དབུ་ཤོག
  • ཁྱེད་ཀྱི་ཕྱག་རྩལ་ལ། བདག་ཡིད་རྗེས་སུ་རངས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-06-24

    གསར་འགོད་པར་བོད་རང་སྐྱོང་ལྗོངས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་ལྟེ་གནས་ནས་ཤེས་རྟོགས་བྱུང་བར་གཞིགས་ན།མིག་སྔར་བོད་ལ་མངོན་མིན་རིག་གནས་ཤུལ་བཞག་གི་དཔེ་མཚོན་རང་བཞིན་གྱི་རྒྱུན་འཛིན་པ་418ཡོད་པ་དང་དེའི་ནང་རྒྱལ་ཁབ་རིམ་པའི་རྒྱུན་འཛིན་པ་68དང་ལྗོངས་རིམ་པའི་རྒྱུན་འཛིན་པ་350ཡོད་པ་རེད།ཉེ་ཆར་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་དུ་སྤེལ་བའི་མངོན་མིན་རིག་གནས་ཤུལ་བཞག་གི་གྲུབ་འབྲས་འགྲེམས་སྟོན་ཆེ་མོའི་ཐོག་རྒྱུན་འཛིན་པ་ཁག་གཅིག་ཕེབས་འདུག་པས་ང་ཚོས་དེ་རིང་ཁོང་རྣམ་པ་དྲ་གྲོགས་ཚོར་ངོ་སྤྲོད་རགས་ཙམ་ཞུ་རྒྱུ་ཡིན།

    1.webp.jpg

    རྒྱལ་ཁབ་རིམ་པའི་སྨན་གསར་ལུགས་ཀྱི་ཐང་གའི་རྒྱུན་འཛིན་པ་ནོར་བུ་སྲིད་ཐར་ལགས།

    2.webp.jpg

    འདི་ནི་ཁོང་གི་བརྩམས་ཆོས་ཡིན་པ།

    3.webp.jpg

    སྙེ་མོའི་བོད་ཤོག་གི་རྒྱལ་ཁབ་རིམ་པའི་རྒྱུན་འཛིན་པ་ཚེ་རིང་སྟོབས་རྒྱལ་ལགས། 

    4.webp.jpg

    འདི་ནི་སྙེ་མོའི་བོད་ཤོག་གི་ཐོན་རྫས་ཡིན་པ།

    5.webp.jpg

    ལྷ་སའི་གོས་ཐང་གི་ལྗོངས་རིམ་པའི་རྒྱུན་འཛིན་པ་ནོར་བུ་ལགས།

    6.webp.jpg

    འདི་ནི་ཁོང་གི་བརྩམས་ཆོས་ཡིན་པ།

    7.webp.jpg

    ཀྲུང་གོའི་བཟོ་རྩལ་ཆེ་མོ་བ་ནོར་བུ་དགྲ་འདུལ་ལགས།

    8.webp.jpg

    འདི་ནི་ཁོང་གི་བརྩམས་ཆོས་ཡིན་པ།

    9.webp.jpg

    དབང་ལྡན་གྲུམ་ཙེའི་འཐག་རྩལ་གྱི་ལྗོངས་རིམ་པའི་རྒྱུན་འཛིན་པ་སྤེན་པ་ལགས།

    10.webp.jpg

    འདི་ནི་ཁོང་གིས་བཏགས་པའི་ཁ་གདན་ཡིན་པ།

    11.webp.jpg

    དཔར་ཤིང་བརྐོས་དཀྲོལ་ལག་རྩལ་གྱི་ལྗོངས་རིམ་པའི་རྒྱུན་འཛིན་པ་སྲི་གཅོད་ལགས།

    12.webp.jpg

    འདི་ནི་ཁོང་གི་བརྩམས་ཆོས་ཡིན་པ།

    13.webp.jpg

    བོད་ཀྱི་འཇིམ་བཟོའི་ལག་རྩལ་གྱི་ལྗོངས་རིམ་པའི་རྒྱུན་འཛིན་པ་ལེགས་བཤད་འབྲུག་གྲགས་ལགས།

    14.webp.jpg

    འདི་ནི་ཁོང་གི་བརྩམས་ཆོས་ཡིན་པ།

    15.webp.jpg

    གཡང་ཊིའི་བརྐོས་དཀྲོལ་ལག་རྩལ་གྱི་ལྗོངས་རིམ་པའི་རྒྱུན་འཛིན་པ་སྦྱིན་པ་ཚེ་བརྟན་ལགས།

    16.webp.jpg

    འདི་ནི་ཁོང་གི་བརྩམས་ཆོས་ཡིན་པ།

    17.webp.jpg

    བོད་ཡིག་ཡིག་གཟུགས་ཀྱི་ལྗོངས་རིམ་པའི་རྒྱུན་འཛིན་པ་དཔལ་འབྱོར་ལགས།

    18.webp.jpg

    འདི་ནི་ཁོང་གིས་བོད་ཡིག་འབྲི་བཞིན་ཡོད་པ།

    19.webp.jpg

    སྟོད་ལུང་བདེ་ཆེན་རྫོང་གི་ལྗོངས་རིམ་པའི་རྫ་བཟོའི་རྒྱུན་འཛིན་པ་རིག་འཛིན་བསོད་ནམས་ལགས།

    20.webp.jpg

    འདི་ནི་རྫ་བཟོའི་ཐོན་རྫས་མོག་ཕྲུ་ཡིན་པ།

    21.webp.jpg

    སྙེ་མོའི་སྤོས་ཀྱི་ལྗོངས་རིམ་པའི་རྒྱུན་འཛིན་པ་བསྟན་འཛིན་ཆོས་གྲགས་ལགས།

    22.webp.jpg

    འདི་ནི་སྙེ་མོའི་སྤོས་ཀྱི་ཐོན་རྫས་ཡིན་པ།

    23.webp.jpg

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།