དབུ་ཤོག>གསར་འགྱུར།
  • ཏང་འཛུགས་སྐྱོང་གི་སྤུས་རྟགས་གཏོད་ནས་འཕེལ་རྒྱས་དང་བརྟན་ལྷིང་ལ་ཞབས་འདེགས་ཞུ་དགོས།

  •     རྩོམ་པ་པོ།  ​ ཡན་ཏང་ཨེན་གྱིས།   |     སྤེལ་དུས།  2015-06-19

    ཆབ་མདོ་གྲོང་ཁྱེར་གྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་ཏང་འཛུགས་སྐྱོང་ལས་དོན་དེ“ལས་ཀ་གཙོ་བོར”བརྩིས་ནས་དམ་འཛིན་བྱས་ཏེ“ཆབ་སྲིད་ཀྱི་གྲུབ་འབྲས་ཆེ་ཤོས”དང“ཆབ་སྲིད་ཆེ་ཤོས”ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང“ཏང་འཛུགས་སྐྱོང་གི་སྤུས་རྟགས་གཏོད་པ་དང་། ཏང་འཛུགས་སྐྱོང་གི་ཁྱད་ཆོས་གཏོད་པ། འཕེལ་རྒྱས་དང་བརྟན་ལྷིང་ལ་སྐུལ་འདེད་གཏོང་བ”བཅས་ཀྱི་འདུ་ཤེས་བརྟན་པོར་བཙུགས་ནས་ལྟེ་བའི་ལས་འགན་གྱི་འཕེལ་རྒྱས་དང་བརྟན་ལྷིང་ལ་དམིགས་ཏེ་བརྗོད་དོན་གཙོ་བོའི་ནང་དོན་གཏིང་ཟབ་པ་དང་། སྤུས་རྟགས་མིང་གྲགས་ཆེ་བ། ཏང་ཡོན་གྱི་དགའ་བསུ་ཐོབ་པ་བཅས་ཀྱི་ཏང་འཛུགས་སྐྱོང་གི་སྤུས་རྟགས་ཁག་གཅིག་བཏོད་པས་གཞི་རིམ་ཏང་འཛུགས་སྐྱོང་ལས་ཀའི་ཆུ་ཚད་མཐོ་རུ་ཕྱིན་ཡོད་པ་རེད།

    སྒྲིག་འཛུགས་དང་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ། རིམ་ཁག་ཏང་ཨུད་ཀྱིས་ཏང་འཛུགས་སྐྱོང་གི་སྤུས་རྟགས་གཏོད་པའི་ལས་དོན་ལ་སྣང་ཆེན་བྱས་ནས་ཉིན་རེའི་ལས་རིམ་གལ་ཆེན་ནང་འཇུག་དགོས། འགོ་ཁྲིད་གཙོ་བོ་ངོས་མས་དམ་འཛིན་བྱེད་པ་དང་ལག་ལེན་དངོས་སུ་བསྟར་ཆོག་པའི་ཇུས་གཞི་བཟོ་བ་དང་འབྲེལ་ཏང་འཛུགས་སྐྱོང་གི་སྤུས་རྟགས་གཏོད་པའི་ལས་དོན་དེ་གཞི་རིམ་ཏང་འཛུགས་སྐྱོང་གི་འགན་འཁྲིའི་ལམ་ལུགས་ལ་དཔྱད་བསྡུར་བྱེད་པའི་ཁྱབ་ཁོངས་ནང་འཇུག་པ་དང་ཏང་ཀྲི་པུའི་འགོ་ཁྲིད་ཚན་ཁག་དང་གྲོང་ཚོའི་ལས་བྱེད་པའི་ལས་རྗེས་ལ་དཔྱད་བསྡུར་གྱི་ནང་དོན་གལ་ཆེན་ལ་བརྩིས་ཏེ་ལམ་ལུགས་དོན་འཁྱོལ་གྱི་འགན་འཁྲི་འཐུས་ཚང་དུ་གཏོང་བ་དང་ལས་དོན་སྔར་བས་དོན་ཐོག་ཏུ་འཁྱོལ་བ་བྱེད་པ་མ་ཟད། ལས་ཀའི་འཕེལ་རིམ་དུས་ཐོག་ཏུ་ལྡོག་འདྲེན་བྱེད་དགོས།

    སྔོག་འདོན་དང་སྐྱེད་སྲིང་གང་ལེགས་བྱེད་པ། ཞིང་འབྲོག་ཁུལ་གྱི་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་གྱི་བྱེད་ཐབས་བཟང་པོ་དང་ཉམས་མྱོང་བཟང་པོ་ཕྱོགས་སྡོམ་ནན་ཏན་བྱས་ནས་ཏང་འཛུགས་སྐྱོང་ལས་དོན་གྱི་གྲུབ་འབྲས་མངོན་གསལ་དོད་པ་དང་། མང་ཚོགས་བློ་ཡིད་ཚིམ་པ། སློབ་གསོའི་རང་བཞིན་ཆེ་བ། སྤུས་རྟགས་ལེགས་སུ་གཏོང་བའི་མི་མངོན་པའི་ནུས་པ་ལྡན་པ་བཅས་ཀྱི་ཏང་འཛུགས་སྐྱོང་གི་དཔེ་སྟོན་དེ་སྤུས་རྟགས་སྐྱེད་སྲིང་བྱེད་པའི་རྣམ་གྲངས་ལ་གཏན་འཁེལ་བྱེད་དགོས། ཏང་འཛུགས་སྐྱོང་སྤུས་རྟགས་ཀྱི་ཆོས་ཉིད་འཕྱུགས་མེད་ངང་ཁོང་དུ་ཆུད་པ་བྱེད་པ་དང་། སྤུས་རྟགས་སྐྱེད་སྲིང་གི་ཇུས་གཞི་ཞིབ་ཕྲ་བཟོ་བ། སྤུས་རྟགས་གཏོད་པའི་ལས་ཀའི་གོ་རིམ་འཐུས་ཚང་དུ་གཏོང་བ། ལག་ལེན་གྱི་གཞི་རྟེན་ཧུར་ཐག་གཏོད་པ། རང་གཤིས་ཅན་དང་ཧེ་བག་ཅན་གྱི་ཁྱད་ཆོས་ལ་སྣང་ཆེན་བཅས་བྱས་ཏེ་ཏང་འཛུགས་སྐྱོང་གི་སྤུས་རྟགས་ཁག་གཅིག་གཏོད་དགོས།

    དཔེ་སྟོན་གྱི་ནུས་པ་འདོན་སྤེལ་བྱེད་པ། ཏང་འཛུགས་སྐྱོང་གི་སྤུས་རྟགས་གཏོད་པའི་ཉམས་མྱོང་དང་བྱེད་ཐབས་ཕྱོགས་སྡོམ་གཏིང་ཟབ་བྱས་ནས་དྲ་བ་དང་། ཚགས་པར། བརྙན་འཕྲིན་བཅས་བརྒྱུད་དྲིལ་བསྒྲགས་རྒྱ་ཁྱབ་བྱེད་པ་དང་། དཔེ་སྟོན་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་གསར་གཏོད་ཅིག་བྱས་ཚེ་ཡུག་གཅིག་སྣེ་ཁྲིད་ཐུབ་པ་བྱེད་དགོས། འཆར་གཞི་ཡོད་པའི་ངང་ཏང་འཛུགས་སྐྱོང་གི་སྤུས་རྟགས་དེ་རྗེས་ལུས་ཏང་ཀྲི་པུའི་དབར་མཉམ་སྐྲུན་ཆ་འགྲིག་བྱས་ནས་རྗེས་ལུས་ཏང་ཀྲི་པུས་ཏང་འཛུགས་སྐྱོང་གི་རྨང་གཞིའི་རང་བཞིན་གྱི་ལས་དོན་ལ་དམ་འཛིན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཏང་འཛུགས་སྐྱོང་གི་སྤུས་རྟགས་གཏོད་པའི་བྱེད་སྒོ་ཧུར་ཐག་སྤེལ་ནས་ཏང་འཛུགས་སྐྱོང་སྤུས་རྟགས་ཀྱི་ཡིད་དབང་འགུགས་ཤུགས་དང་སྣེ་ཁྲིད་ནུས་པ་སྔར་བས་ཆེ་རུ་གཏོང་བར་རོགས་རམ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།