དབུ་ཤོག>གསར་འགྱུར།
  • གཅིག་འདོམས་དང་སྤྱི་ཡོངས་ལ་ལྟ་རྟོག་གིས་ཕྱོགས་གཉིས་ཀར་དམ་འཛིན་དང་ཕྱོགས་གཉིས་ཀ་འཐུས་ཤོར་མི་ཡོང་བ་བྱེད་དགོས།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-06-23

    སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་བཏོན་གནང་བའི“ནན་གསུམ་དྲང་གསུམ”གྱི་བླང་བྱའི་ནང་ལས་བྱེད་པ་རང་དང་སྲིད་འཛིན་རང་ལ་དམིགས་སུ་བཀར་ནས་ནན་བཤད་གནང་བ་དང་། ལས་གཏོད་ལས་སྒྲུབ་ཀྱི་རྩ་གནད་ལ་དམ་པོར་དམིགས་ཡོད་པས་རིམ་ཁག་འགོ་ཁྲིད་ལས་བྱེད་པའི་བྱ་སྤྱོད་ཀྱི་ཚད་གཞི་ཞིག་ཡིན་པ་དང་། ལག་ལེན་རང་བཞིན་ནི་ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་གི་གཞི་རྩའི་ཁྱད་ཆོས་ཤིག་ཡིན་པས་ང་ཚོས་ངེས་པར་དུ་ཀྲུང་དབྱང་གི་བཀོད་སྒྲིག་དང་ལྗོངས་ཏང་ཨུད་ཀྱི་བླང་བྱ་བཞིན“ནན་གསུམ་དྲང་གསུམ”གྱི་ཆེད་དོན་སློབ་གསོའི་བྱེད་སྒོ་སྤེལ་རྒྱུ་དེ་མིག་སྔའི་སྒྱུར་འཕེལ་བརྟན་གསུམ་གྱི་ལས་དོན་ཁག་དང་ཟུང་འབྲེལ་དམ་ཟབ་ཀྱིས་ཆེད་དོན་སློབ་གསོ་དང་རྒྱུན་གཏན་གྱི་ལས་དོན་དང་ཟུང་འབྲེལ་ཐུབ་པ་དང་། ཕན་ཚུན་སྐུལ་སྤེལ་ཐུབ་པ། ཕྱོགས་གཉིས་ཀར་དམ་འཛིན་ཐུབ་པ། ཕྱོགས་གཉིས་ཀར་འཐུས་ཤོར་མི་ཡོང་བ། ཕྱོགས་གཉིས་ཀར་སྐུལ་སྤེལ་ཐུབ་པ་བཅས་བྱེད་དགོས།

    ཀྲུང་དབྱང་གིས“ནན་གསུམ་དྲང་གསུམ”གྱི་ཆེད་དོན་སློབ་གསོ་གཏོང་རྒྱུ་ནི་བྱེད་སྒོ་ཞིག་ཁོ་ན་མིན་པར་འགོ་ཁྲིད་ལས་བྱེད་པས་དུས་རྒྱུན་དུ་སློབ་སྦྱོང་སློབ་གསོའི་ནང་ཞུགས་པའི་ལག་ལེན་དངོས་འཚོལ་ཞིབ་བྱེད་པ་ཞིག་ཡིན་པས་བྱེད་སྒོའི་རྣམ་པའི་ཐོག་ནས་ཆེད་དོན་སློབ་གསོ་གཏོང་མི་རུང་བར་རྒྱུན་གཏན་གྱི་ལས་དོན་དང་ཟུང་འབྲེལ་དམ་ཟབ་དང་། མཉམ་འདྲེས་ཐུབ་པ། གཅིག་འདོམས་སྐུལ་སྤེལ་ཐུབ་པ་བཅས་བྱེད་དགོས་ཞེས་ཁ་གསལ་བསྟན་ཡོད། “ནན་གསུམ་དྲང་གསུམ”ལག་ལེན་བསྟར་རྒྱུ་དེ་མཐར་གཏུགས་ནས་བརྗོད་ན“ཟུང་འབྲེལ”ཐོག་ཤུགས་སྣོན་ཆེན་པོ་བརྒྱབ་ནས“ནན་གསུམ་དྲང་གསུམ”གྱི་བླང་བྱ་རྣམས་ཞིབ་ཕྲའི་ལས་དོན་ཚང་མའི་ནང་དོན་འཁྱོལ་ཐུབ་པ་བྱེད་དགོས་པ་དང་དོན་དངོས་དང་ཟུང་འབྲེལ་གྱིས་གཅིག་གྱུར་འཆར་འགོད་དང་སྤྱི་ཡོངས་ལ་ལྟ་རྟོག་ཡག་པོ་བྱས་ནས“ནན་གསུམ་དྲང་གསུམ”གྱི་ཆེད་དོན་སློབ་གསོ་གཏོང་རྒྱུ་དེ་རྒྱུན་གཏན་ལས་དོན་གྱི་ཕྱོགས་གཉིས་ཀར་དམ་འཛིན་དང་། ཕྱོགས་གཉིས་ཀར་འཐུས་ཤོར་མི་ཡོང་བ། ཕྱོགས་གཉིས་ཀར་སྐུལ་སྤེལ་ཐུབ་པ་བཅས་བྱས་ཐོག་ཆེད་དོན་སློབ་གསོའི་ཕན་འབྲས་དེ་མཐར་དཔལ་འབྱོར་གོང་འཕེལ་ལ་སྐུལ་འདེད་དང་སྤྱི་ཚོགས་བརྟན་ལྷིང་ལ་སྐུལ་འདེད་གཏོང་བའི་ཐད་མངོན་པར་བྱེད་དགོས།

    “ནན་གསུམ་དྲང་གསུམ”གྱི་ཆེད་དོན་སློབ་གསོ་གཏོང་བའི་དམིགས་ཡུལ་ནི“ནན་གསུམ་དྲང་གསུམ”གྱི་བླང་བྱའི་བསམ་བློའི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་ལག་ལེན་བསྟར་ཤུགས་ཆེ་རུ་བཏང་ནས“སྤྱོད་ཚུལ་བཞི”བཅོས་སྒྲིག་དང་སྲ་བརྟན་གཏིང་ཟབ་གཏོང་བ་དང་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་གྲུབ་འབྲས་ཐད་ཕན་འབྲས་དངོས་ཐོན་པ་དང་། སྒྲིག་ཁྲིམས་སྲུང་བ་དང་། ལུགས་སྲོལ་ལ་སྣང་ཆེན། ཆབ་སྲིད་ཀྱི་སྣང་ཚུལ་བཟང་པོ་གཏོད་པ་བཅས་ཀྱི་ཐད་ཕན་འབྲས་དངོས་ཐོན་པ། དངོས་འཛིན་དངོས་སྒྲུབ་དང་སྒྱུར་འཕེལ་བརྟན་གསུམ་ལ་སྐུལ་སྤེལ་གཏོང་བའི་ཐད་ཕན་འབྲས་དངོས་ཐོན་པ་བཅས་ཀྱི་ཐོག་ནས་ངེས་པར་དུ“ཟུང་འབྲེལ”ཡོང་བའི་ཐད་ཤུགས་སྣོན་ཆེན་པོ་རྒྱག་དགོས། “ནན་གསུམ་དྲང་གསུམ”གྱི་ཆེད་དོན་སློབ་གསོ་གཏོང་རྒྱུ་དེ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དང་ཟུང་འབྲེལ་དམ་ཟབ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་རབ་དང་རིམ་པ་དང་ལྷག་དོན་དུ“རྒྱལ་ཁབ་སྐྱོང་བར་སྔོན་ལ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་ལྗོངས་བརྟན་ལྷིང་ཡོང་བ་བྱེད་དགོས་པའི”གལ་ཆེའི་འཐབ་ཇུས་དགོངས་དོན་དང“བོད་ལྗོངས་འདི་ཉིད་རྒྱུན་མཐུད་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཕྱོགས་ཡོངས་ནས་བརྟན་ལྷིང”བཅས་ཀྱི་གལ་ཆེའི་མཛུབ་སྟོན་དང་ཟུང་འབྲེལ་དམ་ཟབ་ཐུབ་པ། ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གི“ཁྲིམས་ལྟར་བོད་སྐྱོང་བ་དང་། ཡུན་རིང་བོད་སྐྱོང་བ། མི་སེམས་ཐོབ་ཐབས་བྱེད་པ། རྨང་གཞི་བརྟན་དུ་གཏོང་བ”བཅས་ཀྱི་རྩ་དོན་ལག་བསྟར་དོན་འཁྱོལ་བྱེད་རྒྱུ་དང་ཟུང་འབྲེལ་དམ་ཟབ་ཐུབ་པ། “ཕྱོགས་ཡོངས་ནས་བཞིའི”འཐབ་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དང་ཟུང་འབྲེལ་དམ་ཟབ་ཐུབ་པ། འཕེལ་རྒྱས་དང་བརྟན་ལྷིང་གི་ལས་དོན་ལ་སྐུལ་སྤེལ་གཏོང་རྒྱུ་དང་ཟུང་འབྲེལ་དམ་ཟབ་ཐུབ་པ། ཡོམ་འགོག་གེགས་སེལ་དང་། བར་བརྒལ་བཀོད་སྒྲིག སླར་གསོ་བསྐྱར་སྐྲུན་བཅས་ཀྱི་ལས་དོན་ལེགས་པར་བསྒྲུབ་རྒྱུ་དང་ཟུང་འབྲེལ་དམ་ཟབ་ཐུབ་པ། རང་ས་ཁུལ་དང་། རང་སྡེ་ཚན། རང་ཚན་པ་བཅས་ཀྱི་གཙོ་གནད་ལས་འགན་ལེགས་སྒྲུབ་བྱ་རྒྱུ་དང་ཟུང་འབྲེལ་དམ་ཟབ་ཐུབ་པ་བཅས་ཀྱི་ཐོག་ནས་རྒྱུན་ཆད་མེད་པར་ཚན་རིག་དང་མཐུན་པའི་འཕེལ་རྒྱས་དང་། ཞི་མཐུན་བརྟན་ལྷིང་། མི་རིགས་མཐུན་སྒྲིལ། ཆོས་ལུགས་འཆམ་མཐུན། དམངས་འཚོ་ལེགས་གཏོང་། སྣོད་བཅུད་བཟང་པོ། ཏང་འཛུགས་སྐྱོང་ལ་ཤུགས་སྣོན། མཐའ་མཚམས་སྲ་བརྟན་བཅས་ཀྱི་རྣམ་པ་བཟང་པོ་ཞིག་གཏོད་དགོས།

    “ནན་གསུམ་དྲང་གསུམ”གྱི་གནད་ཆེ་ནི་གཟབ་ནན་ལ་ཐུག་པ་དང་། གཙོ་གནད་དེ་ལག་ལེན་བསྟར་རྒྱུར་ཐུག་པ། དཀའ་གནད་དེ་གཅིག་གྱུར་འཆར་འགོད་དང་སྤྱི་ཡོངས་ལ་ལྟ་རྟོག་བྱ་རྒྱུར་ཐུག་ཡོད་པས་ལྗོངས་ཡོངས་ཀྱི་རིམ་ཁག་འགོ་ཁྲིད་ལས་བྱེད་པ་དང་ལྷག་དོན་དུ་རྫོང་ཁྲུའུ་རིམ་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པས“ནན་གསུམ་དྲང་གསུམ”དེ་བསམ་བློའི་བརྩི་སྲུང་ཞུ་ཡུལ་དང་། སྤྱོད་ཚུལ་གྱི་ཁྲིད་སྟོན། བྱ་སྤྱོད་ཀྱི་ཚད་གཞི་བཅས་སུ་བརྩིས་ནས“ནན་གསུམ་དྲང་གསུམ”གྱི་གཞི་རྩའི་བླང་བྱ་མིག་དཔེ་གཞན་སྟོན་གྱིས་ལག་ལེན་བསྟར་ཏེ“བོད་སྐྱོད་པ་རྒན་གྲས”ཀྱི་སྙིང་སྟོབས་དང“ལམ་གཉིས”ཀྱི་སྙིང་སྟོབས། ཁུང་ཧྥན་སེན་གྱི་སྙིང་སྟོབས། ཅའོ་ཡུས་ལུའུ་ཡི་སྙིང་སྟོབས། ཀུའུ་ཝུན་ཁྲང་གི་སྙིང་སྟོབས་བཅས་དར་སྤེལ་ཤུགས་ཆེན་བཏང་ནས“དམ་ནན”གཙོ་བོར་འཛིན་པ་དང“དྲང་བདེན”རྩ་བར་བཟུང་ཐོག་བཤད་པ་ལག་ལེན་དུ་འཁྱོལ་བ་དང་ནུས་པས་ཅི་སྒྲུབ་བྱས་ཐོག་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོར་མིག་དཔེ་སྟོན་དགོས།

    “ནན་གསུམ་དྲང་གསུམ”ནི་འཕེལ་རྒྱས་དང་བརྟན་ལྷིང་ལ་སྐུལ་སྤེལ་གཏོང་བའི་ཤུགས་ཆེའི་སྒུལ་ཤུགས་ཤིག་ཡིན་པས་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པ་ཚོས་རང་རྟོགས་ངང“ནན་གསུམ་དྲང་གསུམ”དེ་ཉིད་ལས་དོན་ཁྲོད་ལག་ལེན་བསྟར་བ་དང་། ལས་གནས་ཐོག་མངོན་པར་བྱེད་པ། བྱ་སྤྱོད་ཁྲོད་དོན་འཁྱོལ་བྱེད་པ་བཅས་ཀྱི་ཐོག་ནས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་དར་བོད་བརྟན་གྱི་ཐབས་ཇུས་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་འབད་འབུངས་ཧུར་ལེན་གྱིས་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཧ་ཅང་ཆེན་པོ་གཅིག་ཏུ་སྒྲིལ་བ་བྱེད་དགོས། ཆབ་སྲིད་ཀྱི་སྤྲོ་སེམས་རབ་ཏུ་འཕེལ་བའི་ངང་ཆེད་དོན་སློབ་གསོའི་བྱེད་སྒོ་སྤེལ་ནས་སྤྱོད་ཚུལ་འཛུགས་སྐྱོང་གི་གྲུབ་འབྲས་ལ་བརྟེན་ནས་རང་ལྗོངས་ཀྱི་སྒྱུར་འཕེལ་བརྟན་གསུམ་གྱི་རྣམ་པ་གསར་པ་གཏོད་པ་དང“ནན་གསུམ་དྲང་གསུམ”གྱི་བླང་བྱ་དེ་བྱ་སྤྱོད་དངོས་དང་ཞིབ་ཕྲའི་བྱ་ཐབས་སུ་འགྱུར་བ་བྱས་ཐོག་བོད་ཀྱི་ཡུན་རིང་བརྟན་ལྷིང་དང་དཔལ་འབྱོར་དང་སྤྱི་ཚོགས་ལེགས་ལ་མྱུར་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་ཤུགས་ཆེའི་སྒུལ་ཤུགས་དང་འགན་ལེན་ནུས་ལྡན་བྱས་ཐོག་ཕུལ་དུ་བྱུང་བའི་གྲུབ་འབྲས་ཀྱི་ཐོག་ནས་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བར་བསུ་བ་ཞུ་དགོས།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།