དབུ་ཤོག>གསར་འགྱུར།
  • ཁྱད་ལྡན་ཐོན་ལས་ལ་བརྟེན་ནས་འབབ་འཕར་ཡོང་བ་བྱས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-06-17

    ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་རྫོང་གནས་ཆུང་གྲོང་རྡལ་སྒང་བདེ་གླིང་གྲོང་ཚོའི་སྔོ་ཚལ་རྟེན་གཞིར་སྔོ་ཚལ་དྲོད་ཁང་དྲུག་ཡོད་པའི་ཚེ་རིང་གིས“སྔོ་ཚལ་གྱི་སྣ་ཁ་ཕུན་སུམ་ཚོགས་པར་བརྟེན་གྲོང་ཁྱེར་ནང་གི་མི་མང་པོ་ཞིག་གཟའ་མཇུག་ཏུ་དེར་སྔོ་ཚལ་སོས་པ་ཉོ་བར་ཡོང་གི་འདུག འདི་ལོའི་ཡོང་འབབ་ན་ནིང་ལས་མང་བ་ཡོང་ངེས་ཡིན”ཞེས་འཛུམ་ དམུལ་དམུལ་ངང་བཤད།

    2010ལོར་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་ཐོག་ས་མཐོའི་ཁྱད་ལྡན་ཞིང་ལས་ཐོན་རྫས་རྟེན་གཞི་གལ་ཆེན་སྐྲུན་པ་དང་བོད་ཀྱི“སྲུང་ཡོལ་གཉིས་དང་གནས་བཞིའི”འཐབ་ཇུས་ཀྱི་གནས་བབ་གལ་ཆེན་སྐྲུན་དགོས་ལུགས་བཏོན་པར་བརྟེན་བོད་ཀྱི་ཞིང་འབྲོག་ལས་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་འགྲོ་རྒྱུར་ལོ་རྒྱུས་ཀྱི་གོ་སྐབས་གསར་པ་འཕྲད་ཡོད།

    ལོ་ལྔའི་རིང“ས་མཐོའི་ཁྱད་ལྡན་ཞིང་ལས་ཐོན་རྫས་རྟེན་གཞི་གལ་ཆེན”སྐྲུན་རྒྱུའི་འཐབ་ཇུས་དེར་དམིགས་ཏེ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བོད་ཀྱི་ས་མཐོའི་ཁྱད་ལྡན་ཞིང་ལས་ཐོན་རྫས་རྟེན་གཞི་སྐྲུན་རྒྱུར་སྐུལ་འདེད་ཏན་ཏིག་བཏང་བ་དང་འབྲེལ་བོད་ཀྱི་ཁྱད་ལྡན་འདེབས་འཛུགས་ཐོན་ལས་དང་ཁྱད་ལྡན་གསོ་ཚགས་ལས་རིགས་གཞི་ཁྱོན་ཅན་དང་ཐོན་ལས་ཅན་དུ་སྒྱུར་རྒྱུར་སྐུལ་འདེད་བཏང་བར་བརྟེན་ཁྱད་ལྡན་ཐོན་ལས་ཀྱི་སྦྲེལ་ཐག་ཅིག་རིམ་གྱིས་ཆགས་ཡོད་པ་རེད།

    སྲིད་ཇུས་ཀྱི་མཉམ་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ།

    རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཁྱད་ལྡན་ཞིང་འབྲོག་ལས་ཐོན་ལས་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱས་ཤིང་། 2003ལོར་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས《བོད་རང་སྐྱོང་ལྗོངས་ཀྱི་ཞིང་འབྲོག་ལས་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་འཆར་འགོད》གཏན་འཁེལ་བྱས་ནས“ལེགས་ཆའི་ས་ཁོངས་དང་། ལེགས་ཆའི་ཐོན་ལས། ལེགས་ཆའི་ཐོན་ཁུངས། སྔོན་ལ་འཕེལ་རྒྱས་གཏོང་བ”བཅས་ཀྱི་གཞི་རྩའི་བསམ་ཕྱོགས་དང“ས་ཁོངས་གཅིག་སྡུད་དང་། གཞི་ཁྱོན་ཆེ་རུ་གཏོང་བ། སྤུས་ཚད་ལེགས་སུ་གཏོང་བ། ཕན་འབྲས་ཆེ་རུ་གཏོང་བ”བཅས་ཀྱི་སྤྱིའི་བླང་བྱ་བཏོན་པ་དང་འབྲེལ་2004ལོར་དངོས་སུ་ལག་བསྟར་བྱེད་འགོ་ཚུགས་ཡོད་པ་རེད།

    2004ལོ་ཚུན་དུ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཡང་དག་པའི་འགོ་ཁྲིད་འོག་རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྲིད་ཇུས་དང་མ་དངུལ་གྱི་ཐོག་ནས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་32.58བཏང་བ་དེའི་ནང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐད་མ་དངུལ་སྒོར་དུང་ཕྱུར་10.63དང་། ནོར་སྲིད་ཀྱིས་ཐོན་ལས་རྟེན་གཞིར་མ་དངུལ་སྒོར་དུང་ཕྱུར་12.35སྣེ་འདྲེན་ཁེ་ལས་དང་ཞིང་འབྲོག་ལས་ཐོན་ལས་ཅན་གཉེར་སྐྱོང་གི་ཁེ་ལས་ལ་མ་དངུལ་སྒོར་དུང་ཕྱུར་5.43བཏང་། ཞིང་འབྲོག་ལས་འཕེལ་རྒྱས་ཀྱི་ཚན་རྩལ་ཐད་མ་དངུལ་སྒོར་དུང་ཕྱུར་4.17བཅས་བཏང་ནས། ཞིང་འབྲོག་ལས་ཀྱི་ཁྱད་ལྡན་ཐོན་ལས་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ་ལྗོངས་ཡོངས་སུ་ཁྱད་ལྡན་ཐོན་ལས་ཀྱི་ཐོན་སྐྱེད་རྟེན་གཞི་204དང་ཞིང་འབྲོག་ལས་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་གྱི་རྟེན་གཞི་10བསྐྲུན་པ། ནས་ལས་སྣོན་ཞིབ་ཚགས་ཀྱི་ཐོན་རྫས་དང་། ཁུལ་ལྡན་རའི་ཐོན་རྫས། འབྲིའི་འོ་མའི་ཐོན་རྫས་སོགས་32གསར་སྤེལ་བཅས་བྱས་པར་བརྟེན་ནས་དང་། འབྲི་གཡག བོད་ལུག ཁུལ་ལྡན་ར། བཞོན་མ། སྔོ་ཚལ(ཤ་མོ)བོད་ཕག བོད་བྱ། སྨན་རྒྱུ(ནགས་ཁྲོད་དཔལ་འབྱོར)ཤིང་འབྲས་བཅས་ཐོན་ལས་ཆེན་པོ་བཅུ་རགས་ཙམ་ཆགས་ཡོད་པ་རེད།

    ཐོན་ལས་ཀྱི་ཁྱབ་ཚུལ་བཟང་སྒྲིག་བྱུང་བ།

    ནས་ཐོན་ཁུལ་གཙོ་བོ། ལྷ་ས་གྲོང་ཁྱེར་གྱི་ལྷུན་གྲུབ་དང་། མལ་གྲོ་གུང་དཀར། ཆུ་ཤུར་བཅས་རྫོང་3དང་། གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་དང་། པ་སྣམ། རྒྱལ་རྩེ། ལྷ་རྩེ། ས་སྐྱ་བཅས་རྫོང(ཆུས)5 ཆབ་མདོ་གྲོང་ཁྱེར་གྱི་སྨར་ཁམས་དང་། ལྷོ་རོང་། སྟེང་ཆེན་བཅས་རྫོང་3 ལྷོ་ཁ་ས་ཁུལ་གྱི་གོང་དཀར་དང་། གྲ་ནང་། ལྷུན་རྩེ། སྣེ་གདོང་བཅས་རྫོང་4བཅས་ཁྱོན་རྫོང་15(ཆུས)ཡོད་པ་རེད།

    འབྲི་གཡག་ཐོན་ཁུལ་གཙོ་བོ། ལྷ་ས་གྲོང་ཁྱེར་གྱི་འདམ་གཞུང་དང་ལྷུན་གྲུབ་རྫོང་2དང་། གཞིས་རྩེ་གྲོང་ཁྱེར་གྱི་གྲོ་མོ་རྫོང་། ཆབ་མདོ་གྲོང་ཁྱེར་གྱི་རི་བོ་ཆེ་དང་། འཇོ་མདའ། སྟེང་ཆེན། ཁ་རུབ་ཆུས། གོ་འཇོ་བཅས་རྫོང(ཆུས)5 ནག་ཆུ་ས་ཁུལ་གྱི་ནག་ཆུ་དང་། ཨ་མདོ། སྦྲ་ཆེན། སྙན་རོང་། ལྷ་རི་བཅས་རྫོང་5བཅས་ཁྱོན་རྫོང(ཆུས)13ཡོད་པ་རེད།

    བོད་ཕག་ཐོན་ཁུལ་གཙོ་བོ། ཉིང་ཁྲིའི་ཀོང་པོ་རྒྱ་མདའ་དང་། ཉིང་ཁྲི སྨན་གླིང་། སྤོ་བོ་བཅས་རྫོང་4ཡོད་པ་རེད།

    འདི་ནི་བོད་ཀྱི་ས་མཐོའི་ཁྱད་ལྡན་ཞིང་ལས་ཐོན་རྫས་རྟེན་གཞིའི་ཐོན་ལས་ཆེ་གྲས་བཅུའི་ཁྱབ་ཚུལ་ཡིན། དེ་ཐོག་ནས“སྙན་གྲགས་དང་། སྤུས་ལེགས། ཁྱད་ལྡན། ངོ་མཚར། སོས་པ”སོགས་ཀྱི་ས་མཐོའི་ཁྱད་ཆོས་ལྡན་པའི་ཞིང་ལས་ཐོན་རྫས་ཀྱི་ཁྱབ་ཚུལ་མཐོང་ཐུབ་པ་མ་ཟད། ཐོན་ལས་ཁྱབ་ཚུལ་རིམ་གྱིས་བཟང་སྒྲིག་བྱུང་བ་དང་ཐོན་སྐྱེད་ཀྱི་ཕྱོགས་བསྡུས་ནུས་པ་ཡང་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་ཡང་མཐོང་ཐུབ།

    མ་ལག་འཛུགས་སྐྱོང་ལ་རིམ་གྱིས་སྐུལ་མ་ཐེབས་པ།

    ལྗོངས་ཡོངས་ནས་བལྟས་ན། 2014ལོར་ལྗོངས་ཡོངས་ཀྱི་འབྲུ་རིགས་ཐོན་ཚད་ཏུན་ཁྲི་98.5ཟིན་པ་དེའི་ནང་ནས་ཀྱི་ཐོན་ཚད་ཏུན་ཁྲི་69ཟིན་ནས་ལོ་16བསྟུད་མར་ཏུན་90ཡན་གྱི་ཆུ་ཚད་དང་འབྲུ་རིགས་ཐོན་ཚད་ཏུན་100ཙམ་གྱི་དམིགས་ཚད་རྒྱུན་འཁྱོངས་ཐུབ་པར་བརྟེན་ལྗོངས་ཡོངས་ཀྱི་འབྲུ་རིགས་བདེ་འཇགས་དང་ལྷག་པར་དུ་ནས་ཀྱི་བདེ་འཇགས་འགན་ལེན་ཐུབ་པ་བྱུང་ཡོད།

    ཤ་ཚལ་སྒོང་གསུམ་གྱི་རྟེན་གཞིའི་འཛུགས་སྐྲུན་གྱི་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་སྔོ་ཚལ་གྱི་ཐོན་ཚད་སྔར་བས་མང་དུ་ཕྱིན་པར་བརྟེན་གྲོང་ཁྱེར་དང་གྲོང་རྡལ་གཙོ་བོར་སྔོ་ཚལ་མཁོ་སྤྲོད་བྱེད་ཚད་85%ཡན་ཟིན་ནས་མཁོ་སྤྲོད་བྱེད་ཚད་མངོན་གསལ་དོད་པོས་མང་དུ་ཕྱིན་ཡོད།

    ཤ་དང་འོ་མའི་ཐོན་ཚད་སྔོན་རྩིས་བྱས་ན་ཏུན་ཁྲི་32.6དང་ཏུན་ཁྲི་35.5སོ་སོར་ཟིན་ནས་ཁྲོམ་རར་མཁོ་སྤྲོད་བྱེད་ཚད་སྔར་བས་མང་དུ་ཕྱིན་པར་བརྟེན་ཚགས་ཤ་དང་ལུག་ཤ་མི་འདང་བའི་གནས་ཚུལ་གཞི་ལྷོད་དུ་ཕྱིན་ཡོད།

    ས་ཁུལ་དང་གྲོང་ཁྱེར་ཁག་གི་ཁྲོམ་ར་ནས་བལྟས་ན།

    ལྷོ་ཁས་གཙོ་གནད་དང་ཁྱད་ལྡན་དམ་འཛིན་དང་། རྟེན་གཞི་དང་ཁེ་ལས་བསྐྲུན་པ། ཚོང་རྟགས་དང་སྤུས་རྟགས་བཏོད་པ། ཐོན་རྫས་ཀྱི་སྙན་གྲགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་ཞིང་འབྲོག་ལས་ཀྱི་ཐོན་ལས་དང་། སྤུས་རྟགས། ཚོང་རྟགས་བཅས“སྐུལ་འདེད་གསུམ”གྱི་ལས་དོན་གཙོ་གནད་ཐོག་ལག་བསྟར་དང་། གཉེར་སྐྱོང་བྱེད་ཐབས་གསར་གཏོད། འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་སུ་གཏོང་བ་བཅས་བྱས་པར་བརྟེན་ཞིང་འབྲོག་ལས་གཉེར་སྐྱོང་གི་གཙོ་གཟུགས་གསར་པ་ཞིག་སྐྱེད་སྲིང་ཐུབ་ཡོད།

    ཆབ་མདོས“ལེགས་ཆའི་ས་ཁོངས་དང་། ལེགས་ཆའི་ཐོན་ལས། ལེགས་ཆའི་ཐོན་ཁུངས། སྔོན་ལ་འཕེལ་རྒྱས་གཏོང་བ”བཅས་དང“ས་ཁོངས་གཅིག་སྡུད་དང་། གཞི་ཁྱོན་ཆེ་རུ་གཏོང་བ། སྤུས་ཚད་མཐོ་རུ་གཏོང་བ། ཕན་འབྲས་མཐོ་རུ་གཏོང་བ”བཅས་ཀྱི་འཕེལ་རྒྱས་ཀྱི་བསམ་ཕྱོགས་ལ་གཞིགས་ནས་སྨར་ཁམས་ཀྱི་རྒུན་འབྲུམ་ཨ་རག་དང་དཔའ་ཤོད་ཀྱི་བྲ་བོའི་ཇ་སོགས་ལེགས་ཆའི་ལས་སྣོན་ཐོན་ལས་ཆེ་གྲས་ལྔ་སྟོབས་ཆེར་གཏོང་རྒྱུ་དང་ཤིང་འབྲས་སྐམ་པོའི་ཐོན་ལས་སྦྲེལ་ཐག་དང་ཁྱད་ལྡན་ནགས་ཁྲོད་ཐོན་ཁུངས་ལས་སྣོན་ཕྱིར་གཏོང་ཐོན་ལས་སྦྲེལ་ཐག་སོགས་ཁྱད་ལྡན་ཐོན་ལས་སྦྲེལ་ཐག་ཆེ་གྲས་བཞི་སྐྱེད་སྲིང་བྱ་རྒྱུ་གཏན་འཁེལ་བྱས་ནས་རྒུན་འབྲུམ་དང་། བྲ་བོ། སྤུས་ལེགས་ནས་སོགས་འདེབས་འཛུགས་དང་གསོ་ཚགས་རྟེན་གཞི་ཆེ་གྲས་བརྒྱད་བསྐྲུན་ཡོད་པ་རེད།

    ཞིང་འབྲོག་ལས་ཀྱི་ཁྱད་ལྡན་ཐོན་ལས་བསྐྲུན་པ་དང་འཕེལ་རྒྱས་བཏང་བར་བརྟེན་ཞིང་འབྲོག་ལས་ཁྱད་ལྡན་ཐོན་ལས་ཀྱི་མ་ལག་འཛུགས་རྒྱུར་སྐུལ་མ་ཐེབས་ཡོད།

    མང་ཚོགས་ཀྱི་ཡོང་འབབ་བརྟན་པོའི་ངང་འཕར་བ།

    “ཀུང་སི་བཙུགས་རྗེས་ས་གནས་དེ་གའི་མང་ཚོགས་18ལས་ཞུགས་ཐུབ་ནས་ཟླ་རེར་ཡོང་འབབ་སྒོར་3000ཡན་ཡོང་གི་ཡོད། ད་ཆ་ཀུང་སི་འཕེལ་རྒྱས་དེ་ལྟར་བྱུང་བ་དེ་ས་གནས་དེ་གའི་སྲིད་གཞུང་གི་རྒྱབ་སྐྱོར་ཤུགས་ཆེན་བྱས་པ་དང་ཁ་བྲལ་ཐབས་མེད”ཅེས་ལྷོ་ཁ་ས་ཁུལ་ལྷུན་རྩེ་རྫོང་བྱ་ཡུལ་ཞིང་ལས་ཐོན་རྫས་འཕེལ་རྒྱས་ཚད་ཡོད་ཀུང་སིའི་འགན་ཁུར་མི་སྣས་གསར་འགོད་པར་བཤད་བྱུང་།

    ཞིང་འབྲོག་པའི་དཔལ་འབྱོར་ཡོང་འབབ་བརྟན་པོའི་ངང་འཕར་བ་དེ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚད་མཐོའི་མཐོང་ཆེན་གནང་བ་ལས་བྱུང་བ་ཞིག་ཡིན་ལ་ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱི་རྒྱབ་སྐྱོར་དང་ཁ་འབྲལ་ཐབས་མེད།

    བསྡོམས་རྩིས་རགས་ཙམ་བྱས་པར་གཞིགས་ན། 2014ལོར་ལྗོངས་ཡོངས་ཀྱི་ཞིང་འབྲོག་ལས་ཀྱི་ཁྱད་ལྡན་ཐོན་ལས་ཁྲོད་ནས་མང་ཚོགས་ལ་འབབ་འཕར་སྒོར་དུང་ཕྱུར་13.15བྱུང་སྟེ་མང་ཚོགས་ཁྲི་175.6ལ་ཕན་པ་ཐོབ་པ་དང་། དུད་ཚང་རེར་ཆ་སྙོམས་འབབ་འཕར་སྒོར་3305བྱུང་བ། མི་རེར་ཆ་སྙོམས་འབབ་འཕར་སྒོར་748བྱུང་བ། ལོ་རེར་ཆ་སྙོམས་འཕར་ཚད་24.5%ཟིན་པ་བཅས་ལྗོངས་ཡོངས་ཀྱི་ཞིང་འབྲོག་མང་ཚོགས་ལ་འབབ་འཕར་ཡོང་རྒྱུར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད།

    ཞིང་འབྲོག་ལས་ཀྱི་ཁྱད་ལྡན་ཐོན་ལས་བསྐྲུན་པ་བརྒྱུད་ཞིང་འབྲོག་མང་ཚོགས་ཀྱི་ཆེད་ལས་མཉམ་ལས་དཔལ་འབྱོར་རྒྱུན་ཆད་མེད་པར་སྟོབས་ཆེར་ཕྱིན་པ་དང་། སྣེ་ཁྲིད་དཔེ་སྟོན་གྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ། གཞི་ཁྱོན་གཉེར་སྐྱོང་དང་། མངགས་ཉོའི་གཉེར་སྐྱོང་། ཆེད་ལས་གཉེར་སྐྱོང་། གཅིག་གྱུར་གཉེར་སྐྱོང་སོགས་ཀྱི་འདུ་ཤེས་གསར་པ་མི་སེམས་ལ་ཟུག་པ་བཅས་བྱུང་ནས་ཞིང་འབྲོག་ལས་ཐོན་ལས་ཅན་གཉེར་སྐྱོང་དང་། ཞིང་འབྲོག་མང་ཚོགས་ཀྱི་ཆེད་ལས་མཉམ་ལས་ཁང་། ཆེད་ལས་དུད་ཆེན། ཁྱིམ་ཚང་ཞིང་ར་སོགས་ཞིང་འབྲོག་ལས་གཉེར་སྐྱོང་གི་གཙོ་གཟུགས་གསར་པ་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་དང་འབྲེལ་ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་དང་ཞིང་འབྲོག་ལས་ཀྱི་དཔལ་འབྱོར་འཕར་རྒྱུའི་གཞི་རྟེན་གལ་ཆེན་དུ་གྱུར་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།