དབུ་ཤོག
  • དབྱར་དུས་ཀྱི་བདེ་སྲུང་ཤེས་བྱ། 

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-06-24

    དབྱར་དུས་ནམ་མཁར་ཆར་སྤྲིན་རྒྱས་པའི་དུས་ཏེ། ཉི་འོད་མི་གསལ་བ་དང་། ས་གཞི་རྣམས་རླན་གཤེར་ཆེ་བ། ཆུ་རྣམས་རྙོག་མ་ཡིན་པ་བཅས་ཀྱི་ཐོག་ཁོང་ནང་གི་མེ་དྲོད་ཕྱིར་ཤོར་ཏེ་ཕོ་བའི་མེ་དྲོད་ཉམས་པས་མ་ཞུ་བའི་ནད་དང་བཤལ་རིམས་ཀྱི་ནད་གཞི་འབྱུང་སླ་བར་བརྟེན་སྐབས་དེར་སྦྲང་ཆང་དང་། ཤ་གསོས་པའི་ཁུ་བ་དང་། མར་ཁུ་སོགས་སྣུམ་ཞིང་དྲོ་བའི་ཟས་རིགས་བསྟེན་པ་ལས་ཟས་སྐོམ་རྙིང་པའི་རིགས་དང་ཡུན་ལོན་པའི་རིགས་སྟེན་མི་ཉན། གཞན་ཡང་རྒྱུན་དུ་ལུས་དང་གོས་སོགས་ཡང་སེ་བཀྲུ་བ་དང་བརྗེ་དགོས་ལ། རླན་གཤེར་ཆེ་བའི་ས་སྟེང་དུ་ཡུན་རིང་སྡོད་མི་ཉན། དབྱར་གྱི་དུས་ཚོད་ནི་བོད་ཟླ་བཞི་པ། ལྔ་པ། དྲུག་པ་དང་། སྤྱི་ཟླ་ལྔ་པ། དྲུག་པ། བདུན་པ་བཅས་ལ་ངོས་འཛིན་བྱེད་དགོས། ཞེས་པ་ནི་བོད་ལྗོངས་སྨན་རྩིས་ཁང་གི་སྨན་པ་རྒན་རབས་ཚོའི་ངག་རྒྱུན་ཡིན་ནོ། 

    འགན་འཁུར་རྩོམ་སྒྲིག་པ། 卓玛吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།