དབུ་ཤོག>གསར་འགྱུར།
  • བོད་ཀྱི་ལུས་རྩལ་ཡུལ་སྐོར་ལ་བསྔགས་བརྗོད་བྱེད།

  •     རྩོམ་པ་པོ།  མིག་དམར་གྱིས།   |     སྤེལ་དུས།  2015-06-24

    ཉེ་ཆར། རང་ལྗོངས་ཀྱི་ལུས་རྩལ་དང་ཡུལ་སྐོར་སྡེ་ཚན་གྱིས་སྤྱི་ཚོགས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་ཐུན་མོང་ཐོག་གཉེར་འགན་འཁུར་བའི་སྐབས་གསུམ་པའི་བྲག་གསུམ་མཚོར་སྐོར་བའི་རྐང་འཁོར་བྱེས་བགྲོད་མྱུར་ཚད་འགྲན་བསྡུར་དེ་དུས་བཀག་ལྟར་ཉིང་ཁྲི་ས་ཁུལ་བྲག་གསུམ་མཚོའི་མཛེས་ལྗོངས་ཁུལ་དུ་འགྲན་འགོ་ཚུགས་པ་རེད།

    མ་གཞི་ལུས་རྩལ་ཡུལ་སྐོར་གྱི་གཞི་ཁྱོན་དང་ཤུགས་རྐྱེན་ནུས་པ་སྔར་བཞིན་ཆེ་རུ་གཏོང་དགོས་མོད། རང་བྱུང་དང་སྤྱི་ཚོགས་རིག་གནས་ཀྱི་སྙིང་དོན་སྔོག་འདོན་དང་མྱོང་ཚོར་བྱེད་པ་དང་བོད་ཀྱི་ལུས་རྩལ་ཡུལ་སྐོར་ཐོན་རྫས་ཀྱི་སྤུས་རྟགས་གཏོད་པའི་རྣམ་གྲངས་དང་འགྲན་བསྡུར་རེ་རེ་ལས་ལུས་རྩལ་རོལ་རྩེད་དེ་དག་རང་ལྗོངས་ཀྱི་ཐུན་མོང་མ་ཡིན་པའི་རང་བྱུང་དང་སྤྱི་ཚོགས་རིག་གནས་དང་ཟུང་དུ་འབྲེལ་ནས་ཡུལ་སྐོར་རྣམ་གྲངས་དང་ཁྲོམ་ར་ཕུན་སུམ་ཚོགས་སུ་དང་རྒྱ་ཆེ་རུ་ཕྱིན་པ་མ་ཟད། རང་ལྗོངས་ཀྱི་ཡུལ་སྐོར་སྤུས་རྟགས་དེ་རྒྱལ་ཁབ་ཕྱི་ནང་དུ་སྐད་གྲགས་ཆོད་ཚད་ཀྱང་ཆེ་རུ་ཕྱིན་པས། དབྱར་དུས་སུ་བོད་ལ་རང་བྱུང་དང་སྤྱི་ཚོགས་རིག་གནས་ཡུལ་སྐོར་བྱེད་པ་ཕུད། མི་རྣམས་ཀྱིས་དོ་ཁུར་བྱེད་པའི་ཡུལ་སྐོར་བྱེད་སྒོ་གཞན་ཞིག་ཏུ་གྱུར།

    ཡུལ་སྐོར་ལས་རིགས་མགྱོགས་མྱུར་འཕེལ་རྒྱས་འགྲོ་བ་དང་དུས་མཚུངས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་ཚོས་སྤྱིར་བཏང་གི་ལྟ་སྐོར་དང་ཡུལ་སྐོར་ཁོ་ནར་བློ་ཡིད་ཚིམ་གྱི་མེད། “ཉིན་མོར་དགོན་སྡེར་ལྟ་སྐོར་དང་མཚན་མོར་གཉིད་ཉལ་པའི”ཡུལ་སྐོར་རྣམ་པ་དེས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བའི་ཡུལ་སྐོར་ཁྲོམ་རའི་དགོས་མཁོ་སྐོང་ཐབས་བྲལ། མཚོ་བོད་ས་མཐོར་བག་ཕེབས་སྤྲོ་སྐྱིད་ཀྱི་ལུས་རྩལ་བྱེད་སྒོ་བརྒྱུད་རང་ཉིད་ལ་འགྲན་སློང་དང་མི་ཚེ་མྱོང་ཚོར་བྱ་རྒྱུ་དེ་ཡུལ་སྐོར་བ་མང་པོ་དང་ལྷག་དོན་དུ་ན་གཞོན་ཚོས་བརྩོན་ལེན་བྱེད་ས་ཞིག་ཏུ་གྱུར། ཁྲོམ་རའི་དགོས་མཁོ་གཞིར་བཟུང་ལུས་རྩལ་དང་ཡུལ་སྐོར་གཞི་གཅིག་ཅན་དུ་འགྱུར་བ་བྱེད་པའི་ལུས་རྩལ་ཡུལ་སྐོར་བརྒྱུད་མི་རྣམས་ཀྱིས་རང་བྱུང་ཁམས་སུ་བག་ཕེབས་ངང་འཚོ་བ་དང་དུས་མཚུངས་ལུས་རྩལ་བྱེད་སྒོར་ཞུགས་ཏེ་མཛེས་ཤིང་ལྟ་ན་སྡུག་པའི་མཛེས་ལྗོངས་ལོངས་སུ་སྤྱོད་བཞིན་དུ་ལུས་རྩལ་ལུས་སྦྱོང་གི་ཡིད་དབང་འགུགས་ཤུགས་མྱོང་ཚོར་ཐུབ་པ་བྱ་རྒྱུ་དེ་དོ་ཁུར་བྱེད་ས་གསར་པ་ཞིག་ཏུ་གྱུར། བྲག་གསུམ་མཚོར་སྐོར་བའི་རྐང་འཁོར་བྱེས་བགྲོད་མྱུར་ཚད་འགྲན་བསྡུར་དང་གནམ་མཚོའི་རྒྱལ་སྤྱིའི་རྐང་ཐང་འགྲན་བསྡུར་སོགས་ནི་ཁོར་ཡུག་ཆེན་པོ་དེ་འདྲའི་འོག་ལུས་རྩལ་དང་ཡུལ་སྐོར་ཟུང་འབྲེལ་ལེགས་པར་བྱེད་པའི་རྒྱལ་སྤྱིའི་རང་བཞིན་དང་། ཞུགས་པའི་རང་བཞིན། མང་ཚོགས་རང་བཞིན། སྤྱི་ཕན་རང་བཞིན། ལུས་སྦྱོང་རང་བཞིན། ས་མཐོའི་ཁྱད་ལྡན་རང་བཞིན་བཅས་གཞི་གཅིག་ཅན་དུ་གྱུར་བའི་ལུས་རྩལ་ཡུལ་སྐོར་གྱི་བྱེད་སྒོ་ཆེ་གྲས་དེས་རང་ལྗོངས་ཀྱི་ཡུལ་སྐོར་ཁྲོམ་རའི་ཐོན་རྫས་དང་རྣམ་གྲངས་ཕུན་སུམ་ཚོགས་སུ་ཕྱིན་ནས་རང་ལྗོངས་ཀྱིས་ཕྱི་ཕྱོགས་ལ་སྤེལ་རེས་བྱེད་རྒྱ་ཆེ་རུ་གཏོང་བའི་དམིགས་བསལ་གྱི་སྟེགས་བུ་གཞན་ཞིག་ཏུ་གྱུར།

    ཚན་རྩལ་མཐོ་པོ་བེད་སྤྱོད་གཏོང་མི་དགོས་ལ་རི་གཤགས་ལམ་བཟོའང་བྱེད་མི་དགོས་པར་མཚོ་བོད་ས་མཐོའི་ཐུན་མོང་མ་ཡིན་པའི་རང་བྱུང་དང་སྤྱི་ཚོགས་རིག་གནས་ཀྱི་མཛེས་ལྗོངས་མཚོན་པའི་ལུས་རྩལ་ཡུལ་སྐོར་རྣམ་གྲངས་དེ་དག་རི་མཐོ་དང་། གངས་ལྗོངས། ཉི་འོད། བོད་ཀྱི་རིག་གནས་བཅས་ལ་གཞི་ཚུགས་ཐུབ་ལ། བྲག་གསུམ་མཚོར་སྐོར་བའི་རྐང་འཁོར་བྱེས་བགྲོད་མྱུར་ཚད་འགྲན་བསྡུར་དང་གནམ་མཚོའི་རྒྱལ་སྤྱིའི་རྐང་ཐང་འགྲན་བསྡུར་སོགས་ལྟ་བུའི་གཡུར་ཟའི་གྲུབ་འབྲས་ཀྱང་ཐོབ་སྲིད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།