དབུ་ཤོག>གསར་འགྱུར།
  • བོད་ཀྱི་ཡིད་རྟོན་བསྡུ་རུབ་མ་ལག་གིས་བརྒྱ་ཆ་བཞི་བཅུ་ཙམ་གྱི་མི་སྣའི་ཡིད་རྟོན་ཆ་འཕྲིན་ཕབ་འཇུག་ཟིན་པ།

  • ཡོང་ཁུངས།  ​ ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2015-06-17

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་6ཚེས་14ཉིན་གློག་འཕྲིན་འབྱོར་གསལ། རང་རྒྱལ་གྱི་སྤྱི་ཚོགས་ཡིད་རྟོན་མ་ལག་འཛུགས་སྐྱོང་གི་གོམ་སྟབས་མགྱོགས་སུ་ཕྱིན་པ་དང་བསྟུན། བོད་ལྗོངས་སྤྱི་ཚོགས་ཀྱི་ཡིད་རྟོན་མ་ལག་ལའང་གོ་རིམ་ལྡན་པའི་ངང་སྐུལ་སྤེལ་གཏོང་བཞིན་ཡོད་པ་དང་། ལྷག་དོན་དུ་བོད་ལྗོངས་མངའ་ཁོངས་སུ་དངུལ་རྩ་སྒྲིག་གཞིའི་ཡིད་རྟོན་བསྡུ་རུབ་མ་ལག་ལས་དོན་ལ་ཕན་འབྲས་ཐོན་ཡོད། ད་ལོའི་ཟླ་4པའི་ཟླ་མཇུག་བར་ཀྲུང་གོ་མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་གི་མི་སྒེར་ཡིད་རྟོན་བསྡུ་རུབ་མ་ལག་གིས་བོད་ལྗོངས་མངའ་ཁོངས་ཀྱི་མི་ཁྲི་123.3གྱི་ཡིད་རྟོན་ཆ་འཕྲིན་ཕབ་འཇུག་ཟིན་པ་དེས་བོད་ལྗོངས་ཀྱི་སྤྱིའི་མི་འབོར་གྱི་བརྒྱ་ཆ་བཞི་བཅུ་ཟིན་པའི་ནང་མི་སྒེར་གྱི་ཡིད་རྟོན་བསྡུ་རུབ་མ་ལག་ཏུ་རིམ་རྩིས་བྱས་ན་རྩད་བཤེར་ཐེངས་ཁྲི་12.1ལྷག་བྱས་ཡོད་པ་རེད།

    ཟླ་6ཚེས་14ཉིན་ནི་རྒྱལ་ཡོངས་ཀྱི“ཡིད་རྟོན་ཟིན་འགོད་གཅེས་སྐྱོང་ཉིན་མོ”ཐེངས་8པ་ཡིན་པས་ཀྲུང་གོ་མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་གིས་ཉིན་དེར་བོད་ལྗོངས་མངའ་ཁོངས་ཀྱི་དངུལ་རྩའི་སྒྲིག་གཞིའི་སྒྲིག་འཛུགས་བྱས་ཏེ་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་མ་ཟད། ལས་གཉེར་དྲ་གནས་སུ་བརྡ་ཁྱབ་སྦྱར་བ་དང་དྲིལ་བསྒྲགས་ཤོག་བྱང་ཡང་བཀྲམ་པས་ཁེ་ལས་དང་བྱ་གཞག་ཚན་པ་མང་པོ་དང་དཔལ་འབྱོར་རྩ་འཛུགས་གཞན་དག་དང་གྲོང་མི་བློ་འདྲི་བྱེད་དུ་ཡོང་བ་རེད།

    ཀྲུང་གོ་མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་གི་ཧང་ཀྲང་གཞོན་པ་ཀྲང་ཝེས་ངོ་སྤྲོད་བྱས་པ་ལྟར་ན། 2015ལོའི་ཟླ་4པའི་ཟླ་མཇུག་བར་ཁེ་ལས་ཡིད་རྟོན་བསྡུ་རུབ་མ་ལག་གིས་བོད་ལྗོངས་ཁེ་ལས་བྱ་གཞག་ཚན་པ་དང་དེ་བཞིན་དཔལ་འབྱོར་རྩ་འཛུགས་7654ཡི་ཆ་འཕྲིན་ཕབ་འཇུག་བྱས་པ་དང་། ཁེ་ལས་ཡིད་རྟོན་བསྡུ་རུབ་མ་ལག་ལ་རིམ་རྩིས་བྱས་ན། རྩད་བཤེར་ཐེངས་2454བྱས་པ་དང་ཟླ་རེར་ཆ་སྙོམས་རྩད་བཤེར་བྱེད་ཚད་600ལྷག་ཟིན་པ། མི་སྒེར་གྱི་ཡིད་རྟོན་བསྡུ་རུབ་མ་ལག་ཏུ་ཁྱོན་རང་བྱུང་མི་ཁྲི་123.3གྱི་ཆ་འཕྲིན་ཕབ་འཇུག་བྱས་པ་དང་། མི་སྒེར་གྱི་ཡིད་རྟོན་བསྡུ་རུབ་མ་ལག་ལ་རིམ་རྩིས་བྱས་ན། རྩད་བཤེར་ཐེངས་ཁྲི་12.1ལྷག་བྱས་པ། ཆ་སྙོམས་ཟླ་རེའི་རྩད་བཤེར་བྱེད་ཚད་ཁྲི་3ལྷག་ཟིན་པ་བཅས་རེད།

    2004ལོ་ནས་བཟུང་རྒྱལ་ཡོངས་ཀྱི་གཅིག་སྡུད་གཅིག་གྱུར་གྱི་ཡིད་རྟོན་བསྡུ་རུབ་མ་ལག་བསྐྲུན་འགོ་བཙུགས་ཏེ་ཡིད་རྟོན་ཕབ་འཇུག་དེ་རིམ་གྱིས་མི་སེར་གྱི་འཚོ་བའི་ནང་ཁྱབ་ནས་དོ་ཁུར་སྔར་ལས་ཆེ་བ་བྱེད་བཞིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།