དབུ་ཤོག>གསར་འགྱུར།
  • རྨང་བརྟན་དམངས་ཕན་གྱི་བཅའ་སྡོད་དེ་ཡུན་རིང་ལ་རྣམ་པ་གསར་པ་ཞིག་ཡོང་བ་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ཀྲང་ཆི་ཡིས།   |     སྤེལ་དུས།  2015-06-17

    གྲོང་ཚོར་བཅའ་སྡོད་ལས་དོན་གཏིང་ཟབ་སྤེལ་བ་དེ་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་བོད་ཀྱི་བཅོས་སྐྱོང་མ་ལག་འཐུས་ཚང་དུ་བཏང་ནས་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་འགན་ལེན་དང་། བོད་ཡུན་རིང་བདེ་འཁོད་འགན་ལེན། བོད་འདི་ཉིད་2020ལོར་སླེབས་སྐབས་རྒྱལ་ཡོངས་དང་མཉམ་དུ་འབྱོང་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པ་བྱེད་པ་འགན་ལེན་བཅས་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་རེད། རིམ་ཁག་དང་སྡེ་ཚན་ཁག་གིས་གྲོང་ཚོར་བཅའ་སྡོད་ལས་དོན་གྱི་གལ་ཆེའི་རང་བཞིན་ལ་ངོས་འཛིན་སྔར་བས་གཏིང་ཟབ་བྱས་ནས་བསམ་བློ་གྲོང་ཚོར་བཅའ་སྡོད་ལས་དོན་སྐོར་གྱི་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་དང་བླང་བྱ་རབ་དང་རིམ་པའི་ཐོག་གཅིག་གྱུར་ཡོང་བ་བྱས་ཏེ་ཆབ་སྲིད་ཀྱི་འགན་ཁུར་བསམ་པ་དང་འགན་འཁྲིའི་བསམ་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། སྒྲིག་འཛུགས་དང་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ། ལས་དོན་ཏན་ཏིག་སྒྲུབ་པ། བོད་ཀྱི་སྒྱུར་འཕེལ་བརྟན་གསུམ་བཅས་ལས་དོན་ཁྲོད་ཀྱི་རྨང་གཞི་བརྟན་གཏོང་དང་དམངས་འཚོར་ཁེ་ཕན་སྐྲུན་པའི་གྲོང་ཚོར་བཅའ་སྡོད་ལས་དོན་གྱི་རྨང་གཞིའི་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་ནུས་པ་འདོན་སྤེལ་གང་ལེགས་བཅས་བྱས་ནས་གྲོང་ཚོར་བཅའ་སྡོད་ལས་དོན་དེ་བོད་ཀྱི་སྤུས་རྟགས་ཤིག་ཏུ་འགྱུར་བ་བྱེད་དགོས།

    ཏང་གི་དགོངས་དོན་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང“ལས་འགན་ལྔར”དམ་པོར་དམིགས་ཏེ་ལམ་སྲོལ་བཟོས་ནས་གཏིང་ཟབ་ཏུ་གཏོང་རྒྱུར་དམ་འཛིན་བྱེད་པ་དང་། བརྟན་ལྷིང་འགན་ལེན་བྱས་ནས་འཕེལ་རྒྱས་ལ་སྐུལ་མ་གཏོང་བ། རྨང་གཞི་བརྟན་དུ་བཏང་ནས་དམངས་འཚོར་ཁེ་ཕན་སྐྲུན་པ་བཅས་བྱས་ནས་ཤང་དང་གྲོང་ཚོའི་བཅོས་སྐྱོང་མ་ལག་འཐུས་ཚང་དང་བཅོས་སྐྱོང་ནུས་པ་གསར་འཕར་བྱུང་ཡོད་པ་དང་། གྲོང་ཚོ་རིམ་པའི་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་ཐེབས་པ། སྤྱི་ཚོགས་བརྟན་ལྷིང་དང་མི་རིགས་མཐུན་སྒྲིལ་ཐད་རྣམ་པ་གསར་པ་ཐོན་པ། ཏང་དང་མང་ཚོགས་དབར་དང་ལས་བྱེད་དང་མང་ཚོགས་དབར་གྱི་འབྲེལ་བ་ཟབ་ཏུ་གཏོང་བའི་ཐད་རྣམ་པ་གསར་པ་ཐོན་པ། ཞིང་འབྲོག་ཁུལ་གྱི་སྒྱུར་བཅོས་དང་འཕེལ་རྒྱས་ལ་ཕན་འབྲས་གསར་པ་ཐོབ་པ། ཞིང་འབྲོག་པའི་འཚོ་བའི་ཆུ་ཚད་སྔར་བས་ལེགས་སུ་ཕྱིན་པ་བཅས་བྱེད་དགོས།

    སློབ་གསོ་ལག་ལེན་བྱེད་སྒོའི་ཁྲོད་ཀྱི་གྲུབ་འབྲས་ཐོབ་པའི་བྱེད་སྟངས་དེ་དག་ལམ་ལུགས་ཅན་དུ་འགྱུར་བ་བྱས་ནས་གྲུབ་འབྲས་ཤིག་སྲ་བརྟན་དུ་གཏོང་བའི་དམིགས་ཚད་མངོན་འགྱུར་ཐུབ་པ་བྱེད་དགོས། བཅའ་སྡོད་བྱ་ཡུལ་གྲོང་ཚོའི(ཡུལ་ལྷན)སློབ་གསོ་ལག་ལེན་བྱེད་སྒོའི་དག་ཐེར་བྱེད་ཚུལ་ལ་གྲལ་བཤེར་ནན་ཏན་བྱེད་པ་དང་ཁག་དབྱེ་དང་དག་ཐེར་གྱི་ལས་འགན་སྔར་བས་ཞིབ་ཕྲ་བཟོས་ནས་བཟོས་ཟིན་པའི་དག་ཐེར་དོན་ཚན་དང་མང་ཚོགས་ལ་ཁས་ལེན་བྱས་པ་རྩིས་ཐོ་བཟོ་བ་དང་ཕན་འབྲས་བདའ་འདེད་བྱས་ཏེ་དོན་ཚན་གཅིག་ཐག་གཅོད་ཐུབ་ཚེ་དེའི་ཐོ་སུབ་སྟེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་མང་ཚོགས་ཀྱི་ཡིད་ཆེས་ཐོབ་པ་བྱེད་དགོས།

    གྲོང་ཚོར་བཅའ་སྡོད་རྨང་བརྟན་དམངས་ཕན་གྱི་ལས་ཀའི་ཕུགས་ཕན་ལམ་སྲོལ་བཟོས་ཏེ་གཙོ་གནད་ཐོག་ལས་དོན་ཁག་དྲུག་ལ་དམ་འཛིན་ཡག་པོ་བྱེད་དགོས་པ་སྟེ། གཅིག་ནས་གྲོང་ཚོའི“ཨུ་ལྷན་གཉིས”ཚན་ཁག་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱས་ནས་གྲོང་ཚོའི“ཨུ་ལྷན་གཉིས”ཚན་ཁག་འགའི་ནུས་མེད་ཟབ་ཟོབ་ཀྱི་གནད་དོན་ཐག་གཅོད་ཏན་ཏིག་བྱེད་པ་དང་། གཉིས་ནས་གྲོང་ཚོར་བཅའ་སྡོད་ལས་དོན་གྱི་ངེས་གནས་སྔར་བས་གསལ་པོ་བཟོ་བ་དང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་དང་གྲོང་ཚོའི“ཨུ་ལྷན་གཉིས”ཚན་ཁག་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པ། གསུམ་ནས་གཞི་རིམ་གྱི་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་མ་ལག་སྔར་བས་འཐུས་ཚང་དུ་གཏོང་བ་དང་ལྗོངས་ཡོངས་ཀྱི་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡོང་བའི་རྨང་གཞི་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་བ། བཞི་ནས་བྱ་ཐབས་ནུས་ལྡན་སྤྱད་དེ་གྲོང་ཚོར་བཅའ་སྡོད་ལས་དོན་དོ་སྙོམས་མེད་པའི་གནད་དོན་ཏན་ཏིག་ངང་ཐག་གཅོད་ཡག་པོ་བྱེད་པ། ལྔ་ནས་མ་དངུལ་གཏོང་ཉུང་ལ་དུས་ཡུན་ཐུང་བ་དང་ཕན་འབྲས་ཐོན་མྱུར་བའི་རྣམ་གྲངས་ཚན་རིག་དང་མཐུན་པའི་ངང་འཆར་འགོད་དང་། རིགས་པས་ཁུངས་སྐྱེལ། ལག་བསྟར་བཅས་ཡག་པོ་བྱས་ནས་ཕན་འབྲས་འདོན་སྤེལ་ཐུབ་རྒྱུའི་འགན་ལེན་བྱེད་པ། དྲུག་ནས་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་ཀུན་སྤྱོད་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་དཔྱད་ཞིབ་ཀྱི་བྱ་དགའ་ཆད་གཅོད་དང་སྐུལ་གཏོང་ལམ་སྲོལ་བཟོ་བ་དང་འཐུས་ཚང་དུ་བཏང་ནས་བྱས་རྗེས་མི་འཇོག་པ་དང་བྱས་རྗེས་ཡག་པོ་མ་བཞག་པས་མང་ཚོགས་ཁྲོད་ཤུགས་རྐྱེན་མི་ལེགས་པ་ཐོན་ཚེ་ཐག་གཅོད་ནན་པོ་བཅས་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།