དབུ་ཤོག>གསར་འགྱུར།
  • བོད་ལྗོངས་གཡུ་དགེ་ཚང་བཟོ་ཚོང་ཚད་ཡོད་ཀུང་སིའི་འཕེལ་རྒྱས་སྐོར་གྱི་དངོས་བྲིས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-06-19

    གསར་འགོད་པས་བོད་ལྗོངས་གཡུ་དགེ་ཚང་བཟོ་ཚོང་ཚད་ཡོད་ཀུང་སིའི་བདེ་སྐྱིད་ལམ་གྱི་གཡུ་·སྨན་སྤོས་རྟགས་ཅན་གྱི་སྤོས་བྲིན་ཚོང་ཁང་དུ་བསྐྱོད་སྐབས་ཚོང་པས་ཉོ་མཁན་ལ་སྤོས་མི་འདྲ་བའི་ཁྱད་ཆོས་ངོ་སྤྲོད་བྱེད་བཞིན་ཡོད་པ་དང་སྤོས་ཧ་ཅང་བྲིན་པོ་ཡོད་པ་མཐོང་བྱུང་།

    “སྤོས་ཞིབ་འཇུག་དང་། གསར་སྤེལ། ཐོན་སྐྱེད། ཕྱིར་ཚོང་བཅས་སྔར་བས་རྒྱ་ཆེར་གཏོང་ཆེད་ང་ཚོས་སྟག་རྩེ་རྫོང་བཟོ་ལས་གསར་སྤེལ་ཁུལ་དུ་སྨི་ངོས་གྲུ་3000ལྷག་ཙམ་ཡོད་པའི་བཟོ་གྲྭ་གསར་པ་བསྐྲུན་ཡོད། མིག་སྔར་ང་ཚོས་ཐོན་སྐྱེད་དང་གསར་སྤེལ་བྱས་པའི་ཐོན་རྫས་སྤོས་དང་བོད་ཀྱི་དྲི་ཞིམ་ཆུ་སྣ་ཁ་160ཙམ་ཡོད་པ་དང་རང་ལྗོངས་ཀྱི་སྤོས་ཐོན་སྐྱེད་དང་ཕྱིར་ཚོང་ལས་རིགས་ཀྱི་སྣེ་འདྲེན་ཁེ་ལས་སུ་གྱུར་བ་དང་། སྤོས་ཀྱིས་ལྗོངས་ཡོངས་ཀྱི་ཁྲོམ་རའི་50%ཙམ་བཟུང་ཡོད”ཅེས་ཀུང་སིའི་འགན་འཁུར་མི་སྣས་སྤོབས་སེམས་ཆེན་པོའི་སྒོ་ནས་གསར་འགོད་པར་བཤད།

    ཁེ་ལས་ཀྱི་འོད་སྟོང་འཕྲོ་བའི་གྲུབ་འབྲས་དེ་ནི་རང་ཉིད་ཀྱི་ཕན་ནུས་ལྡན་པའི་ཚོང་གཉེར་ལས་བྱུང་བ་དང་ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་ཁང་གི་མ་དངུལ་རྒྱབ་སྐྱོར་ལས་བྱུང་བ་ཞིག་ཀྱང་ཡིན། 2003ལོར་ཀུང་སི་དེར་ཚོང་ཟོག་མངགས་ཐོ་ཆེན་པོ་ཞིག་འབྱོར། ཡིན་ནའང་ཀུང་སི་བཙུགས་ནས་དུས་ཡུན་རིང་པོ་སོང་མེད་པས་དུས་ཐུང་ནང་མ་དངུལ་མི་འདང་བས་ཐོན་སྐྱེད་བྱེད་ཐབས་བྲལ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་ཁང་གིས་ཀུང་སི་དེར་ཕྱོགས་བསྡུས་རྟོག་ཞིབ་དང་དབྱེ་ཞིབ་བྱས་རྗེས་ཁེ་ལས་ཀྱི་ཐོན་སྐྱེད་དང་ཚོང་གཉེར་རྒྱུན་གཏན་ཡིན་པ་དང་བྲིན་ཚོང་བརྟན་པོའི་ངང་འཕར་བ་མ་ཟད་ཡུན་རིང་གཏན་འཇགས་ཀྱི་འཛད་སྤྱོད་པ་ཡོད་པ། ལག་དངུལ་མི་འདང་བས་ཐོན་སྐྱེད་ལ་འགོག་རྐྱེན་འཕྲད་པ་ཤེས་མཐར་ཀུང་སི་དེ་དམངས་གཉེར་ཁེ་ལས་ཆུང་གྲས་ཤིག་ཡིན་ནའང་འཕེལ་རྒྱས་ཀྱི་མངོན་མེད་སྟོབས་ཤུགས་བཟང་པོ་ལྡན་ཡོད་པས་སྐྱེད་དམའི་དངུལ་བུན་གཏོང་རྒྱུའི་ཐབས་ཤེས་སྤྱད་དེ་ཀུང་སི་དེའི་མ་དངུལ་མི་འདང་བའི་དཀའ་ངལ་སེལ་རོགས་བྱས།

    ཀུང་སིའི་འགན་འཁུར་མི་སྣས་ཞིང་ལས་དངུལ་ཁང་གི་དངུལ་བུན་ནི་དུས་ཐོག་ཆར་པ་ལྟ་བུ་ཡིན་པས་འགག་རྩའི་དུས་ཀྱི་དཀའ་ངལ་ཆེན་པོ་སེལ་རོགས་བྱས་བྱུང་། ཀུང་སིའི་གཞི་ཁྱོན་རྒྱ་ཆེ་རུ་བཏང་རྗེས་འཕེལ་རྒྱས་ཀྱི་ལམ་བུ་བཟང་པོ་མངོན་པ་དང་ཀོང་ཀྲོའུ་དང་། ཀྲུང་ཧྲན། ནང་སོག ཐའེ་དབན་སོགས་སུ་ང་ཚོའི་ཆེད་ཚོང་ཁང་ཡོད་ཅེས་བཤད།

    2005ལོར་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་40འཁོར་བའི་སྐབས་ཀུང་སི་དེའི་སྤོས་དེ་རྟེན་འབྲེལ་མཛད་སྒོའི་ཆེད་སྤྱོད་སྤུས་ལེཌ་སྤོས་སུ་དམིཌ་འཛུཌ་བྱས་པ་དང་། 2008ལོར་གཡུ་དགེ་ཚང་ཁེ་ལས་དེ་བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས“མི་རིགས་ཁྱད་ལྡན་ཐོན་རྫས་ཀྱི་ཕུལ་བྱུང་ཁེ་ལས”ལ་བདམས་པ། 2012ལོར་གཡུ་·སྨན་སྤོས་གནའ་བོའི་སྤོས་ལག་རྩལ་དེ་བོད་རང་སྐྱོང་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་དུ་བཅུག་པ། 2014ལོར་བོད་རང་སྐྱོང་ལྗོངས་ཀྱི་ཕུལ་བྱུང་དམངས་གཉེར་ཁེ་ལས་བརྒྱའི་མཚན་སྙན་ཐོབ་ཡོད།

    གོམ་པ་སྤོ་འགོ་ཚུགས་པའི་ཁེ་ལས་ཆུང་གྲས་ཤིག་ནས་ད་ཆ་རྐང་པ་བརྟན་པོར་ཚུགས་པའི་དམངས་གཉེར་ཁེ་ལས་ཀྱི་སྣེ་འཁྲིད་མཁན་ཏུ་འགྱུར་བར་དུས་ཐུང་ལོ་12ལས་སོང་མེད། ཀུང་སི་དེ་2003ལོར་བཙུགས་ཚུན་གྱི་འཕེལ་རྒྱས་ཀྱི་ལོ་རྒྱུས་ཞིབ་པར་ཤོད་སྐབས་ཞིང་ལས་དངུལ་ཁང་ལྷ་ས་གྲོང་ཁྱེར་མཁར་རྔ་ཤར་ལམ་ཉིང་ལག་དངུལ་ཁང་གི་འགན་འཁུར་བས་མྱོང་ཚོར་ཟབ་མོའི་སྒོ་ནས“ང་ཚོ་དང་ཀུང་སི་དེ་2003ལོ་ནས་བཟུང་ཡིད་རྟོན་དངུལ་བུན་གྱི་འབྲེལ་བ་བཟང་པོ་ཞིག་བཙུགས་ཡོད། ཉེ་བའི་ལོ་12རིང་ཡིད་རྟོན་དངུལ་བུན་གཏོང་རིང་ཀུང་སི་དེར་དངུལ་བུན་ཁྱོན་སྒོར་ཁྲི་3200བཏང་ཡོད་པ་དང་། མིག་སྔའི་བར་ཡིད་རྟོད་དངུལ་བུན་གྱི་ལྷག་གྲངས་སྒོར་ཁྲི་970ཡོད། དེའི་རིང་དངུལ་བུན་དང་སྐྱེད་ཀ་ཆད་པའི་སྣང་ཚུལ་གཅིག་ཀྱང་ཐོན་མེད་པས་གན་རྒྱར་མཐོང་ཆེན་དང་ཁ་དན་ཚིག་ལ་གནས་པའི་དམངས་གཉེར་ཡིད་རྟོན་ཁེ་ལས་ཤིག་རེད”ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།