དབུ་ཤོག
  • རྣམ་ཐར་གསོ་སྦྱོང་འཛིན་གྲྭར་ཕོ་གཞོན་མོ་གཞོན་གྱིས་ཁེངས་འདུག མཐེ་བོང་བསྒྲེངས་ནས་བསྟོད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-06-26

    ལྗོངས་མང་ཚོགས་སྒྱུ་རྩལ་ཁང་( ལྗོངས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་ལྟེ་གནས) གིས་གཉེར་བའི་ལྷ་མོའི་མགྲིན་ཁུག་གི་ལས་ཞོར་གསོ་སྦྱོང་འཛིན་གྲྭ་དེ་ཟླ 6 ཚེས 23 ཉིན་སློབ་འགོ་ཚུགས། ཐེངས་དེའི་གསོ་སྦྱོང་འཛིན་གྲྭའི་ནང་ལྷ་མོར་དགའ་པོ་བྱེད་མཁན་ཁྱོན་མི་གྲངས70 ལྷག་ཙམ་མིང་ཐོ་བཀོད་ནས་ཞུགས་འདུག  སློབ་མའི་ནང་བོད་སྐྱོར་ལས་བྱེད་པ་དང་།གཞུང་ཞབས་པ། སློབ་ཕྲུག་སོགས་ཡོད་པ་དང་།ཐེངས་འདིར་གདན་ཞུ་བྱས་པའི་དགེ་རྒན་ནི་བོད་རང་སྐྱོང་ལྗོངས་ལྷ་མོ་ཚོགས་པའི་རིམ་པ་དང་པོའི་འཁྲབ་སྟོན་པ་།བོད་ལྗོངས་སློབ་གྲྭ་ཆེ་མོའི་གདན་ཞུས་དགེ་རྒན་ཆེ་མོ་བ། བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་རིགས་གཅིག་མཁས་ཅན་ཨུ་ལྷན་གྱི་ཨུ་ཡོན་པ་སངས་དང་བུ་ཆུང་ལགས་རྣམ་གཉིས་ཡིན། ཁོང་རྣམ་གཉིས་ནི་འཁྲབ་སྟོན་དང་སློབ་ཁྲིད་ཐད་ཉམས་མྱོང་ཧ་ཅང་ཕུན་སུམ་ཚོགས་ལ་ཡུན་རིང་བོད་ཀྱི་ལྷ་མོའི་འཁྲབ་སྟོན་ཁྲོད་གཙོ་འགན་འཁུར་མཁན་གྱི་མི་སྣ་ཡང་ཡིན། གསོ་སྦྱོང་ནང་ཞུགས་མཁན་ཚོའི་ལས་ཀ་དང་སློབ་སྦྱོང་གི་དུས་ཚོད་ལ་འཐུས་ཤོར་མི་ཡོང་བ་བྱ་ཆེད། སློབ་ཚན་གི་དུས་ཚོད་དེ་རེ་གཟའ་ཟླ་བ་ནས་ཕུར་བུའི་བར་གྱི་ཕྱི་དྲོའི་ཆུ་ཚོད་7:00-8:30བར་བཀོད་སྒྲིག་བྱས་ཡོད།  འཛིན་གྲྭ་ཡང་བུའི་འཛིན་གྲྭ་དང་བུ་མོའི་འཛིན་གྲྭ་གཉིས་སུ་དབྱེ་ཡོད།

    བོད་ལྗོངས་ཀྱི་ས་གནས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པ་དང་།མང་ཚོགས་ཀྱི་ཁྲོད་རྨང་གཞི་ཟབ་པ།མི་རྣམས་ཀྱིས་དགའ་ཤོས་བྱེད་པའི་མངོན་མིན་རིག་གནས་ཤུལ་བཞག་གི་ལྷ་མོའི་རྣམ་གྲངས་དེ། རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་ཁག་དང་པོའི་ནང་ཚུད་ཡོད་པས། 2009 ལོའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི“ མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་མིང་གཞུང”ནང་ཚུད་པ་དང་།  ལྷ་མོའི་གྲུབ་མཐའ་བདུན་དེ་ཡང་རྒྱལ་ཁབ་རིམ་པའི་མིང་གཞུང་དུ་ཚུད་པ།མི་བཅུ་རྒྱལ་ཁབ་རིམ་པའི་ལྷ་མོའི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པར་ཚུད་པ། ལྷ་མོ་འཁྲབ་སྟོན་གྱི་ནང་དོན་གཙོ་བོར་བྱས་པའི་ལྷ་སའི་ཞོ་སྟོན་ཡང་རྒྱལ་ཁབ་རིམ་པའི་་དུས་ཆེན་མིང་གཞུང་ནང་དུ་ཚུད་ཡོད།

    ཀྲུང་གོ་གསར་པ་དབུ་བརྙེས་རྗེས་ལྷ་མོའི་སྒྱུ་རྩལ་སྲུང་སྐྱོབ་དང་དར་སྤེལ་གཏོང་ཆེད།རྒྱལ་ཁབ་དང་བོད་རང་སྐྱོང་ལྗོངས་ཀྱིས་མི་ཤུགས་དང་། དངོས་ཤུགས། མ་དངུལ་བཅས་འབོར་ཆེན་བཏང་ནས་བོད་ཀྱི་ལྷ་མོའི་གྲུབ་མཐའི་སྒྱུ་རྩལ་ཕྱོགས་ཡོངས་ནས་སྔོག་འདོན་དང་། མྱུར་སྐྱོབ། ཞིབ་བཤེར། སྲུང་སྐྱོབ་དང་འཕེལ་རྒྱས་བཅས་ཀྱི་ལས་དོན་སྤེལ་ནས།རང་སྐྱོང་ལྗོངས་ལྷ་མོ་ཚོགས་པ་དང་ལྷ་མོའི་སྒྱུ་རྩལ་ལྟེ་གནས་བཙུགས་པ་མ་ཟད་། དམངས་ཁྲོད་ལྷ་མོ་རུ་ཁག་བསྐྱར་བཙུགས་དང་སྲུང་སྐྱོབ་ལས་དོན་སྤེལ་ཡོད།མིག་སྔར་ལྗོངས་ཡོངས་སུ་དམངས་ཁྲོད་ཀྱི་ལྷ་མོའི་རུ་ཁག་140 ལྷག་ཙམ་ཡོད་པ་དང་།ཞོ་སྟོན་གྱི་ལྷ་མོའི་འཁྲབ་སྟོན་བྱེད་སྒོ་སླར་གསོ་དང་གསར་གཏོད་བྱས་ཤིང་།སྲོལ་རྒྱུན་ལྷ་མོའི་འཁྲབ་གཞུང་ཆེན་པོ་བརྒྱད་ཀྱི་རྒྱུན་འཛིན་དང་དར་སྤེལ་བཏང་བ་མ་ཟད།ལྷ་མོའི་འཁྲབ་གཞུང་གསར་པ་ཁག་གཅིག་བཅོས་སྒྲིག་དང་གསར་གཏོད་བྱས་ཡོད།བོད་ཀྱིས་ལྷ་མོའི་འཁྲབ་སྟོན་པ་དང་།གསར་རྩོམ་པ་དང་ཞིབ་འཇུག་བྱེད་མཁན་གྱི་ཤེས་ལྡན་མི་སྣ་འབོར་ཆེན་ཞིག་གསོ་སྐྱོང་བྱས་ཏེ།ལྷ་མོའི་ཞིབ་འཇུག་གི་དཔེ་དེབ་དང་།བརྙན་པར་གྱི་གྲུབ་འབྲས་འབོར་ཆེན་དཔེ་སྐྲུན་བྱས་པར་བརྟེན།ལྷ་མོའི་སྒྱུ་རྩལ་ཕྱོགས་ཡོངས་ནས་རྒྱུན་འཛིན་དང་སྲུང་སྐྱོབ་ཐུབ་ཡོད། ལྷག་པར་དུ་2005 ལོར་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་ཀྱི་ལས་གྲྭ་ལག་ལེན་བསྟར་འགོ་ཚུགས་པ་ནས་བཟུང་། རང་ལྗོངས་ཀྱིས་གནའ་བོའི་ལྷ་མོའི་སྒྱུ་རྩལ་སྲུང་སྐྱོབ་དང་རྒྱུན་འཛིན་བྱ་རྒྱུ་དེ་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ལས་དོན་གྱི་གལ་འགངས་ཆེ་ཤོས་ལ་རྩིས་ནས། སྲུང་སྐྱོང་བྱེད་ཤུགས་དེ་རྒྱུན་མི་ཆད་པར་ཆེ་རུ་བཏང་བས་ལྷ་མོའི་སྒྱུ་རྩལ་དེ་སྔར་བྱུང་མྱོང་མེད་པའི་སྲུང་སྐྱོབ་དང་དར་སྤེལ་ཆེན་པོ་བྱུང་ཡོད།

    ལྷ་མོའི་རྣམ་ཐར་གྱི་ཚིག་དོན་དེ་འདྲ་ཡིན་པ་འདྲ།

    འགན་འཁུར་རྩོམ་སྒྲིག་པ། 米玛

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།