
གསར་འགོད་པར་རང་སྐྱོང་ལྗོངས་སློབ་གསོ་རྒྱུགས་ལེན་ཁང་ནས་ཤེས་རྟོགས་བྱུང་བར་རང་ལྗོངས་ཀྱི་2015ལོའི་སྤྱིར་བཏང་མཐོ་རིམ་སློབ་གྲྭའི་ནང་མི་15553བསྡུ་རྩིས་ཡོད་པ་དེ་2014ལོ་ལས་1891མང་དུ་སོང་བ་དང་འདི་ལོ་རང་ལྗོངས་ཀྱི་རྒྱུགས་ལེན་སློབ་མ་མཐོ་རྒྱུགས་ནང་བསྡུ་ལེན་བྱེད་ཚད་75%ཙམ་ཟིན་ཡོད་པའི་ནང་དངོས་གཞིའི་ཚན་ཁག་ལ་7982དང་། ཆེད་ལས་ཚན་ཁག་ལ་6961 གྲ་སྒྲིག་ཚན་ཁག་ལ་610བཅས་བསྡུ་ཡི་ཡོད་པ་རེད།
རྒྱལ་ཁབ་ཀྱི་ཆེད་དོན་འཆར་འགོད་ནང་ཞིང་འབྲོག་པའི་བུ་ཕྲུག་སྔོན་ལ་བསྡུ་རྒྱུ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཞིང་འབྲོག་པའི་བུ་ཕྲུག་སློབ་གྲྭ་ཆེ་མོར་འགྲོ་བའི་གོ་སྐབས་མང་དུ་གཏོང་ཆེད་རྒྱལ་ཁབ་ཀྱིས་རྒྱལ་ཁབ་ཀྱི་ཆེད་དོན་སློབ་བསྡུའི་འཆར་འགོད(ས་ཁུལ་དབུལ་པོར་ཕྱོགས་པའི་ཆེད་དོན་འཆར་འགོད)མི་501(ཚང་མ་དངོས་གཞིའི་ཚན་ཁག་ཡིན་པ)ཟིན་པ་དེ་ན་ནིང་ལས་38ཀྱིས་མང་བ་དང་། ས་གནས་ཀྱི་ཆེད་དོན་འཆར་འགོད(གྲོང་གསེབ་ཀྱི་ཆེད་དོན་འཆར་འགོད)མི་300(དངོས་གཞིའི་ཚན་ཁག་གི་མི་100དང་ཆེད་ལས་ཚན་ཁག་གི་མི་200)ཟིན་པ་དེ་ན་ནིང་ལས་270ཡིས་མང་བ་ཡོད་པ་རེད། རྒྱལ་ཁབ་ཀྱིས་ཞིང་འབྲོག་པའི་བུ་ཕྲུག་སྔོན་ལ་བསྡུ་རྒྱུའི་ཆེད་དོན་འཆར་འགོད་བཟོས་ཏེ་ལོགས་འཁོད་དང་ལོགས་སུ་བསྡུས་ནས་གྲོང་གསེབ་ཀྱི་ཐེམ་ཐོའི་རྒྱུགས་ལེན་སློབ་མ་བསྡུ་རྒྱུ་གཙོ་བོར་བྱས་པ་རེད།
མིང་འགོད་ཚོད་འཛིན་བྱས་པའི་རྒྱུགས་སྤྲོད་སློབ་མས་སློབ་གྲྭ་ 38 ལ་མིང་ཐོ་འགོད་མི་ཆོག་པ།
《བོད་རང་སྐྱོང་ལྗོངས་ཀྱི་སྤྱིར་བཏང་མཐོ་སློབ་ཀྱི་སློབ་བསྡུའི་རྒྱུགས་ལེན་མིང་བཀོད་ཆ་རྐྱེན་གྱི་གཏན་འབེབས(བོད་སྲིད་གཞུང་སྤེལ[2006]ཨང་13)》གཞིར་བཟུང་མིང་བཀོད་ཚོད་འཛིན་བྱེད་པའི་རྒྱུགས་ལེན་སློབ་མས་སློབ་གྲྭ་38ལ་མིང་འགོད་མི་ཆོག་པ་སྟེ།
པེ་ཅིང་སློབ་ཆེན་དང་། (北京大学) ཀྲུང་གོ་མི་དམངས་སློབ་ཆེན། (中国人民大学)
ཆིང་ཧྭ་སློབ་ཆེན།(清华大学) པེ་ཅིང་འགྲིམ་འགྲུལ་སློབ་ཆེན། (北京交通大学)
པེ་ཅིང་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན།(北京理工大学)
པེ་ཅིང་ཚན་རྩལ་སློབ་ཆེན།(北京科技大学) པེ་ཅིང་སྦྲག་ཏར་སློབ་ཆེན། (北京邮电大学)
པེ་ཅིང་གློག་རྡུལ་ཚན་རྩལ་སློབ་ཆེན།(北京电子科技学院) པེ་ཅིང་དགེ་འོས་སློབ་ཆེན། (北京师范大学) ཀྲུང་གོ་མཚམས་སྦྱོར་སྨྱན་སྦྱོར་སློབ་ཆེན། (中国传媒大学)
ཀྲུང་དབྱང་ནོར་དཔལ་སློབ་ཆེན།(中央财经大学) ཕྱི་ཕྱོགས་དཔལ་འབྱོར་ཚོང་དོན་སློབ་ཆེན།(对外经济贸易大学) ཀྲུང་གོ་སྲིད་ཁྲིམས་སློབ་ཆེན།(中国政法大学)
ཧྭ་པེ་གློག་ཤུགས་སློབ་ཆེན།(པེ་ཅིང)(华北电力大学(北京) ནན་ཁེ་སློབ་ཆེན།(南开大学)
ཐེན་ཅིན་སློབ་ཆེན། (天津大学) ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་སློབ་ཆེན། (中国民航大学)ཀྲུང་གོ་གསོ་རིག་ཚན་ཁག་སློབ་ཆེན། (中国医科大学) ཐུང་ཅིས་སློབ་ཆེན། (同济大学)
ཧྲང་ཧའེ་འགྲིམ་འགྲུལ་སློབ་ཆེན། (上海交通大学) ཧྲང་ཧའེ་ཕྱི་རྒྱལ་སྐད་ཡིག་སློབ་ཆེན།(上海外国语大学) ནན་ཅིང་སློབ་ཆེན། (南京大学) ཞ་མོན་སློབ་ཆེན། (厦门大学)
ཧྲན་ཏུང་སློབ་ཆེན།(山东大学) ཧྭ་ཀྲུང་ཚན་རྩལ་སློབ་ཆེན།(华中科技大学)
ཀྲུང་ཧྲན་སློབ་ཆེན། (中山大学) ཕུའུ་ཏན་སློབ་ཆེན། (复旦大学)
སི་ཁྲོན་སློབ་ཆེན།(四川大学) ལྷོ་ནུབ་འགྲིམ་འགྲུལ་སློབ་ཆེན།(西南交通大学)
གློག་རྡུལ་ཚན་རྩལ་སློབ་ཆེན། (电子科技大学) ལྷོ་ནུབ་སློབ་ཆེན། (西南大学)
ལྷོ་ནུབ་ནོར་དཔལ་སློབ་ཆེན། (西南财经大学) ལྷོ་ནུབ་སྲིད་ཁྲིམས་སློབ་ཆེན། (西南政法大学)ཤིས་ཨན་གློག་རྡུལ་ཚན་རྩལ་སློབ་ཆེན།(西安电子科技大学) ལྷོ་ཕྱོགས་གསོ་རིག་སློབ་ཆེན། (南方医科大学) པེ་ཅིང་ཕྱི་རྒྱལ་སྐད་ཡིག་སློབ་ཆེན། (北京外国语大学)
པེ་ཅིང་སྐད་བརྡའི་སློབ་ཆེན།(北京语言大学) ཀྲེ་ཅང་སློབ་ཆེན། (浙江大学)