དབུ་ཤོག
  • སྨན་རིགས་ཁ་ཤས་ཀྱིས་ཕོ་བར་གནོད་པས་དོ་སྣང་བྱེད་དགོས། 

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-06-24

    བོད་སྨན་དང་རྒྱ་སྨན་མི་ཉུང་བ་ཞིག་གིས་ཕོ་བར་གནོད་པ་དཔེར་ན། ན་ཟུག་གཅོག་བྱེད་ཀྱི་སྨན་དང་། ཚ་བ་གཅོག་བྱེད་ཀྱི་སྨན། གཉན་རིམས་འཇོམས་པའི་སྨན་སོགས་ཕལ་ཆེ་བས་ཕོ་བར་གནོད་པས་སྨན་རིགས་དེ་ཚོའི་གྲས་དགོས་ངེས་སྐབས་མ་གཏོགས་གང་བྱུང་གཏོང་རྒྱུ་མེད། གལ་ཏེ་ངེས་པར་གཏོང་དགོས་ན་ལྟོ་ཆས་ཟས་རྗེས་བཏང་ན་གནོད་པ་ཆུང་།

    མ་གཞི་སྨན་བཏང་ནས་ནད་བཅོས་ཐུབ་པ་ནི་ཧ་ཅང་ཡག་པོ་ཞིག་རེད། འོན་ཀྱང་ནད་གཞིར་ཏག་ཏག་མ་འཕྲོད་པ་དང་། སྨན་བཏང་ཆེ་དྲགས་པའི་རྐྱེན་གྱིས་ལྡོག་ཕྱོགས་ཀྱི་འབྲས་བུ་ངན་པ་མང་པོ་ཡོང་སྲིད་པར་བརྟེན་ང་ཚོའི་སྤྱི་ཚོགས་ཧྲིལ་པོ་དང་། ལྷག་པར་དུ་ཞིང་འབྲོག་མང་ཚོགས་ཚང་མས་གང་ཐུབ་ཅི་ཐུབ་ཀྱིས་སྨན་རིགས་ཀྱི་ཕན་ནུས་ཤེས་པའི་ཐོག་སྨན་རིགས་དེ་ཚོར་གནོད་པ་གང་ཡོད་མེད་རྒྱུན་དུ་ནས་ཤེས་རྟོགས་དང་དོ་སྣང་བྱ་རྒྱུ་ཤིན་ཏུ་ནས་གལ་ཆེ་ཞེས་བོད་ལྗོངས་སྨན་རྩིས་ཁང་གི་སྨན་པ་རྒན་རབས་ཚོའི་བསླབ་བྱ་ཡིན་ནོ། 

    འགན་འཁུར་རྩོམ་སྒྲིག་པ། 卓玛吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།