུག་རྫས་ལས་ཁ་བྲལ་དགོས་པའི་དྲན་སྐུལ་བྱས་པ་དང་གལ་ཏེ་གྲོང་མིས་དུག་འཐེན་པ་དང་དུག་དབོར་བ་སོགས་ཀྱི་གནས་ཚུལ་ཤེས་རྟོགས་ཐུབ་ཚེ་དཔའ་ངར་ཆེན་པོས་ཁ་པར་ནས་ཐེར་འདོན་བྱེད་དགོས་ཞེས་བཤད་པ་རེད།    

    གཤམ་གསལ་གྱི་པར་རིས་ནི་སྐད་གྲགས་ཡོད་པའི་མི་སྣས་དུག་འགོག་གི་ལག་བརྡ་བསྟན་ནས་ཁོ་ཚོས་སྤྱི་ཚོགས་ཡོངས་ལ“ རང་ཉིད་ནས་འགོ་འཛུགས་ཏེ་དུག་རྫས་བཀག་འགོག”བྱ་རྒྱུའི་ཁས་ལེན་པ་རེད། ང་ཚོ་ཚང་མས་མཐའ་གཅིག་ཏུ་དུག་རྫས་ལ་བཀག་འགོག་བྱེད་ཚེ། སྤྱི་ཚོགས་སྔར་བས་མཛེས་སྡུག་ལྡན་པར་གྱུར།

    2.jpg

    ཚེ་རིང་བསམ་གྲུབ་དང་སྤེན་པ་བདེ་སྐྱིད།

    1.jpg

    ཅེ་ཁེ་ཅུན་དབྱི།

    འགན་འཁུར་རྩོམ་སྒྲིག་པ། 卓玛吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།