དབུ་ཤོག>གསར་འགྱུར།
  • ཀྲུང་གོ་དངུལ་ཁང་གཱ་མཉམ་འབྲེལ་རྩ་འཛུགས་དེ་གོ་ལ་ཧྲིལ་པོའི་དངུལ་ཁང་གཱ་རྩ་འཛུགས་ཆེ་ཤོས་སུ་གྱུར་པ།

  • ཡོང་ཁུངས།  ​ མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-06-25

    ཀྲུང་གོ་དངུལ་ཁང་གཱ་མཉམ་འབྲེལ་རྩ་འཛུགས་ཀྱིས་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་གསར་ཤོས་ལས་མངོན་པར་གཞིགས་ན། 2015ལོའི་དུས་ཚིགས་དང་པོར་དངུལ་ཁང་གཱ་སྤྱད་དེ་གོ་ལ་ཧྲིལ་པོར་ཉོ་ཚོང་བྱས་པའི་དངུལ་འབོར་སྒོར་དུང་ཕྱུར་ཁྲི11.8(ཨ་སྒོར་དུང་ཕྱུར་1.9ཙམ)ཟིན་པ་དང་གོ་ལ་ཧྲིལ་པོའི་གཏོང་སྤྲོད་ཀུང་སི་ཆེ་ཤོས་ཡིན་པའི་VISAཡི་དུས་མཚུངས་ཀྱི་ནོར་དོན་གཞི་གྲངས་ལ་གཞིགས་ན། ད་ལོའི་དུས་ཚིགས་དང་པོར་VISAཡི་ཉོ་ཚོང་དངུལ་འབོར་ཨ་སྒོར་དུང་ཕྱུར་ཁྲི་1.75ཟིན་ཡོད་པ་རེད། དེ་ཐོག་ནས་གཱ་སྤྲོད་ཚད་བསྟུད་མར་ལོ་མང་རིང་VISAལས་བརྒལ་རྗེས་ཀྲུང་གོ་དངུལ་ཁང་གཱ་མཉམ་འབྲེལ་རྩ་འཛུགས་ཀྱི་ཉོ་ཚོང་སྤྱི་འབོར་VISAལས་ཐོག་མར་ཚད་བརྒལ་བྱས་ནས་གོ་ལ་ཧྲིལ་པོའི་དངུལ་ཁང་གཱ་ཡི་གཙང་རྩིས་རྩ་འཛུགས་ཆེ་ཤོས་སུ་གྱུར་པ་མཚོན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 卓玛吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།