ཀྲུང་དབྱང་རྩ་འཛུགས་པུས་འདི་ལོའི“བདུན་གཅིག”གོང་དུ་རྒྱལ་ཡོངས་ཀྱི་ཕུལ་དུ་བྱུང་བའི་རྫོང་ཨུད་ཧྲུའུ་ཅི་ཁག་གཅིག་ལ་གཟེངས་བསྟོད་བྱེད་རྩིས་ཡོད་ཅིང་། གཟེངས་བསྟོད་འོས་མི་བརྒྱ་གྲངས་ཀྱི་མིང་ཐོ་ཚེས་14ཉིན་གྱི་ཆུ་ཚོད་24ཐོག་ཁྱབ་བསྒྲགས་བྱེད་མཇུག་འགྲིལ་བ་རེད། ལོ་20སོང་རྗེས་ཀྲུང་དབྱང་རྩ་འཛུགས་པུས་ལས་བྱེད་པ་མང་དག་ལ་གཟེངས་བསྟོད་ཀྱི་བྱེད་སྒོ་སླར་ཡང་སྤེལ་རྒྱུར་མི་རྣམས་ཀྱིས་དོ་སྣང་ཆེན་པོ་བྱེད་པ་དང་། དོན་སྙིང་ཧ་ཅང་ཆེན་པོ་ལྡན་ཞིང་། རེ་སྒུག་བྱེད་འོས་པ་ཞིག་རེད།
“སེམས་ནང་མི་དམངས་མང་ཚོགས་ཡོད་པ་ལས་ཁོ་རང་གཅིག་པུ་མེད་པ”ཡི་ཅའོ་ཡུས་ལུའུ་དང“ལས་འགན་འཁུར་རིང་དུ་ཚ་ཚ་འུར་འུར་གྱི‘བྱས་རྗེས་མངོན་གསལ་དོད་པོ’བརྩོན་ལེན་མི་བྱེད་ཅིང་། སྐད་གྲགས་མེད་པར་ལེགས་སྐྱེས་འབུལ་མཁན”ཀུའུ་ཝུན་ཁྲང་ལ་སོགས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་བྱུང་བའི་ལོ་རྒྱུས་ཀྱི་དུས་སྐབས་མི་འདྲ་བར་ཕུལ་དུ་བྱུང་བའི་རྫོང་ཨུད་ཀྱི་ཧྲུའུ་ཅིའི་དཔེ་མཚོན་མང་པོ་ཞིག་བྱུང་ཞིང་། དཔེ་མཚོན་དང་ཚད་རྒྱུག་ལྟ་བུ་ཡིན་པའི་ཁོང་ཚོའི་བྱས་རྗེས་ལས་རྗེས་རབས་པར་རྒྱུན་མི་ཆད་པར་སྐུལ་མ་ཐེབས་ཡོད།
དུས་རབས་གསར་པར་བྱས་རྗེས་གསར་པ་ཡོང་བའི་རེ་འབོད་བྱེད་ཅིང་། “ཕྱོགས་ཡོངས་བཞི”ཡི་འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་གྱིས་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ནང་རྫོང་ཨུད་ཧྲུའུ་ཅིའི་ཕྲག་སྟེང་གི་སྒྱུར་འཕེལ་བརྟན་གསུམ་གྱི་ཁུར་པོ་སྔར་བས་ལྕི་པོ་ཡོད། ཁུར་པོ་ཇི་ཙམ་ལྕི་ན་བསམ་བློའི“གཅུས་ཕུར་ཨ་མ”དེ་ཙམ་གྱིས་དམ་དུ་བཏང་ནས་རླུང་རླབས་ཀྱི་ཚོད་བགམ་ཐེག་པ་བྱེད་དགོས་པ་དང་། བློ་སྟོབས་ཆེར་སྐྱེད་དང་སྤྲོ་སེམས་རབ་འཕེལ་གྱིས་ལས་ཀ་བྱེད་པ་དང་བྱ་གཞག་བསྒྲུབས་ནས་མང་ཚོགས་ས་་ང་་ས་ད་པ་དང་། མང་གས་དང་ཐད་ཀའི་འལ་བ་་ས་ད་པ། མང་གས་ལ་འལ་མ་་ས་ན་པ་བཅས་་་ཕན་་གནད་ན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱེད་དགོས།
རྒྱལ་ཡོངས་ཀྱི་རྫོང་ཨུད་ཧྲུའུ་ཅི་2800ཡི་ཁྲོད་ཀྱི་ཕུལ་བྱུང་དཔེ་མཚོན་ཚོ་ངེས་པར་དུ་ཆབ་སྲིད་ལམ་ཕྱོགས་གཞན་ལས་བརྟན་པ་དང་། རིག་གནས་བྱང་ཚད་གཞན་ལས་མཐོ་བ། སྤྱོད་པ་གཙང་ཞིང་འཇོན་ཐང་ཆེ་བ། ལས་ཀར་ཧུར་བརྩོན་གཞན་ལས་ཆེ་བ་བཅས་དགོས། དུས་མཚུངས་སུ་དུས་བབ་གསར་པ་དང་བླང་བྱ་གསར་པའི་འོག་རྫོང་ཨུད་ཧྲུའུ་ཅི་འགའ་ཞིག་ལ་མ་འདང་བའམ་ཡང་ན་སྐྱོན་ཆ་མི་ཉུང་བ་ཞིག་སྔར་བཞིན་ཡོད་པའང་མཐོང་བ་བྱེད་དགོས་པ་དཔེར་ན། ལ་ལར་སློབ་སྦྱོང་གི་སྙིང་སྟོབས་དང་འབད་འཐབ་ཀྱི་སྒུལ་ཤུགས་མེད་པར་དཀའ་ངལ་འཕྲད་སྐབས་གཡོལ་ནས་འགྲོ་བ་དང་། ལ་ལས་ཟ་རི་ཟི་རི་བྱས་ཏེ་བྱས་རྗེས་གང་ཡང་བསྟན་རྒྱུ་མེད་ཅིང་། སྲིད་དུ་ཞུགས་ནས་ལོ་མང་སོང་ཡང་འཕེལ་མེད་སོར་གནས་ཡིན་པ། ད་དུང་ཉུང་ཤས་ཤིག་གིས་ཏང་ཁྲིམས་རྒྱལ་ཁྲིམས་སྣང་མེད་དུ་བཏང་ནས་རྒྱུ་དབང་ཉོ་ཚོང་གི་བྱེད་སྤྱོད་ཤུགས་ཆེན་སྤེལ་བ་ལས་བཙོན་དུ་ཚུད་པ་ལ་སོགས་རེད།
ད་རེས་ཀྱི་དཔྱད་འདེམས་གཟེངས་བསྟོད་བྱེད་སྒོ་ནི་ཕུལ་དུ་བྱུང་བའི་རྫོང་ཨུད་ཧྲུའུ་ཅིའི་ལས་ཀའི་གྲུབ་འབྲས་ཁས་ལེན་བྱེད་པ་ཞིག་ཡིན་ལ་རྫོང་ཨུད་ཧྲུའུ་ཅི་ཡོངས་ལ་སྐུལ་མ་བཏང་བ་ཞིག་ཀྱང་ཡིན། སྔོན་ཐོན་དང་དཔེ་མཚོན་གྱི་དཔེ་སྟོན་སྐུལ་ཁྲིད་ནུས་པ་བརྒྱུད“དཔོན་གནས་བཟུང་ནས་ཕྱོགས་གཅིག་ལ་བདེ་སྐྱིད་བསྐྲུན་རྒྱུའི”སེམས་ཤུགས་དང་སྒུལ་ཤུགས་ཆེ་རུ་འགྲོ་རྒྱུ་མ་ཟད། ད་དུང་རྫོང་ཨུད་ཧྲུའུ་ཅིའི་དཔུང་ཁག་གི་རྣམ་པར་དག་པའི་གཞུང་སེམས་དང་། དབྱར་མཚོ་རྒྱས་པ་ལྟ་བུའི་སྐྱེ་སྟོབས། དཔའ་ངར་ཞུམ་མེད་ཀྱི་སྙིང་སྟོབས་བཅས་ཀྱང་སྔར་ལས་ལྷག་པའི་སྒོ་ནས་རྒྱུན་འཁྱོངས་ཐུབ་རྒྱུ་རེད།
ད་རེས་ཀྱི་དཔྱད་འདེམས་གཟེངས་བསྟོད་བྱེད་སྒོ་སྤེལ་ཕྱོགས་ནི་རྫོང་ཨུད་ཧྲུའུ་ཅི་ཡིན་རུང་དེའི་དོན་སྙིང་ཡོངས་སུ་ཁྱབ་པ་ནི་སྨོས་མེད་རེད། དེས་ན་རིམ་ཁག་འགོ་ཁྲིད་ལས་བྱེད་པས“ནན་གསུམ་དྲང་གསུམ”གྱི་བླང་བྱ་ནན་ཏན་ངང་ལག་བསྟར་བྱས་ནས་ཐོག་མཐའ་བར་གསུམ་དུ“སེམས་ནང་ཏང་ཡོད་པ་དང་། སེམས་ནང་མང་ཚོགས་ཡོད་པ། སེམས་ནང་འགན་འཁྲི་ཡོད་པ། སེམས་ནང་བསླབ་སྡོམ་ཡོད་པ”བཅས་བྱེད་ཐུབ་པ་བྱེད་དགོས།