དབུ་ཤོག>གསར་འགྱུར།
  • 2015ལོའི་རེས་སྐོར་དང་པོའི་ཆེད་དོན་སྐོར་གཟིགས་ཚན་པ་26ཚང་མས་བསམ་འཆར་ཚུར་ལན་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2015-06-24

    ཉེ་ཆར་ཏ་ཐང་ཚོགས་པ་དང་། རྒྱལ་གློག་ཚོགས་པ། རྒྱལ་ཁབ་མ་འཇོག་ཚོགས་པ། གཏེར་ལྔ་ཚོགས་པ། ཀྲུང་གོ་རྫས་འགྱུར་ཚོགས་པ་སོགས་ཚན་པ་25ཡིས་2015ལོའི་རེས་སྐོར་དང་པོའི་ཆེད་དོན་སྐོར་གཟིགས་ཚུར་ལན་གནས་ཚུལ་སྤྱི་ཚོགས་ཡོངས་སུ་ཁྱབ་བསྒྲགས་བྱས་པ་དང་དེ་ནས་བཟུང་རེས་སྐོར་དེའི་སྐོར་གཟིགས་ཚན་པ་26ཚང་མས་ཚུན་ལན་གནས་ཚུལ་ཚང་མ་ཁྱབ་བསྒྲགས་བྱས་ཡོད་པ་རེད།

    རྒྱལ་ཁབ་མ་འཇོག་ཀུང་སིས་ཁེ་ལས་ཀྱི་ཏང་གི་འགོ་ཁྲིད་ཀྱི་སྲོག་ཤིང་ནུས་པ་འདོན་སྤེལ་བྱེད་པའི་ཐད་འགན་འཁྲི་གཙོ་བོ་དང་ལྟ་སྐུལ་འགན་འཁྲི་དོན་འཁྱོལ་ལེགས་པོ་མ་ཐུབ་པ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ལས་འགལ་བའི་ཡ་མེད་སྒྲིག་འགལ་གྱི་གནད་དོན་མང་དག་ཐོན་པ། མི་འདེམས་སྤྱོད་ནན་པོ་མེད་པ་དང་གོ་རིམ་འཐུས་ཚང་དང་ཚད་ལྡན་མེད་ལུགས་བརྗོད་ཡོད་པ་རེད། ཁེ་ལས་ཁག་གཅིག་གི་འགོ་ཁྲིད་མི་སྣས་སྤྱོད་གཙང་རང་འདོམས་བྱེད་པའི་ཐད་ཁེ་ལས་ཀྱི་འགོ་ཁྲིད་མི་སྣ་ཁག་གཅིག་ལ་སྒྲིག་འགལ་ཁྲིམས་འགལ་གྱི་གནད་དོན་མངོན་གསལ་དོད་པ་དང་། ལ་ལས་མཐོ་ཉོ་དམའ་འཚོང་བྱས་ནས་ཁེ་ཕན་རག་ཐབས་བྱེད་པ། འགའ་ཞིག་གིས་ཕྱི་ནང་ངན་འབྲེལ་གྱིས་གཞུང་ཁོངས་རྒྱུ་ནོར་ཧམ་བཟུང་བྱེད་པ། འགའ་རེས་གྲོད་པ་ནང་གཏད་བློ་ཕྱི་གཏད་ཀྱིས་འབྲེལ་བཙུགས་ཉོ་ཚོང་བྱེད་པ་བཅས་ཀྱི་གནད་དོན་ཡོད་པ་རེད།

    ཀྲུང་གོ་རྫས་འགྱུར་ཚོགས་པས་ཏང་དོ་དམ་དང་སྐྱོང་རྒྱུ་ནན་པོ་མེད་པ་དང་། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་འགན་འཁྲི་གཙོ་བོ་དང་ལྟ་སྐུལ་འགན་འཁྲི་དོན་ཐོག་ཏུ་མ་འཁྱོལ་བ། གཤམ་འོག་ཁེ་ལས་ཀྱི་སྒྲིག་བཤེར་སྒྲིག་གཞི་འཛུགས་རྒྱུ་དང་མི་སྣ་བཀོད་སྒྲིག་བྱ་རྒྱུ་མི་འདང་བ། ལྟ་སྐུལ་ཁྲིམས་སྲུང་གི་འགན་འཁྲི་བདའ་འདེད་གཏོང་ཤུགས་མི་འདང་བ། སྒྲིག་ཁྲིམས་ཀྱི་འདུ་ཤེས་དང་སྒྲིག་སྲོལ་གྱི་འདུ་ཤེས་ཞན་པ། “སྤྱོད་ཚུལ་བཞིའི”གནད་དོན་བཀག་འགོག་བྱས་ཀྱང་ཕན་འབྲས་མི་ཐོན་པ། གཞུང་དངུལ་སྤྱད་དེ་ཀོར་ཧྥུ་སྤོ་ལོ་རྒྱག་པ་དང་། ཕན་བདེའི་ཁ་གསབ་དངུལ་ཚད་བརྒལ་ངང་སྤྲོད་པ། གཞུང་དངུལ་སྤྱད་དེ་ཟོག་ཉོའི་གཱ་སྤྲོད་པ་སོགས་ཀྱི་གནད་དོན་སྔར་བཞིན་གནས་ཡོད་པ་དང་། ལས་སྒྲུབ་མི་སྣའི་ལས་ཀའི་ལམ་ལུགས་ཀྱི་གཏན་འབེབས་ནན་པོ་མེད་པ། འགག་རྩའི་ལས་གནས་མི་སྣའི་སྤེལ་རེས་ལམ་ལུགས་དོན་འཁྱོལ་མི་ཐུབ་པ། གཤམ་འོག་ཁེ་ལས་ཀྱི་འགོ་ཁྲིད་མི་སྣ་ལ་ལའི་གོ་གནས་བཀོད་སྒྲིག་མང་དྲགས་པ། ཁེ་ཕན་སྤྲོད་རེས་བྱེད་པའི་གནད་དོན་མངོན་གསལ་དོད་པ་དང་ཁེ་ལས་འགོ་ཁྲིད་མི་སྣས་མ་དངུལ་མཉམ་འཇོག་དང་མཉམ་ལས་ཀྱི་གོ་སྐབས་སྤྱད་དེ་ཕྱི་ནང་ངན་འབྲེལ་གྱིས་ཁེ་ཕན་སྤྲོད་རེས་བྱེད་པ་དང་། སྒྲིག་འགལ་ངང་ལས་གྲྭའི་འོས་སྐུལ་འོས་དཔོད་དང་ཅ་དངོས་ཉོ་རྒྱུར་ཐེ་ཇུས་བྱེད་པ། བཟའ་ཟླ་དང་གཉེན་ཉེར་ཚོང་གཉེར་ཁེ་ཕན་རག་ཐབས་བྱེད་པ་སོགས་ཀྱི་གནད་དོན་ཡང་སེ་ཐོན་པས་རུལ་སུངས་ཀྱི་ཉེན་ཁ་ཅུང་ཆེན་པོ་ཡོད་པ་རེད།

    གཏེར་ལྔ་ཚོགས་པས་ལས་སྒོ་འཕེལ་རྒྱས་ལ་སྣང་ཆེན་དང་ཏང་འཛུགས་སྐྱོང་ལས་དོན་ལ་སྣང་ཆུང་བྱེད་པ་དང་། ཏང་ལ་དོ་དམ་དང་ཏང་ནན་པོ་སྐྱོང་བའི་འགན་འཁྲི་དོན་ཐོག་ཏུ་མི་འཁྱོལ་བ། རུལ་སུངས་ཀྱི་གནད་དོན་ཞིབ་བཤེར་ཐག་གཅོད་བྱེད་སྐབས་རྣམ་འགྱུར་གསལ་པོ་མེད་པ། སྒྲིག་འགལ་ཁྲིམས་འགལ་གྱི་གནད་དོན་ཐག་གཅོད་བྱེད་སྐབས་ལྷུག་ཐལ་ཤོར་བ། སྒྲིག་ཁྲིམས་ཀྱི་འདུ་ཤེས་དང་སྒྲིག་སྲོལ་གྱི་འདུ་ཤེས་ཞན་པ། “སྤྱོད་ཚུལ་བཞིའི”གནད་དོན་བཀག་འགོག་བྱས་ཀྱང་ཕན་འབྲས་མི་ཐོན་པ། སྒྲིག་འགལ་ངང་གཞུང་དངུལ་སྤྱད་དེ་ཀོར་ཧྥུ་སྤོ་ལོ་རྒྱག་པ་དང་། སྒྲིག་འགལ་ངང་དུས་ཆེན་གྱི་ཁ་གསབ་དངུལ་སྤྲོད་པ་སོགས་ཀྱི་གནད་དོན་སྔར་བཞིན་གནས་ཡོད་པ། རྩ་འཛུགས་མི་དོན་གྱི་སྒྲིག་ཁྲིམས་ལྷུག་དྲགས་པ། མི་འདེམས་མི་སྤྱོད་ཀྱི་འགག་སྒོ་ནན་པོ་མི་སྲུང་བ། ཉེ་སྐྱོར་དགའ་ཕྱོགས་བྱེད་པ། “ནད་གཞི་ཡོད་བཞིན་དུ་གོ་གནས་སྤོར་བ”“ཚོགས་པ་ཆུང་ཆུང”སྒྲིག་པ་སོགས་ཀྱི་གནད་དོན་གནས་པ། སྲོལ་རྒྱུན་གྱི་ཕྱི་ཕྱོགས་ཉོ་ཚོང་གི་ཁེ་ལས་ནས་ཕྱོགས་བསྡུས་མ་འཇོག་ཁེ་ལས་སུ་སྒྱུར་བའི་བརྒྱུད་རིམ་ནང་ཁེ་ཕན་སྤྲོད་རེས་ཀྱི་གནད་དོན་མངོན་གསལ་དོད་པས་རུལ་སུངས་ཀྱི་ཉེན་ཁ་ཅུང་ཆེ་བ། འགོ་ཁྲིད་མི་སྣས་རང་གི་བཟའ་ཟླ་དང་གཉེན་ཉེར་ཚོང་གཉེར་དང་ཁེ་ཕན་རག་རྒྱུར་རོགས་རམ་བྱེད་པ། དམངས་གཉེར་ཁེ་ལས་ཀྱི་སྦྱིན་བདག་དང་ངན་འབྲེལ་གྱིས་ཁེ་ཕན་སྤྲོད་རེས་དང་། མི་བདེན་རྫུན་སྒྲིག སྤྱི་གནོད་སྒེར་ཕན། འགན་ཤོར་ལས་འཛོལ་སོགས་ཀྱི་གནད་དོན་ཡང་སེ་ཐོན་གྱི་ཡོད་པ་རེད།

    ཏ་ཐང་ཚོགས་པས“གལ་ཆེ་གསུམ་དང་ཕོན་ཆེན་གཅིག”གི་ཐབས་ཇུས་ལམ་ལུགས་ལས་འགལ་ནས་རྨོངས་ཚོད་ངང་གློག་སྒུལ་མིན་པའི་ལས་རིགས་ལ་མ་རྩ་བཏང་བས་ཕན་ཆུང་ནུས་མེད་ཀྱི་རྒྱུ་ནོར་མང་དག་ཆགས་པ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ལས་འགལ་ནས་གཤམ་འོག་ཁེ་ལས་ཀྱི་འགོ་ཁྲིད་ཚན་པའི་ཁོངས་མི་ལ་ལས་བྱ་དགའི་དངུལ་གང་བྱུང་དུ་སྤྲོད་པ་དང་། གཞུང་དངུལ་སྤྱད་དེ་ཟ་རྒྱག་སྤྱོད་གསུམ་བྱེད་པ། ལག་རྟགས་སྤྲོད་རྒྱུ་བཀག་ཡང་ཕན་འབྲས་མི་ཐོན་པ། དབང་ཆར་བརྟེན་ནས་སྒེར་དོན་སྒྲུབ་པའི་གནད་དོན་ཚབས་ཆེ་བ། འགོ་ཁྲིད་མི་སྣ་འགའ་རེས་དངོས་ཤུགས་གང་རུང་ནས་གཉེན་ཉེ་དང་བུ་ཕྲུག་ཚོགས་པའི་གཤམ་འོག་ཁེ་ལས་སུ་སྒྲིག་འགལ་ངང་རྐང་དངུལ་དབང་བ་དང་ཁེ་ཕན་དོན་གཉེར་བྱེད་དུ་འཇུག་པ། ལ་ལས་མ་དངུལ་མཉམ་འཇོག་དང་མཉམ་ལས་གཉེར་སྐྱོང་དང་ཁེ་ལས་ཟླ་སྒྲིལ་གཏོང་བར་བརྟེན་ནས་ཁེ་བཟང་རག་ཐབས་བྱས་ནས་དམངས་གཉེར་ཁེ་ལས་ལ་ཁེ་ཕན་སྤྲོད་པ་སོགས་ཀྱི་གནད་དོན་ཡོད། ཚོགས་པའི་ཏང་ཙུའུ་དང་སྒྲིག་བཤེར་ཙུའུ་ཡིས་ཀྲུང་དབྱང་གི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་དགོངས་དོན་ལག་བསྟར་གྱི་ཚོགས་འདུ་འཚོགས་སྐབས་བརྒྱུད་བསྒྲགས་བྱེད་མང་བ་དང་དོན་དངོས་དང་ཟུང་འབྲེལ་བྱས་ནས་དོན་ཐོག་ཏུ་འཁྱོལ་རྒྱུ་མི་འདང་བ་དང་། འགན་འཁྲི་གཉིས་དོན་ཐོག་ཏུ་མི་འཁྱོལ་བ། སྲོལ་འགལ་སྒྲིག་འགལ་གྱི་གནད་དོན་དུས་ཐོག་ཏུ་བརྟག་དཔྱད་ཐག་གཅོད་མི་ཐུབ་པ། འགན་འཁྲི་བདའ་འདེད་དོན་ཐོག་ཏུ་མི་འཁྱོལ་བ་བཅས་ཀྱི་གནད་དོན་ལྷག་ཡོད། ལས་བྱེད་པ་གདམ་གསེས་བསྐོ་སྤྱོད་ཚད་དང་མི་མཐུན་པ་དང་མི་སྤྱོད་ཁྲིད་ཕྱོགས་ཐད་ནོར་འཛོལ་བྱུང་བ། འགའ་རེས་སྒྲིག་སྲོལ་ལ་སྣང་ཆེན་མི་བྱེད་པ་དང་སྒྲིག་ཁྲིམས་མི་སྲུང་བ་མ་ཟད། ཐ་ན་ཚབས་ཆེའི་གནད་དོན་ཡོད་པའི་ལས་བྱེད་པ་གོ་གནས་སྤོར་བ་དང་བེད་སྤྱོད་བྱེད་པ་སོགས་ཀྱི་གནད་དོན་ཡོད་པ་རེད།

    རྒྱལ་གློག་ཚོགས་པས “གལ་ཆེ་གསུམ་དང་ཕོན་ཆེན་གཅིག”གི་ལམ་ལུགས་ཐབས་ཇུས་ལས་འགལ་ནས་མ་འཇོག་ཐབས་ཇུས་ཀྱི“ཐོགས་མེད་བགྲོད་ལམ”བཏོད་པས་ཕན་ཆུང་ཕན་མེད་ཀྱི་རྒྱུ་ནོར་ཆགས་པ་དང་། “དངུལ་སྦས་ཁུང”གི་གནད་དོན་བཀག་འགོག་བྱས་ཀྱང་ཕན་འབྲས་མི་ཐོན་པ་དང་བྱ་དགའི་དངུལ་དང་ཁ་གསབ་དངུལ་གང་བྱུང་དུ་སྤྲོད་པའི་གནད་དོན་ཡོངས་ཁྱབ་ཏུ་གནས་པ། རྡོ་སོལ་ཉོ་སྒྲུབ་ཁྱབ་ཁོངས་སུ་རུལ་སུངས་གྱོད་གཞི་ཐོན་མང་བ་དང་འོས་སྐུལ་འོས་དཔོད་མི་བྱེད་པ་དང་སྒྲིག་འགལ་ངང་འོས་སྐུལ་འོས་དཔོད་བྱེད་པའི་གནད་དོན་མངོན་གསལ་དོད་པ། གོ་གནས་དང་དབང་ཆ་གང་བྱུང་དུ་སྤྱད་ནས་གཞུང་ཁོངས་རྒྱུ་ནོར་ཧམ་བཟུང་བྱེད་པ་དང་གཉེར་སྐྱོང་དང་ཁེ་ལས་ཟླ་སྒྲིལ་གཏོང་བའི་བརྒྱུད་རིམ་ནང་དམངས་གཉེར་ཁེ་ལས་ལ་ཁེ་ཕན་སྤྲོད་པ། རི་ཁའི་ལྟོ་རྟེན་རི་ཡིན་པའི་ངོས་འཛིན་བྱས་ནས་སྒྲིག་འགལ་ངང་ཁེ་ལས་དེའི་གཉེར་སྐྱོང་ནང་ཞུགས་ནས་ཁེ་ཕན་རག་ཐབས་བྱེད་པ་སོགས་ཀྱི་གནད་དོན་ཡོད། ཚོགས་པའི་ཏང་ཙུའུ་དང་སྒྲིག་བཤེར་ཙུའུ་ཡི་འགན་འཁྲི་དོན་ཐོག་ཏུ་མི་འཁྱོལ་བ་དང་སྲོལ་འགལ་སྒྲིག་འགལ་གྱི་གནད་དོན་ཐག་གཅོད་དང་འགན་འཁྲི་བདའ་འདེད་གཏོང་རྒྱུ་དོན་ཐོག་ཏུ་མི་འཁྱོལ་བ་དང་། ལས་བྱེད་པ་གདམ་གསེས་བསྐོ་སྤྱོད་ཚད་དང་མི་མཐུན་པ་དང་མི་སྤྱོད་ཁྲིད་ཕྱོགས་ཐད་ནོར་འཛོལ་ཡོད་པ་དང་གནད་དོན་ཡོད་པའི་ལས་བྱེད་པ་ལ་ལའི་འགན་འཁྲི་བདའ་འདེད་གཏོང་རྒྱུ་དོན་ཐོག་ཏུ་མི་འཁྱོལ་བའི་ཁར་རྒྱུན་གཏན་བཞིན་གནས་སྤོར་བསྐོ་སྤྱོད་བྱེད་པའི་གནད་དོན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 卓玛吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།