དབུ་ཤོག>གསར་འགྱུར།
  • དབྱར་མཚོ་རྒྱས་པ་ལྟར་གོང་འཕེལ་བྱུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-06-19

    ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔའི་པའི་ཐོག་བོད་ཀྱི་གལ་ཆེན་ཐོན་ཁུངས་འཐབ་ཇུས་ཀྱི་གནས་བབ་གསལ་པོ་བཏོན་པ་དང་། བོད་འདི་རྒྱལ་ཁབ་ཀྱི“གལ་ཆེའི་འཐབ་ཇུས་ཐོན་ཁུངས་ཀྱི་གྲབས་གསོག་རྟེན་གཞི”འཛུགས་རྒྱུ་ཡིན་ཞེས་བཏོན་ཡོད། རྒྱལ་ཁབ་ས་ཆ་ཐོན་ཁུངས་པུའུ་དང་ཆུ་བེད་པུའུ་སོགས་ཀྲུང་དབྱང་པུའུ་ཨུད་ཀྱིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་བཀོད་སྒྲིག་ལ་དམ་པོར་དམིགས་ཏེ་ལས་སྒོ་དང་། ནུས་ཤུགས། དཔུང་ཁག་བཅས་འཛུགས་སྐྱོང་ནས་འགོ་ཚུགས་ཏེ་མ་དངུལ་བོད་སྐྱོར་དང་། རྣམ་གྲངས་བོད་སྐྱོར། ཤེས་ལྡན་མི་སྣའི་བོད་སྐྱོར། ལག་རྩལ་བོད་སྐྱོར། སྲིད་ཇུས་བོད་སྐྱོར་བཅས་ཟུང་འབྲེལ་གྱི་ལས་ཀའི་བྱེད་ཐབས་མཐའ་འཁྱོངས་བྱས་པ་དང་། བྱེད་ཐབས་སྣ་ཚོགས་སྤྱད་དེ་ལས་ཀ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རང་ལྗོངས་ཀྱི་ཆུ་གློག་དང་། གཏེར་ལས། ནུས་རྒྱུ་གསར་པ་བཅས་ལུགས་མཐུན་དང་གོ་རིམ་ལྡན་པའི་སྒོ་ནས་འཕེལ་རྒྱས་ཡོང་རྒྱུར་སྐུལ་འདེད་བཏང་བས་རང་ལྗོངས་ཀྱི་དཔལ་འབྱོར་འཛུགས་སྐྲུན་ལ་ནང་དོན་གསར་པ་བྱུང་ནས་བོད་ཀྱི་འཕེལ་རྒྱས་དེ་ལོ་རྒྱུས་ཀྱི་འགོ་ཚུགས་ས་གསར་པའི་ཐོག་སླེབས་ཡོད།

    རྒྱལ་ཁབ་ས་ཆ་ཐོན་ཁུངས་པུའུ།——མ་དངུལ་སྒོར་དུང་ཕྱུར་50བཏང་ནས་རང་ལྗོངས་ཀྱི་དཔལ་འབྱོར་བྱ་འཕུར་བ་ལྟར་གྱི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བ།

    ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་འཚོགས་ཚུན་དང་ལྷག་པར་དུ་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་རྒྱལ་ཁབ་ས་ཆ་ཐོན་ཁུངས་པུས་ཁ་གཏད་བོད་སྐྱོར་གྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་སྟེ་བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་བྱེད་ཕྱོགས་དང་སྲིད་ཇུས་རབ་དང་རིམ་པའི་བཀོད་སྒྲིག་བླང་བྱ་ནན་ཏན་ངང་ལག་བསྟར་དོན་འཁྱོལ་བྱས་ཏེ་རོགས་སྐྱོར་དང་རང་འཕེལ་གཉིས་ལ་བརྟེན་རྒྱུ་མཐའ་འཁྱོངས་བྱས་ནས་སྲིད་ཇུས་དང་། མ་དངུལ། རྣམ་གྲངས། སྒྲིག་ཆས། ཚན་རྩལ། ཤེས་ལྡན་མི་སྣ་སོགས་ཐད་ཕྱོགས་ཡོངས་ནས་བོད་སྐྱོར་བྱས་པར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་། རང་ལྗོངས་ཀྱི་དཔལ་འབྱོར་བྱ་འཕུར་བ་ལྟར་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་རྨང་གཞི་བཟང་པོ་ཞིག་བཏིང་ཡོད། བསྡོམས་རྩིས་ལ་གཞིགས་ན། བོད་སྐྱོར་བྱས་ནས་ལོ་20རིང་རྒྱལ་ཁབ་ས་ཆ་ཐོན་ཁུངས་པུའུ་ཡིས་ས་གཤིས་གཏེར་འཚོལ་དང་། གཏེར་ཁའི་ཐོན་ཁུངས་གསར་སྤེལ་དང་བེད་སྤྱོད། ཐན་འགོག་ཁྲོན་འདྲུ། ས་གཤིས་གནོད་འཚེ་འགོག་བཅོས།

     གྲོང་གསེབ་ཀྱི་ས་ཞིང་བཅོས་སྒྲིག གཏེར་རིའི་ས་གཤིས་ཁོར་ཡུག་སླར་གསོ་བཅོས་སྒྲིག་བཅས་ཚན་རྩལ་ཤེས་ལྡན་མི་སྣའི་རོགས་སྐྱོར་སོགས་ཀྱི་ཐད་ཁྱོན་མ་དངུལ་སྒོར་དུང་ཕྱུར་50ཙམ་བཏང་བ་དང་། སྔ་རྗེས་སུ་ལས་བྱེད་པ་དང་ཆེད་ལས་ལག་རྩལ་ཤེས་ལྡན་མི་སྣ་200ལྷག་ཙམ་མངགས་ཏེ་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་ཁྱོན་ཡོངས་ནས་རོགས་སྐྱོར་བྱས་ཡོད།

    ཆུ་བེད་པུའུ། ——རྣམ་གྲངས་ཆིག་སྟོང་ལ་བརྟེན་ནས་རང་ལྗོངས་ཀྱི་ཆུ་བེད་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།

    ཆུ་བེད་པུས་ཁ་གཏད་བོད་སྐྱོར་བྱས་ནས་ལོ་20རིང་རང་ལྗོངས་ལ་ཆུ་བེད་རྣམས་གྲངས་1000ལྷག་ཙམ་དང་མ་དངུལ་སྒོར་དུང་ཕྱུར་300ཙམ་གཏོང་རྒྱུ་བཀོད་སྒྲིག་དང་མཐུན་སྦྱོར་བྱས་ནས་རང་ལྗོངས་ཀྱི་ཆུ་བེད་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད། ཆུ་བེད་ཀྱི་གཙོ་གནད་རྣམ་གྲངས་འབོར་ཆེན་ཞིག་འཛུགས་སྐྲུན་བྱས་པ་དང་ཆགས་ཅིག་རང་ལྗོངས་ཀྱི་ཆུ་བེད་སྒྲིག་བཀོད་ཀྱི་རྨང་གཞི་ཞན་པའི་རྣམ་པ་དེ་ཕན་ནུས་ལྡན་པའི་སྒོ་ནས་ལེགས་སུ་བཏང་བས་ཆུ་མཁོ་འདོན་དང་། ཞིང་ཆུ་གཏོང་བ། གློག་འདོན། ཆུ་འགོག་སོགས་ཅུང་ཆ་ཚང་བའི་ཆུ་བེད་ནུས་པའི་མ་ལག་ཅིག་རགས་ཙམ་ཆགས་ཡོད། ཆུ་བེད་པུས“རྣམ་གྲངས་མང་པོ་དང་ཆེད་དོན་རྣམ་གྲངས་ཟུང་འབྲེལ་བྱེད་པའི”རྩ་དོན་ལ་གཞིགས་ཏེ་བོད་ཀྱི་ཆུ་བེད་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་གཙོ་གནད་དུ་གཟིགས་སྐྱོང་བྱས་ནས་མ་དངུལ་གཏོང་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད། མ་དངུལ་གཏོང་བའི་གཞི་ཁྱོན་དེ“ལོ་ལྔ་ཚན་བཅུ་པའི”དུས་འགོའི་ལོ་ལྟར་སྒོར་དུང་ཕྱུར་3ནས་ད་ལྟའི་ལོ་རེར་ཆ་སྙོམས་སྒོར་དུང་ཕྱུར་45བར་མང་དུ་བཏང་ཡོད། སྔ་རྗེས་སུ་མ་ནག་ཆུ་བེད་ལྟེ་གནས་དང་། ཕུ་མདོ་ཆུ་བེད་ལྟེ་གནས། མ་ནག་ཞིང་ཆུ་འདྲེན་ཁུལ། ཡར་ཀླུང་ཞིང་ཆུ་འདྲེན་ཁུལ་སོགས་གཙོ་གནད་ཆུ་བེད་རྨང་གཞིའི་སྒྲིག་བཀོད་ཁག་གཅིག་ལས་འགོ་ཚུགས་ནས་འཛུགས་སྐྲུན་བྱས་པ་དང་། དུས་མཚུངས་གཙོ་གནད་འབབ་རྒྱུད་ཀྱི་ཕྱོགས་བསྡུས་འཆར་འགོད་ཀྱི་བཟོ་བཀོད་དང་ཞིབ་བཤེར་ལས་དོན་ཁག་གཅིག་བྱས་ནས་རང་ལྗོངས་ཀྱི་གཙོ་གནད་ཆུ་བེད་རྣམ་གྲངས་ཀྱི་དུས་འགོའི་ལས་དོན་ལ་སྐུལ་འདེད་ཧུར་ཐག་བཏང་ཡོད། ཆུའི་ཐོན་ཁུངས་ཀྱི་འཐབ་ཇུས་དང་དེར་ཁ་གཏད་གཅོག་ཐབས་སྐོར་ཞིབ་འཇུག་ལེགས་གྲུབ་བྱུང་བ་དང་། ཆུའི་ཐོན་ཁུངས་སྲུང་སྐྱོང་དང་སྣོད་བཅུད་ཁ་གསབ་ཀྱི་ཐབས་ཇུས་དང་ཆུ་གོང་གྲུབ་པའི་ལམ་སྲོལ་སོགས་ཞིབ་འཇུག་བྱ་གཞིར་ཞིབ་འཇུག་དང་འགག་རྩའི་ལག་རྩལ་ཁག་10ལ་ཞིབ་འཇུག་བྱས་ཡོད།

    བསྡོམས་རྩིས་བརྒྱབ་པར་གཞིགས་ན། མལ་མདའ་ཞིང་ཆུ་འདྲེན་ཁུལ་ཁོ་ནར་ཞིང་ཁ་མུའུ་ཁྲི་29ལ་ནུས་ལྡན་ངང་ཞིང་ཆུ་འདྲེན་ཐུབ་པ་དང་ཞིང་ཁ་མུའུ་རེའི་ཐོན་ཚད་སྤྱི་རྒྱ་300ནས་མུའུ་རེར་སྤྱི་རྒྱ་360ཡན་བར་འཕར་ཡོད། མིག་སྔར་རང་ལྗོངས་སུ་གྲུམ་པ་དང་། འབུམ་མཚོ། རྒྱང་གཞུང་སོགས་ཆུ་མཛོད་93ཡོད་པ་དང་སྤྱིའི་ཤོང་ཚད་སྨི་རྒྱ་དཔང་གྲུ་བཞི་མ་དུང་ཕྱུར་21ཟིན་པ་དང་། མུའུ་ཁྲི་ཡན་གྱི་ཞིང་ཆུ་འདྲེན་ཁུལ་61ཡོད་པ། ཞིང་ཆུ་འདྲེན་ཐུབ་པའི་རྨོ་ཞིང་མུའུ་ཁྲི་303ཟིན་པ། སྐྱེད་ཚལ་དང་རྩྭ་ར་སོགས་ཆུ་འདྲེན་ཐུབ་པའི་རྒྱ་ཁྱོན་མུའུ་ཁྲི་201ཟིན་པ་བཅས་དང་། གཞིས་རྩེ་དང་། ལྷ་ས། ལྷོ་ཁ་སོགས་འབྲུ་རིགས་ཐོན་ཁུལ་གཙོ་བོའི་ཁུལ་དུ་སྤྱིའི་ཆ་ནས་ཐན་པ་བསྟན་སྐབས་ཞིང་ཆུ་འདྲེན་ཐུབ་པ་དང་ཞོད་སྐྱོན་བྱུང་སྐབས་བཤངས་ཐུབ་ཀྱི་ཡོད།

    མིག་སྔའི་བར་ལྗོངས་ཡོངས་ཀྱི་ས་ཁུལ(གྲོང་ཁྱེར)7གནས་ཡུལ་དང་རྫོང་གྲོང་46ཚང་མར་ལོ་30—100བར་ཐུབ་པའི་ཚད་ལྡན་ཆུ་འགོག་ཆུ་རགས་བསྐྲུན་ཡོད། ས་ཁུལ(གྲོང་ཁྱེར)གནས་ཡུལ་གྱི་ཆུ་ལོག་སྔོན་འགོག་གྱི་ཚད་གཞི་ལོ་50ཐུབ་པ་དང་རྫོང་གྲོང་ཁུལ་གྱི་ཆུ་ལོག་སྔོན་འགོག་གྱི་ཚད་གཞི་ཡོངས་ཁྱབ་ཏུ་ལོ་30—100བར་ཐུབ་པ་མཐོ་རུ་སོང་བས་མང་ཚོགས་ཁྲི་150ལྷག་ཙམ་གྱི་ཆུ་ལོག་གི་སེམས་ཁྲལ་བསལ་ཡོད། ཁྱོན་བསྡོམས་རྫོང་དང་ཤང་གི་ཆུ་གློག་ས་ཚིགས་314ཡོད་པ་དང་མི་གྲངས་ཁྲི་85ལས་བརྒལ་བའི་གློག་སྤྱོད་ཀྱི་གནད་དོན་ཐག་གཅོད་བྱུང་ནས་སྤོ་བོ་དང་། གྲོ་མོ། ཉིང་ཁྲི་སོགས་རྫོང་དེ་དག་གློག་ཤུགས་ཅན་རྫོང་གི་གྲས་སུ་ཚུད་ཡོད།

    རྒྱལ་ཁབ་གློག་དྲ།——རང་ལྗོངས་ཀྱི་གློག་ཤུགས་འཕེལ་རྒྱས་ལ་རོགས་སྐྱོར་ཤུགས་ཆེན་བྱེད་པ།

    རྒྱལ་ཁབ་གློག་དྲ་ཀུང་སིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཡིན་པའི་མཚོ་བོད་ཐད་རྒྱུག་མཉམ་སྦྲེལ་ལས་གྲྭ་དེ་རང་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་དང་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་མ་གཏོང་བའི་ལས་གྲྭ་གལ་ཆེན་ཞིག་ཏུ་འགྱུར་བ་དང་དེ་བསྐྲུན་ནས་འཁོར་སྐྱོད་བྱས་རྗེས་བོད་ཀྱི་གློག་དྲ་རྐྱང་མ་འཁོར་སྐྱོད་བྱེད་པའི་ལོ་རྒྱུས་མཇུག་འགྲིལ་བ་དང་བོད་དབུས་གློག་དྲ་དང་རྒྱལ་ཡོངས་ཀྱི་གློག་དྲ་མཉམ་སྦྲེལ་ཐུབ་ནས་བོད་དབུས་གློག་དྲར་གློག་མི་འདང་བའི་གནས་ཚུལ་ཆུང་དུ་ཕྱིན་པ་དང་བོད་ཀྱི་དཔལ་འབྱོར་དང་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཀྱི་ཆེད་དུ་གློག་ཤུགས་འགན་ལེན་ནུས་ལྡན་བྱས་ཡོད།

    ལྷ་ས་དང་ཉིང་ཁྲི་དང་གཞིས་རྩེ་གྲོང་ཁྱེར་གྱི་གློག་དྲར་ཤུགས་སྣོན་རྒྱག་ཆེད་རྒྱལ་ཁབ་གློག་དྲ་ཀུང་སིས་གློག་དྲ་ཚན་རིག་དང་མཐུན་པའི་སྒོ་ནས་འཆར་འགོད་དང་འཕེལ་རྒྱས་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས་སྔ་རྗེས་སུ་ཆན་ཕུའུ་220ལོན་པའི་ཆུ་འགོ་དང་། གནས་ཆུང་། དོག་སྡེ། མལ་གྲོ་གུང་དཀར་སོགས་གློག་འདྲེན་གློག་སྒྱུར་ལས་གྲྭ་བསྐྲུན་ནས་ཤར་ཉིང་ཁྲི་དང་ནུབ་གཞིས་རྩེའི་བར་སྦྲེལ་ནས་ལྷ་ས་ས་ཁུལ་གཙོ་བོར་བྱེད་པའི་ཆན་ཕུའུ་220ལོན་པའི་གློག་གི་དྲ་བ་ཞིག་ཆགས་ཡོད། བོད་དབུས་གློག་དྲའི་གློག་གནོན་རིམ་པ་ཆན་ཕུའུ་110ནས་ཆན་ཕུའུ་220བར་རིམ་པ་མཐོ་རུ་སོང་བ་དང་བོད་དབུས་གློག་དྲའི་ས་ཁོངས་དབར་གློག་མཁོ་འདོན་བྱེད་ནུས་མངོན་གསལ་དོད་པོས་ཆེ་རུ་སོང་བ་དང་གློག་དྲ་བདེ་འཇགས་དང་བརྟན་པོའི་ངང་འཁོར་སྐྱོད་བྱེད་པའི་ཆུ་ཚད་ཆེས་ཆེར་མཐོ་རུ་སོང་ཡོད།

    “གློག་ཤུགས་མཁའ་ལམ”གཉིས་པ་ཞེས་པའི་ཁྲོན་བོད་མཉམ་སྦྲེལ་གློག་དྲའི་ལས་གྲྭ་2014ལོར་དངོས་སུ་སྐྲུན་འགོ་ཚུགས་པ་དང་ཁྲོན་བོད་གློག་ཤུགས་མཉམ་སྦྲེལ་དྲ་བའི་ལས་གྲྭ་འཛུགས་སྐྲུན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་རྒྱལ་ཁབ་གློག་དྲ་ཀུང་སིའི་ཏུང་ཧྲི་ཀྲང་ལིའུ་ཀྲེན་ཡ་ཡིས་ཁྲོན་བོད་གློག་ཤུགས་མཉམ་སྦྲེལ་ལས་གྲྭ་བསྐྲུན་རྗེས་བོད་ལྗོངས་ཆབ་མདོ་དང་སི་ཁྲོན་དཀར་མཛེས་ལྷོ་རྒྱུད་བོད་རིགས་ས་ཁུལ་གྱི་གློག་དྲ་རྐྱང་མར་འཁོར་སྐྱོད་བྱེད་པའི་ལོ་རྒྱུས་མཇུག་འགྲིལ་བ་དང་ཁྲོན་བོད་ས་གནས་གཉིས་ཀྱི་བོད་རྒྱ་མང་ཚོགས་ཁྲི་145ལ་བདེ་འཇགས་དང་བརྟན་པོའི་གློག་དྲ་ཆེན་པོའི་གློག་ཤུགས་སྤྱོད་ཐུབ་པ་བྱུང་ཡོད།

    རང་ལྗོངས་ཀྱི་ནུས་ཁུངས་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པ་དང་ལྗོངས་ཡོངས་ཀྱི་ཆུ་ལོག་ལག་རྩལ་གྱིས་གཤོང་ཚད་ཆན་ཝ་དུང་ཕྱུར་1.4ཙམ་དང་འོད་ཤུགས་དང་རླུང་གློག་སོགས་ནུས་རྒྱུ་གསར་པ་ཆན་ཝ་དུང་ཕྱུར་5ཙམ་གསར་སྤེལ་བྱེད་ཐུབ་པ་དེ་ནི་རྒྱལ་ཁབ་ཀྱི“ནུབ་གློག་ཤར་སྐྱེལ”གྱི་རྒྱུན་མཐུད་རྟེན་གཞི་ཡིན་པ་དང་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་མ་གཏོང་བ་དང་རང་རྒྱལ་གྱི་ནུས་རྒྱུའི་གྲུབ་ཆ་བཟང་སྒྲིག་དང་ལེགས་སྒྲིག་ལ་སྐུལ་མ་གཏོང་ཆེད་རྒྱལ་ཁབ་གློག་དྲ་ཀུང་སིས་བོད་ཀྱི་ཆུ་གློག་དང་ཉི་འོད་ནུས་པ་སོགས་ནུས་ཁུངས་གསར་པ་གཞི་ཁྱོན་ཆེན་པོས་གསར་སྤེལ་དང་དེ་བཞིན་ཕྱིར་སྐྱེལ་ལ་ཞིབ་འཇུག་བྱེད་ཤུགས་ཆེ་རུ་གཏོང་བ་དང་གློག་ཁུངས་གསར་སྤེལ་དང་གློག་དྲའི་སྟེགས་བུ་སྐྲུན་པ་དང་དེ་བཞིན་ཕྱིར་སྐྱེལ་བགྲོད་ལམ་སོགས་ཕྱོགས་གང་ཅིའི་ཐད་འཆར་འགོད་སྤྱི་འདོམས་བྱེད་པ་དང་བོད་ཀྱི་གློག་དྲ་དེ་ཆེས་མཐོ་གནོན་གྱི་གློག་དྲ་གལ་ཆེ་ཞིག་ཏུ་འགྱུར་བ་བྱ་རྒྱུ་རེད།

    འཆར་འགོད་ལྟར་ན“ལོ་ལྔ་ཚན་བཅུ་གསུམ་པའི”རིང་བོད་དབུས་གློག་དྲས་ཆན་ཕུའུ500གློག་འདྲེན་གློག་སྐུད་བརྒྱུད་ཆབ་མདོའི་གློག་དྲ་དང་གོམ་སྟབས་གཅིག་མཚུངས་ངང་མཉམ་སྦྲེལ་ཐུབ་རྒྱུ་ཡིན་པ་དང་ཡར་ཀླུང་གཙང་པོའི་འབབ་རྒྱུད་ཀྱི་ཆུ་གློག་དང་དེ་བཞིན་བོད་དབུས་ཀྱི་འོད་ཤུགས་སོགས་ནུས་ཁུངས་གསར་པ་ཕྱིར་སྐྱེལ་གྱི་བགྲོད་ལམ་མཁོ་འདོན་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།